མོའི་མིང་ལ་ཁྲིན་ཀྲི་ཞང་ཟེར། ད་ལོར་ལོ་ན་47ལ་སོན་ཡོད། དྲིན་ཤེས་ཤིང་ལས་ལ་བརྩོན་པ་ཞེས་པ་ནི་ཁྱིམ་མཚེས་དག་གིས་མོ་ལ་བསྔགས་པའི་མེ་ཏོག་གི་ཕྲེང་བ་ཡིན། མོ་ཚང་ཧ་ཅང་དབུལ་ཞིང་ཕོངས་ཀྱང་ལིས་རྫོང་ཕུའུ་ཆི་གྲོང་སྡེའི་གྲོང་དམངས་རྣམས་ཀྱིས་མོ་གླེང་སྐབས་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད།
ཁྲིན་ཀྲི་ཞང་མཐོང་དུས། མོས་ལོ་ན་73ལོན་པའི་ནད་པ་རྨོ་མོའི་རྐང་བར་ཕུར་མཉེད་བྱེད་བཞིན་འདུག
ལོ་ན་23ལོན་དུས་མོ་ནི་ཁྱིམ་ཚང་དེ་ལ་མནའ་མར་ཐོན་པ་ཡིན། ཉིན་རྒྱུན་འཚོ་བ་ལའང་ལྟ་རྟོག་བྱེད་དགོས་པའི་ཨ་ནེ་ནད་ཀྱིས་བཟུང་ཡོད་པས་དངུལ་བུན་མང་བོ་བླངས་ཡོད། སྤྱིར་ཁྱིམ་ཚང་འདིར་ཕྱུག་རྒྱུ་མེད་པས་དཀའ་ངལ་གྱི་འོབས་སུ་ལྷུང་ཞིང་། དབུལ་སྒྲོལ་ལམ་གྱི་བཀག་རྡོ་ཞིག་ཏུ་གྱུར། མོ་དང་ཁྱོ་གས་བྱམས་དང་བརྩོན་འགྲུས་ལ་བརྟེན་ནས་དབུལ་ཁྱིམ་འདི་བསྐྱངས་ཏེ་ཁང་ཁྱིམ་ཕྱི་ནང་ཀུན་ཏུ་དགའ་སྐྱིད་ཀྱིས་ཁེངས་འདུག
སྐབས་དེར། ང་དང་ཁྱོ་ག་ལོ་ན་གཞོན་པས་འཚོ་བ་ཇི་ལྟར་ཐབས་རྡུགས་ཀྱང་བཟའ་མི་ཚང་མ་ལྷན་དུ་འཛོམས་ན་དེ་འདྲའི་སྐྱིད་ཅིག་མེད་པར་འདོད་ཡོད་ཅེས་འདས་དོན་གླེང་སྐབས། ཁྲིན་ཀྲི་ཞང་ལ་དཀའ་སྣང་དང་སྡུག་སྣང་སྤུ་ཙམ་ཡང་མེད་པར། མོ་ལ་སྤོབས་པ་དང་ངར་ཤུགས་རྒྱས་འདུག
ལོ་ན་73ལོན་པའི་རྨོ་མོ་མལ་སར་ལྷུང་ནས་ལོ་དུ་མ་འགོར་ཡོད། ཨ་ནེ་ལ་ལྟ་རྟོག་བྱེད་དགོས། བུ་གཉིས་སློབ་གྲྭར་འགྲོ་དགོས། མོ་དང་ཁྱོ་གའི་ལོ་ཚོད་ཇེ་མཐོར་སོང་བ་དང་བསྟུན་ནས་དཀའ་ཚེགས་དེ་འདྲ་མང་བས་བསམ་པ་ཡོད་ཀྱང་ལུས་ཟུངས་ཀྱིས་མི་འདང་བའི་ཚོར་བ་སྐྱེ་བཞིན་མཆིས།
ཁྱིམ་ཚང་དེ་ལྟར་དཀའ་ཚེགས་ལ་འཕྲད་སྐབས། རྒྱལ་ཁབ་ཀྱི་དབུལ་སྐྱོར་གནད་འཁེལ་གྱི་སྲིད་ཇུས་ཐོན་ནས་དཀའ་གནད་བསལ་བ་རེད། ད་ལྟ། ཨ་ནེས་དབང་སྐྱོན་གསབ་དངུལ་ལེན་ཐུབ་པར་མ་ཟད། ཁྱོ་ག་ལའང་མ་མཐའི་འགན་ལེན་ཡོད། ད་དུང་སྤྱི་ཕན་རང་བཞིན་གྱི་གོ་གནས་ཀྱང་ཡོད། བུ་གཉིས་སློབ་གྲྭར་འགྲོ་ན་རོགས་དངུལ་ཡོད། ལབ་གླེང་ཁྲོད། དོན་བཟང་འདི་དག་ལ་ཁྲིན་ཀྲི་ཞང་ཡིད་སེམས་རབ་ཏུ་ཚིམས་ཡོད།
ཁྲིན་ཀྲི་ཞང་གིས་བཤད་པ་ལྟར་ན། སྔོན་ཆད་ས་ཞིང་དུ་མ་རྨོས་ལོ་ཏོག་བཏབ་ཀྱང་རིན་གོང་མི་བཟང་། དེང་སང་གླང་རྔ་དང་ཚོད་དཀར་བཏབ་ཡོད་པས་ཡོང་འབབ་ལ་སྒོར་ཁྲི་ཙམ་ཡོད་པ་རེད། ཁྱོ་གས་སྤྱི་ཕན་རང་བཞིན་གྱི་གོ་གནས་སྟེར་ཡོད་པས་ཟླ་ཕོགས་ཀྱང་ཡོད། དེ་མིན་གྲོང་སྡེའི་རྨང་གཞིའི་འཛུགས་སྐྲུན་ལ་ལས་གླ་བྱས་ཆོག
དེ་ལས་ཀྱང་དགའ་འོས་བ་ཞིག་ནི། ད་ལོར། སྲིད་གཞུང་གི་རོགས་འདེགས་འོག་ཞིང་མུའུ་འགའ་ལ་ལི་སོབ་དམར་ལྗང་བཙུགས་ཡོད། ས་ཞིང་དུ་ལོ་ལེགས་སྨིན་བཞིན་པའི་ལི་སོབ་དང་གླང་རྔ་དག་མཐོང་ན་དགའ་འོས་པ་ཞིག་རེད།