མཚོ་བོད་མཐོ་སྒང་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་སྲོག་ཆགས་རེ་རེ་བཞིན་ཞིབ་བཤེར་བྱེད་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-27


        ཟླ་6ཚེས་23ཉིན། རང་རྒྱལ་གྱིས་མཚོ་བོད་མཐོ་སྒང་དུ་གཞི་རྒྱ་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་འགོ་བརྩམས་ཤིང་། ཐེངས་འདིའི་ཚན་རིག་རྟོག་ཞིབ་ཀྱི་གྲུབ་ཆ་གཅིག་ཡིན་པའི་ཀྲུང་གོའི་ཚན་རིག་ཁང་གི་ཞིབ་འཇུག་མི་སྣས་སྐྱེ་དངོས་དང་སྐྱེ་ཁམས་འགྱུར་ལྡོག་ལ་རྟོག་ཞིབ་བྱེད་པའི་གོ་རིམ་ཁྲོད། སྲོག་ཆགས་རྨིག་པ་ཅན་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཞིང་། དེ་ཡང་གཙོ་བོར་མཚོ་བོད་མཐོ་སྒང་གི་ས་ཁོངས་མི་འདྲ་བའི་གཙོད་དང་། དགོ་བ། རྐྱང་བཅས་ཀྱི་ཁྱབ་ཚུལ་དང་རིགས་ཁྱུའི་གྲངས་འབོར་བསྡོམས་རྩིས་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1