སེར་ཤུལ་རྫོང་གིས་བོད་སྨན་སྨན་རྫས་ཞིབ་འཇུག་གསར་བཟོ་བྱེད་པའི་བསམ་དོན་གྲུབ་པ།

ྼྼརྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-27


        སེར་ཤུལ་རྫོང་གི་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་རྒྱུ་སྤུས་དག་པ་དང་། སྨན་བཅོས་ཀྱི་ཕན་འབྲས་མངོན་གསལ་ཡིན་པ། རིན་གོང་བདེ་བ། ཐོན་སྐྱེད་ཚད་མཐུན་ཡིན་པའི་བོད་སྨན་སྨན་རྫས་ཞིབ་འཇུག་གསར་བཟོ་དང་ཐོན་སྐྱེད་བྱེད་ཐུབ་པ་ནི་སེར་ཤུལ་རྫོང་བོད་སྨན་ཁང་གི་ལོ་མང་རིང་གི་བསམ་དོན་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར།  སེར་ཤུལ་རྫོང་གི་རྒྱ་ཆེ་བའི་བོད་སྨན་ལས་དོན་སྒྲུབ་མཁན་གྱི་འབད་བརྩོན་འོག  2017ལོའི་ཟླ་བ་3པར་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་བྱས་པར་བརྒྱུད། སེར་ཤུལ་རྫོང་བོད་སྨན་ཁང་གི་སྨན་རྫས་བཟོ་ཁང་ལ《སྨན་བཅོས་ལས་ཁུངས་ཀྱིས་སྨན་རྫས་བཟོ་ཆོག་པའི་ཆོག་འཐུས་ལག་ཁྱེར》ལོན་ནས་སེར་ཤུལ་རྫོང་བོད་སྨན་ཁང་གི་ལོ་མང་རིང་གི་བསམ་དོན་འགྲུབ་པ་རེད། 
        ཉེ་ཆར། སེར་ཤུལ་རྫོང་བོད་སྨན་ཁང་གིས་སྨན་ཁང་ཡོངས་ཀྱི་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་ཐོན་སྐྱེད་བྱེད་པའི་འབྲེལ་ཡོད་བླང་བྱ་ནན་པོ་ལྟར། བོད་སྨན་སྨན་རྫས་ཐོན་སྐྱེད་བྱེད་པ་དང་། བོད་སྨན་སྨན་རྫས་ཀྱི་སྣ་ཁ་ཡིག་ཐོག་སྙན་ཞུ་དང་ཞིབ་བཤེར་བྱ་རྒྱུ་དང་མ་དཔེ་སྤྲད་རྒྱུ་བཅས་ཀྱི་ལས་ཀ་སྒྲིག་འཛུགས་བྱེད་གང་ཐུབ་བྱས། སེར་ཤུལ་རྫོང་སྨན་ཁང་གིས་བོད་སྨན་སྨན་རྫས་སྣ་ཁ་265གྲ་སྒྲིག་བྱས་ཡོད། བོད་སྨན་སྨན་རྫས་སྣ་ཁ་148ཆོག་མཆན་ཞུ་སར་སྤྲད་རྒྱུའི་འཆར་གཞི་བཞག་པ་རེད།
        སེར་ཤུལ་རྫོང་གིས་ནུས་ཤུགས་གང་ཡོད་ཀྱིས་བོད་སྨན་ལས་དོན་འཕེལ་རྒྱས་བཏང་བ་དང་སྨན་ཁང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཁ་པའི་མི་རིགས་སྨན་ཁང་གསར་འཛུགས་བྱེད་པའི་གྲུབ་འབྲས་སྲ་བརྟན་བཏང་ཞིང་རིམ་གྲས་དང་པོའི་བོད་སྨན་སྨན་བཅོས་ཞབས་ཞུའི་ལས་ཀ་སྒྲུབ་གང་ཐུབ་བྱས་ནས། མཐོ་སྒང་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་སྨན་ཁང་ཞིག་གསར་སྐྲུན་བྱ་རྒྱུར་བརྩོན་ལེན་བྱ་རྒྱུ་དང་། བོད་སྨན་སྨན་རྫས་དངོས་སུ་ཐོན་སྐྱེད་བྱེད་འགོ་བཙུགས་ནས་སྔར་ལས་ལྷག་པར་རང་ཁུལ་གྱི་བོད་སྨན་སྨན་རྫས་ཀྱི་ལས་དོན་དང་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1