སྤྱི་ཟླ་7པའི་ཚེས་5ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་པའི་གནས་ཚུལ་ལྟར་ན། ཚེས་4ཉིན་གྱི་དགོང་མོའི་ཆུ་ཚོད་21ནས་ཕྱི་ཉིན་གྱི་ཆུ་ཚོད་3བར་དྲག་ཆར་རྒྱུད་ཆད་མེད་པར་བབས་ཏེ་སྡེ་དགེ་གྲོང་ཁྱེར་གྱི་ཆུ་བོ་ཆེ་འབྲིང་ཆུང་གསུམ་འབྲུབ་ནས་ཆུ་རགས་ལ་གཏོར་བརླག་དང་རྒྱལ་ལམ་317དུམ་བུ་ཆད་ནཔ་རེད། གནད་དོན་བྱུང་རྗེས། སྡེ་དགེ་རྫོང་གིས་མྱུར་དུ་ཆུ་འགོག་འཕྲལ་སྡོམ་གྱི་བྱེད་ཐབས་སྤེལ་ཞིང་། ལས་ཞུགས་མི་སྣ་500ལྷག་རྩ་འཛུགས་བྱས་ཏེ་ཉེན་འགོག་གེགས་སེལ་གྱི་ལས་དོན་བསྒྲུབས་པ་དང་། མང་ཚོགས་200ལྷག་གནས་སྤོ་བྱེད་དུ་བཅུག
མིག་སྔར། སྡེ་དགེ་རྫོང་གི་ཆུ་འགོག་འཕྲལ་སྡོམ་ལས་དོན་སྤེལ་བ་དང་གནོད་འཚེ་ཐེབས་པའི་གནས་ཚུལ་སྡོམ་རྩིས་བྱེད་བཞིན་ཡོད་ལ། མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་ཅི་ཡང་མི་འདུག