སྤྱི་ཟླ་7པའི་ཚེས་5ཉིན། རྔ་བ་ཁུལ་གྱི་དམངས་ཡོངས་ལུས་རྩལ་འགྲན་ཚོགས་ཧྲུའེ་མའོ་གྲོང་རྡལ་དུ་སྤེལ། ཁུལ་ཡོངས་ཀྱི་ལས་ཁུངས་51དང་མི་1100ལྷག་ཐེངས་འདིའི་ལུས་རྩལ་བྱེད་སྒོར་ཞུགས་པ་དང་། བྱེད་སྒོའི་ཁྲོད་ཁུལ་རིམ་པའི་ལས་ཁུངས་སོ་སོས་ལུས་རྩལ་ཚོགས་པ་38རྩ་འཛུགས་བྱས་ཡོད་ལ། མིག་སྔར་བྱེད་སྒོ་འདི་ནི་རྔ་བ་ཁུལ་གྱི་རྩ་འཛུགས་དང་མི་གྲངས་ཆེས་མང་པའི་བྱེད་སྒོ་ཞིག་ཡིན་པ་རེད།
ཤེས་རྟོགས་བྱུང་པར་ལྟར་ན། ཐེངས་འདིའི་བྱེད་སྒོ་དུས་ཡུན་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་པ་དང་ཉིན་གསུམ་གྱི་ནང་དུ་ཐག་འཐེན་དང་མཆོང་ཐག་སོགས་ཀྱི་ལུས་རྩལ་འགྲན་བསྡུར་ཁག་རེ་རེ་བཞིན་སྤེལ་རྒྱུ་རེད།།