འཆམ་ནི་བོད་བརྒྱུད་ནང་བསྟན་དགོན་པའི་གཟབ་རྒྱས་ཆེས་ཆེ་བའི་བྱེད་སྒོ་ཞིག་ཡིན་ཞིང་། དེ་ནི་དགེ་འདུན་པས་འཁྲབ་སྟོན་བྱེད་པ་རེད།
གླང་རུ་དགོན་པ་ནི་ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་གི་གླང་རུ་གྲོང་ཚོར་ཡོད་ཅིང་། དེ་གར་རྒྱ་མཚོའི་ངོས་ལས་སྨི་3800ཡོད་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་དགོན་ཆེན་གཉིས་པ་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་འབྱེད་མཁན་རྒྱལ་བ་ཙོང་ཁ་པའི་སློབ་མ་སངས་པ་ཆོས་ཀྱི་འཕགས་པས་སྤྱི་ལོ་1440ལོ་ཕྱག་བཏབ་པ་རེད། །