གྲོ་ཚང་བོད་རིགས་སྡེ་ཁུལ་གྱི་སྐད་བརྡའི་འཚོ་བ་དང་ སྐད་གཉིས་སློབ་གསོའི་གནས་ཚུལ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་སྒྲིལ་པུའུ་སྲིད་ཇུས་ཞིབ་འཇུག་ཁང་། པད་མ་ལྷུན་གྲུབ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 07-14


[གནད་བཏུས] དཔྱད་རྩོམ་འདིར་རྩོམ་པ་པོ་ཉིད་མཚོ་སྔོན་ཞིང་ཆེན་ཕིན་ཨན་རྫོང་གི་རུ་གོང་འགབ་བཞི་བོར་དངོས་སུ་ཞུགས་ཏེ་གྲོ་ཚང་ས་ཁུལ་གྱི་སྐད་དང་འཚོ་བར་བརྟག་ཞིབ་བྱས་པ་གཞིར་བཅས། དེས་མཚོན་པའི་མཚོ་སྔོན་ཤར་རྒྱུད་བོད་ཁུལ་གྱི་སྐད་གཉིས་སློབ་གསོར་གནས་པའི་གནད་དོན་གཙོ་བོ་དག་སྤྱི་སྡོམ་གནང་ཡོད་ཅིང་། དེ་དང་ཆབས་ཅིག་ས་ཁུལ་དེ་དག་ལ་དམིགས་པའི་སློབ་གསོའི་འཆར་གཞི་དང་སྐད་བརྡའི་ཐབས་ཇུས་སོགས་སྤྱོད་འོས་པའི་བསམ་འཆར་བཏོན་ཡོད།

[གནད་ཚིག] གྲོ་ཚང་། སྐད་བརྡ། སྐད་གཉིས་སློབ་གསོ།

སྐད་བརྡ་ནི་མི་རྣམས་ཀྱིས་བསམ་གཞིག་གཏོང་བ་དང་བསམ་བློ་བརྗེ་རེས་བྱེད་པའི་ཡོ་བྱད་གཙོ་བོ་དང་མི་རིགས་རིག་གནས་ཀྱི་གཞི་རྩའི་རྟེན་གཞི་ཡིན་པ་མ་ཟད། དེང་རབས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་དང་རྟགས་མཚན་དང་མཚོན་བྱེད་ཅིག་ཀྱང་ཡིན། སྐད་རིགས་སྣ་མང་ལ་འཕྲད་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་འཛམ་གླིང་ཅན་གྱི་སྐད་ཆའི་ཁོར་ཡུག་འོག མི་རིགས་མང་བའི་ས་ཁུལ་གྱི་སྐད་བརྡའི་འཚོ་བར་འཕོ་འགྱུར་བྱུང་བ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་འབྲས་བུ་ཞིག་ཡིན། ཐར་ཐོར་དུ་གནས་པའི་ས་ཁུལ་དང་མཐའ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་དང་སྐད་མང་སྡེ་ཁུལ་དུ་སྐད་བརྡའི་འཕོ་འགྱུར་དང་སྐད་བརྡའི་སློབ་ཁྲིད། སྐད་བརྡའི་གོ་གནས་ཀྱི་གནས་ཚུལ་ནི་ལྷག་པར་ཡང་འབུར་ཐོན་ཡིན། མི་རིགས་ཐ་ཐོར་འདྲེས་སྡོད་ཀྱི་ས་ཁུལ་བདམས་ནས་སྐད་བརྡ་སྤྱོད་པའི་གནས་ཚུལ་དང་སྐད་གཉིས་སློབ་ཁྲིད་ཀྱི་གནད་དོན་ལ་བརྟག་དཔྱད་བྱས་ན། མི་རིགས་སྐད་བརྡའི་སྤྱི་ཚོགས་རིག་གནས་ཀྱི་བྱེད་ནུས་ལ་ཚན་རིག་དང་མཐུན་པར་ངོས་ཟིན་པར་ཕན་པ་དང་། སྐད་གཉིས་དང་ཡང་ན་སྐད་མང་གི་གཞུང་ལུགས་ཕུན་སུམ་ཚོགས་པར་འགྱུར་བ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་ཡུན་ཞིག་གི་རིང་ལ་སྐད་མང་ཅན་གྱི་འཕེལ་རྒྱས་དང་སྐད་གཉིས་སློབ་ཁྲིད། སྐད་རིགས་སྣ་མང་གི་སློབ་གསོ་སོགས་ལ་སྐད་བརྡའི་སྲིད་ཇུས་དང་སློབ་གསོའི་ཇུས་གཞི་འདོན་པར་ཚན་རིག་གི་གཞི་འཛིན་ས་མཁོ་སྤྲོད་བྱེད་ཐུབ།

