༄༅།།དཀའ་ངལ་གང་འདྲ་བྱུང་ན་ད་གཟོད་ཁྲིམས་ལུགས་རོགས་སྐྱོར་ལ་རེ་བ་ཞུས་ཆོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-07


        རེ་འདུན་ཞུ་མཁན་གྱི་ཁྱིམ་ཚང་གི་འཚོ་བའི་ཡོང་སྒོ་ཡུལ་ཚོ་དེ་ལས་ཆེས་དམའ་བ། ཤང་གི་མ་མཐའི་འཚོ་བའི་འགན་ལེན་གྱི་ལྡབ་གཉིས་ཡིན་པ། དབང་བོ་སྐྱོན་ཅན་དང་ཕྱི་འོང་ལས་ཀ་བར་རོགས་སྐྱོར་བྱེད་པ། སྤྱི་དམངས་ཀྱི་རེ་འདུན་ནི་ཁྲིམས་ལུགས་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་འདུ་བས། གཤམ་གྱི་ཆ་རྐྱེན་དང་མཐུན་ཚེ་ཁྲིམས་ལུགས་ཀྱི་རོགས་སྐྱོར་ཐོབ་ཐུབ། 
1.དམངས་སྲིད་སྡེ་ཁག་གིས་བྱིན་པའི《གྲོང་ཤང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་ལེན》《ཞིང་བའི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་ལེན》 《ལྔ་སྐྱོང་སྲོལ་ཡིག》གི་དཔང་ཡིག 
2.རྒན་གསོ་ཁང་དང་དྭ་ཕྲུག་ཁང་དུ་ཡོད་པའི་བདེན་དཔང་ཡི་གེ  
3.ཞོར་ལས་པས་རེ་བ་ཞུས་པའི་གླ་ཕོགས་དང་སྨན་རིན་སོགས། 
4.སྤོབས་པ་ཆེན་པོས་གཞན་ལ་རོགས་བྱས་ཏེ་ཐོབ་པའི་བྱ་དགའ། 
5.མི་དམངས་ཁྲིམས་ཁང་གིས་ཐག་བཅད་པའི་ཁྲིམས་འཛིན་རོགས་སྐྱོར་བཅས་སོ། ། 
        གོང་གི་དཀའ་ངལ་དེ་དག་ཡོད་པའི་སྤྱི་དམངས་ཀྱིས་གོང་རིམ་ལ་རེ་ཞུ་བྱས་ན་ཁྲིམས་ལུགས་རོགས་སྐྱོར་འཐོབ་སྲིད། 
(མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1