དཔལ་ཡུལ་རྫོང་།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་96འཁོར་བར་རྟེན་འབྲེལ་ཞུ་བ་དང་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གཏིང་ཟབ་མོས་སློབ་སྦྱོང་དྲིལ་བསྒྲགས་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཆེད་དུ། སྤྱི་ཟླ་6པའི་ཚེས་29ཉིན། དཔལ་ཡུལ་རྫོང་གིས་མེས་རྒྱལ་ལ་དགའ་བ་དང་ཏང་གི་བཀའ་དྲིན་དྲན་པ། ཁྲིམས་ལུགས་བརྩི་སྲུང་དང་འབྱོར་འབྲིང་ལ་སྐྱོད་པ་——བདུན་གཅིག་ལ་རྟེན་འབྲེལ་དང་ཚོགས་ཆེན་བཅུ་དགུ་བསུ་བ་ཞེས་པའི་རིག་རྩལ་འཁྲབ་སྟོན་སྤེལ་བ་རེད།
ལི་ཐང་རྫོང་།
སྤྱི་ཟླ་6པའི་ཚེས་30ཉིན། ལི་ཐང་རྫོང་གེ་སར་ཐང་ཆེན་དུ་ཏང་གི་བཀའ་དྲིན་དྲན་ནས་གསར་བརྗེའི་གླུ་དབྱངས་ལེན་པ་དང་ལི་ཐང་སེམས་ལ་བཅངས་ནས་རྫོང་གླུ་དབྱངས་སུ་གྱེར་བ་ཞེས་པའི་གླུ་གཞས་འགྲན་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་96འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།
དཀར་མཛེས་རྫོང་།
དཀར་མཛེས་རྫོང་གིས་ལས་དོན་ལེགས་པོར་སྒྲུབ་པའི་ཕུལ་བྱུང་མི་སྣ་བདམས་ནས། རྫོང་ཡོངས་ཀྱི་སྔོན་ཐོན་ཡིན་པའི་མིག་དཔེ་རུ་བདམས་པ་དང་སྤྱི་ཚོགས་ཡོངས་ཀྱིས་སྔོན་ཐོན་ལ་སློབ་པ་དང་སྔོན་ཐོན་ལ་སྐྱོད་པ། འཆམ་མཐུན་སྤྱི་ཚོགས་མཉམ་དུ་བསྐྲུན་པ་ཞེས་པའི་བྱེད་སྒོ་སྤེལ་ཏེ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད། །