གཅིག བརྟག་དཔྱད་བྱ་ཡུལ་གྱི་སྤྱི་ཚོགས་རིག་གནས་རྒྱབ་ལྗོངས།

གྲོ་ཚང་བོད་རིགས་ནི་ཙོང་ཆུའི་འགྲམ་རྒྱུད་ཀྱི་ཨ་ཡེ་སེང་སྨན་རི་བོའི་བྱང་ཕྱོགས་སུ་ཁྱབ་ཡོད་ལ། གྲོང་སྡེ་སོ་སོའི་བར་འཕྲེད་དུ་འབྲེལ་ཡོད། གཙོ་བོ་མཚོ་སྔོན་མཚོ་ཤར་ས་ཁུལ་གྱི་ལོ་ཏུའུ་དང་ཕིན་ཨན་རྫོང་གཉིས་ཀྱི་ལྷོ་རྒྱུད་རི་ཁུལ(གྲོ་ཚང་ལུང་བདུན་གཙོར་བཟུང་བ)དུ་ཆགས་ཡོད་པ་དང་། ལྷོ་ཕྱོགས་སུ་དཔའ་ལུང་ས་ཆའི་བོད་རིགས་དང་འབྲེལ་ཡོད་མོད། འོན་ཀྱང་ལོ་རྒྱུས་ཐོག་གམ་དེང་སྐབས་གང་ཡིན་རུང་ཕན་ཚུན་བར་དུས་རྒྱུན་དུ་འགྲོ་འོང་ཉུང་ཞིང་། རི་རྐེད་དང་རི་འདབས་སུ་གནས་པའི་རྒྱ་སྐད་སྨྲ་བའི་ཧུའེ་རིགས་དང་རྒྱ་རིགས་སྡོད་དམངས། བྱང་རིར་གནས་པའི་དཔའ་རིས་བོད་རིགས་བར་ལ་ཡུན་རིང་དུ་འགྲོ་འོང་བྱེད་བཞིན་ཡོད་པས། རྨ་ནུབམི་རིགས་བར་ཁྱམསསུ་གྲངས་ཉུང་མི་རིགས་ཀྱི་ཚོགས་སྤྱི་དཔེ་མཚོན་ལྡན་པ་ཞིག་ཏུ་གྱུར་འདུག དེའི་ཁྱབ་སྟངས་གཙོ་བོ་ནི་གཞུང་ཕྱོགས་སུ་འདྲེས་སྡོད་དང་འཕྲེད་ཕྱོགས་སུ་འདུས་སྡོད། རྒྱུད་གཅིག་ཏུ་འབྲེལ་ནས་ཆགས་ཡོད།

