སི་ཁྲོན་གྱི་མཐོ་རྒྱུགས་རིགས་ཁག་གི་སྐར་མའི་ཚད་གཞི་ཐོན་འདུག

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-23


        སྤྱི་ཟླ་6པའི་ཚེས་22ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་སློབ་མ་བསྡུ་པའི་རྒྱུགས་ལེན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་་གྲོས་འཆམ་བྱུང་བ་ལྟར། རང་ཞིང་གི་2016ལོར་མཐོ་རྒྱུགས་རིགས་ཁག་གི་སྐར་མའི་ཚད་གཞི་གཤམ་གསལ་ལྟར།
གཅིག  སློབ་ཆེན་དཀྱུས་མའི་རིགས།
(གཅིག)དངོས་གཞི།
རིག་ཚན།  དངོས་གཞི་ཁག་དང་པོའི་སྐར་མ་537ཡིན་པ་དང་།   དངོས་གཞི་ཁག་གཉིས་པའི་སྐར་མ་470ཡིན།
རྩིས་ཚན། དངོས་གཞི་ཁག་དང་པོའི་སྐར་མ་511ཡིན་པ་དང་།  དངོས་གཞི་ཁག་གཉིས་པའི་སྐར་མ་436ཡིན།
(གཉིས། )མཐོ་རིམ་ལས་རིགས་སློབ་གྲྭ། (ཆེད་ལས་ཚན་ཁག)
རིག་ཚན་གྱི་སྐར་མ190ཡིན་པ་དང་། རྩིས་ཚན་གྱི་སྐར་མ་180ཡིན།

        བོད་ཡིག་དང་དབྱིས་ཡིག་བཅས་ཀྱི་རྣམ་པ་དང་པོའི་མཐོ་རྒྱུགས་སྐར་མའི་ཚད་གཞི་ནི་གཤམ་གསལ་ལྟར། 

1.དངོས་གཞི།

བོད་ཡིག་ཆེད་ལས།  རིག་ཚན ་གྱི་སྐར་མ་311ཡིན་པ་དང་། རྩིས་ཚན་གྱི་སྐར་མ་273ཡིན།
དབྱིས་ཡིག་ཆེད་ལས།  རིག་ཚན་གྱི་སྐར་མ་417ཡིན་པ་དང་། རྩིས་ཚན་གྱི་སྐར་མ་442ཡིན།
        ཐེངས་འདིའི་སྐར་མའི་ཚད་གཞི་ནི་སློབ་མའི་རྒྱུགས་སྐར་དངོས་གཞིར་བཟུང་ནས་ཐག་གཅོད་བྱས་པ་ཡིན་ཞིང་སློབ་མ་རྣམས་ཀྱི་རང་ཉིད་ཀྱི་རྒྱུགས་སྐར་གཞིར་བཟུང་ནས་སློབ་བསྡུར་རེ་ཞུ་བྱ་དགོས། 
2.བོད་ཡིག་དང་དབྱིས་ཡིག་གི་རྣམ་པ་དང་པོའི་ཆེད་སྦྱོང་ཚན་ཁག་དང་དངོས་གཞི་ཚན་ཁག་གིས་སྐར་མ་རང་ཞིང་གི་ཆེད་སྦྱོང་ཚན་ཁག་དང་དངོས་གཞི་ཚན་ཁག་ཀྱི་སྐར་མའི་ཚད་གཞི་ལས་སྐར་མ་100ཡི་དམན་ཡིན་མི་རུང་། བོད་ཡིག་དང་དབྱིས་ཡིག་གི་ཆེད་སྦྱོང་ཚན་ཁག་གི་སློབ་བསྡུའི་ལས་ཀ་ནི་དངོས་གཞི་སློབ་གྲྭས་སློབ་མ་བསྡུས་རྗེས་སློབ་བསྡུའི་འཆར་གཞི་དང་སློབ་མའི་རེ་འདོད། དེ་མིན་རྒྱུགས་སྐར་གཞིར་བཟུང་ནས་སློབ་བསྡུའི་འགོ་ཁྲིད་ཚན་ཆུང་གིས་རེ་རེ་བཞིན་རིག་དབྱེ་ཐག་གཅོད་བྱས་པ་རེད། 
3.བོད་ཡིག་དང་དབྱིས་ཡིག་གི་རྣམ་པ་དང་པོའི་སློབ་མས་སློབ་ཆེན་དཀྱུས་མའི་བོད་ཡིག་དང་དབྱིས་ཡིག་མ་ཡིན་པའི་ཆེད་ལས་གཞན་པར་རེ་ཞུ་བྱས་ཚེ་རང་ཞིང་གི་མིག་སྔར་ལག་བསྟར་བྱེད་བཞིན་པའི་སློབ་ཆེན་དཀྱུས་མའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་མ་རྣམས་ལ་གཅིག་གྱུར་སྒོས་གཏན་འབེབས་བྱེད་པའི་སྐར་སྣོན་སྲིད་ཇུས་མྱོང་ཐུབ་པ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་སློབ་ཆེན་དཀྱུས་མའི་སློབ་བསྡུ་སྐར་མའི་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་རེད།   སློབ་ཆེན་དཀྱུས་མའི་སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས་ལ་རེ་ཞུ་བྱས་ན་རང་ཞིང་གི་2017ལོའི་སློབ་ཆེན་དཀྱུས་མའི་སྒྱུ་རྩལ་དང་ལུས་རྩལ་ཆེད་ལས་རིགས་ཀྱི་འབྲེལ་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས་ལྟར་ལག་བསྟར་བྱ་རྒྱུ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1