དུས་ཡུན་རིང་བོ་ཞིག་ནས་བཟུང་ས་གནས་དེ་གའི་བོད་མི་ཚོརགྲོ་ཚངཞེས་པའི་སྡེ་ཁུལ་འདིའི་རིག་གནས་ཀྱི་གོ་དོན་ལ་མོས་སེམས་དང་ཁོངས་གཏོགས་ཀྱི་འདུ་ཤེས་དྲག་པོ་ཞིག་ཆགས་ཡོད། རིགས་ཚོ་ནང་ཁུལ་དུ་གཉེན་སྒྲིག་ལ་སོགས་པ་ནན་མོ་ཡིན་པའི་ལམ་ལུགས་ལ་བརྟེན་ནས། བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་རང་མི་རིགས་ཀྱི་ཕ་སྐད། སྲོལ་རྒྱུན་རིག་གནས། ཆོས་ལུགས་དད་མོས་ལ་སོགས་པའི་ཁྱད་གཤིས་ཆ་ཚང་བར་གནས་ཤིང་གཏིང་ཟབ་པའི་ལོ་རྒྱུས་དང་རིག་གནས་ཉར་ཚགས་བྱས་ཡོད་པས། དེ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྐད་བརྡའི་རིག་གནས་ཀྱི་ཚོགས་པ་ཆུང་ཆུང་ཞིག་ཡིན་ཞེས་བཤད་ཆོག དུས་མཚུངས་སུ་ཡུན་རིང་དུ་མཐའ་སྐོར་གྱི་མི་རིགས་དང་འབྲེལ་འདྲིས་བྱས་པ་ལས་སྣེ་མང་རྙོག་འཛིང་ཅན་གྱི་མི་རིགས་འབྲེལ་བ་དང་སྐད་བརྡའི་འབྲེལ་བ་ཞིག་ཆགས་ཡོད།

མཚོ་སྔོན་དུ་གྲོ་ཚང་གི་བོད་མི་སོགས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ་གྱི་བོད་རིགས་སྡོད་དམངས་རྣམས་ཐ་ཐོར་འདྲེས་སྡོད་ཀྱི་རིགས་སུ་གཏོགས་པས། རྒྱ་ཡིག་ནཤར་རྒྱུད་བོད་རིགས东部藏区ཞེས་བརྗོད། 2000ལོའི་ཐེངས་ལྔ་བའི་མི་གྲངས་ཡོངས་ཞིབ་བྱས་པ་ལྟར་ན། མཚོ་སྔོན་གྱི་ཤར་རྒྱུད་དུ་བོད་རིགས241145ཡོད་པ་དང་དེས་ཞིང་ཆེན་ཡོངས་ཀྱི་བོད་རིགས1141792ཀྱི21.1%ཟིན་ཡོད། དེ་དག་སོ་སོར། མཚོ་ཤར་དུ་མི140011(ཕིན་ཨན་དུ་མི5734ཡོད་པ་དང་མིན་ཧོ་རུ་མི13988ཡོད། ལོ་ཏུའུ་རུ་མི18948ཡོད། ཧུའུ་ཀྲུའུ་རུ་མི22714ཡོད། དཔའ་ལུང་དུ་མི50475ཡོད། ཞོན་ཧྭ་རུ་མི28152ཡོད།)ཡོད། ཟི་ལིང་དུ་མི101134(གྲོང་ཁྱེར་ནང་ཁོངས་སུ་མི18527ཡོད་པ་དང་རྟ་ཐང་དུ་མི29082ཡོད། ཙོང་ཁ་ན་མི39731ཡོད། སྟོང་སྐོར་དུ་མི13794ཡོད།)ཡོད།

ང་ཚོས་རྟོག་ཞིབ་བྱས་པ་ལྟར་ན། དེ་དག་ལས་བོད་སྐད་ནི་སྐད་བརྡ་དང་པོ་ཡིན་པའི་སྡོད་དམངས་ཉུང་མཐའ་ཡང་ཁྲི16ཡས་མས་སུ་ཡོད་ཅིང་། དེས་ཤར་རྒྱུད་བོད་ཁུལ་མི་གྲངས་ཀྱི65%ཟིན་ཡོད་པ་དང་ཕལ་ཆེར་ཞིང་ཆེན་ཡོངས་ཀྱི་བོད་རིགས་མི་གྲངས་ཀྱི14%ཟིན་ཡོད། བོད་ཁུལ་གཞན་དག་དང་བསྡུར་ན། ཤར་རྒྱུད་བོད་ཁུལ་དང་ཁྱད་པར་དུ་གྲོང་ཁྱེར་གྱི་བོད་རིགས་མི་གྲངས་འཕར་ཚད་ཧ་ཅང་མགྱོགས། ལྷག་པར་དུ་ཟི་ལིང་གྲོང་ཁྱེར་དུ2000ལོ་དང1990ལོ་གཉིས་བསྡུར་ན། བོད་རིགས་རྒྱུན་སྡོད་མི་གྲངས37%(ཐེངས་ལྔ་བའི་མི་གྲངས་ཡོངས་ཞིབ་བྱས་པའི་གཞི་འཛིན་གྲངས)འཕར། དུས་རབས་ཉེར་གཅིག་ནས་ཟི་ལིང་གྲོང་ཁྱེར་གྱི་བོད་མི་ད་དུང་ལྡབ་འགྱུར་གྱིས་འཕར་བཞིན་ཡོད། ཡིན་ན་ཡང་མཚོ་སྔོན་ཤར་རྒྱུད་ས་ཁུལ་དུ་ཞོན་ཧྭ་ནས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་ཐུགས་དགོངས་མཛད་དེ་བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་ཁྱབ་སྤེལ་བཏང་བ་ལས་གཞན། དཔའ་ལུང་རི་ཁུལ་གྱི་སློབ་ཆུང་ཁ་ཤས་དང་རྟ་ཐང་རྫོང་གི་ཞའོ་ཞ་གྲོང་རྡལ། ལོ་ཏུའུ་རྫོང་གི་ཙོང་ཐར་ཞོལ་མ་བོད་རིགས་ཞང་དང་། ཧོང་ཀྲུང་རྫོང་གི་ཁྱུང་རྒྱ་བོད་རིགས་ཞང་བཅས་ཀྱི་སློབ་ཆུང་ཁ་ཤས་སུ་སྐད་གཉིས་སློབ་གསོའམ་བོད་སྐད་ཡིག་བསྣན་ནས་འཁྲིད་བཞིན་ཡོད་པ་ལས། གཞན་པའི་བོད་རིགས་གྲོང་ཚོ་གང་མང་ཞིག་གིས་ད་བར་དུ་བོད་སྐད་ཡིག་གི་སློབ་ཁྲིད་བྱ་འགུལ་སླར་གསོ་དང་སྒྲུབ་མགོ་བརྩམས་མེད། ཡང་གཅིག་བཤད་ན། མཚོ་སྔོན་གྱི་མངའ་ཁོངས་སུ་ཉུང་མཐའ་ཡང15%ཡི་བོད་རིགས་ཀྱིས་རང་ས་གནས་སུ་ཕ་སྐད་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་རེག་ཐུབ་ཀྱི་མེད། འོན་ཀྱང་བོད་སྐད་ནི་སྐད་བརྡ་དང་པོ་ཡིན་པའི་བོད་རིགས་སྡེ་ཁུལ་འདི་དག་ཏུ་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སློབ་གསོ་དང་སྐད་གཉིས་སློབ་གསོ་དང་ལེན་བྱེད་པའི་འདུན་པ་ཧ་ཅང་ཆེ། དུས་མཚུངས་སུ་ཤར་རྒྱུད་ས་ཁུལ་གྱི་ཕ་སྐད་ཕལ་ཆེར་ཤོར་ཟིན་པའི་མི་རྣམས་དང་ཡང་ན་བོད་རྒྱ་སྐད་གཉིས་བརྗོད་པའི་མི་རྣམས་ཀྱིས་ཀྱང་ཕ་སྐད་སློབ་སྦྱོང་བྱེད་པའི་འབོད་སྒྲ་བར་མེད་དུ་སྒྲོག་བཞིན་ཡོད། དགོས་མཁོ་འདིས་ཐད་ཀར་ང་ཚོའི་བརྟག་དཔྱད་ཞིབ་འཇུག་གི་བྱ་བར་སྐུལ་འདེད་བཏང་།


གཉིས། བརྟག་དཔྱད་བྱ་ཡུལ་གྱི་ས་ཁོངས་འདེམ་པ་དང་དེའི་བྱེད་ཐབས།

གྲོ་ཚང་བོད་རིགས་ནི་མཚོ་སྔོན་ཤར་རྒྱུད་བོད་རིགས་ཀྱི་ཆེས་འཐུས་ཚབ་རང་བཞིན་ལྡན་པའི་ཚོགས་སྤྱི་ཞིག་ཡིན། གཙོ་བོ་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱི་ལོ་ཏུའུ་དང་ཕིན་ཨན་རྫོང་གཉིས་ཀྱི་རི་ཁུལ་དུ་ཁྱབ་ཡོད། ང་ཚོས་བདམས་པའི་བརྟག་དཔྱད་བྱ་ཡུལ་གྱི་ས་གནས་ནི་ཕིན་ཨན་རྫོང་གི་འབའ་གཙང་ཁོག་ཞང་གུར་གོང་མ་སྡེ་བ་དང་གུར་འགབ་མ་སྡེ་བ། ཐང་གསར་སྡེ་བ། མ་གཙང་མ་སྡེ་བ་བཅས་ཡིན་ལ། སྡེ་བ་འདི་བཞི་བོར་རུ་གོང་འགབ་བཞི་ཟེར་ཞིང་། ཚང་མ་རི་མ་ས་ཁུལ་ཡིན། ད་ལྟ་མི་གྲངས800ཡོད། བོད་རིགས་གཙོ་ཡིན་ཞིང་རྒྱ་རིགས་ཀྱི་ཁྱིམ་ཚང་ཡང་དུ་མ་ཡོད། ལྷོ་ཕྱོགས་སུ་རི་བོས་ཆོད་པ་ནི་དཔའ་ལུང་ཡིན་ཞིང་བྱང་ཕྱོགས་སུ་རྒྱ་སྐད་སྨྲ་བའི་ཧུའེ་རིགས་དང་རྒྱ་རིགས་ཡོད་པས། དཔེ་མཚོན་ལྡན་པའི་གྲོ་ཚང་བོད་སྐད་ཀྱི་སྡེ་ཁུལ་ཞིག་ཡིན་པ་མ་ཟད། ཤར་རྒྱུད་བོད་ཁུལ་དང་ཙོང་ཆུ་འགྲམ་རྒྱུད་ཀྱི་ཐ་ཐོར་འདྲེས་སྡོད་ཀྱི་མི་ཚོགས་ཁྲོད་ཚད་ངེས་ཅན་གྱི་འཐུས་ཚབ་རང་བཞིན་དང་དཔེ་མཚོན་རང་བཞིན་ལྡན།

དམངས་རྒྱལ་གྱི་སྐབས་སུ། གནས་འདིར་བོད་སོག་སློབ་གྲྭ་བཙུགས་མྱོང་ཞིང་། དུས་ཐོག་མའི་བོད་རྒྱསྐད་གཉིས་སློབ་ཁྲིདསྤེལ་ཏེ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་དང་ཕུལ་བྱུང་ལས་བྱེད་པ་ཁག་ཅིག་སྐྱེད་སྲིང་བྱས། མི་སྣ་འདི་དག་ཀྲུང་གོ་གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་གིས་བོད་ལྗོངས་དང་བོད་ཁུལ་གཞན་དག་བཅིངས་འགྲོལ་བྱེད་པ་དང་། སྲིད་དབང་འཛུགས་པའིཐུང་སི(ལོ་ཙཱ་པ)དང་གསར་བརྗེའི་གཙོ་ཤུགས་སུ་གྱུར་པ་ཡིན།1958ལོརགུར་ལྟེ་གནས་སློབ་གྲྭབཙུགས་པ་དང2007ལོའི་ཟླ8པར་སློབ་གྲྭར་སློབ་མ103ཡོད་པ་དང་། དེ་ལས་བོད་རིགས་སློབ་མ97ཡོད་པ་དེས94%ཟིན། དགེ་རྒན8ཡོད་པ་ལས་བོད་རིགས4ཡོད།1968ལོ་ནས་བཟུང་སྟེ་བོད་སྐད་ཡིག་གི་བསླབ་ཚན་དངོས་སུ་བཙུགས་མོད། འོན་ཀྱང་རིག་གསར་སྔ་གཞུག་ཏུ་ནོར་འཁྲུལ་གྱི་བསམ་བློས་ཤུགས་རྐྱེན་ཐེབས་པར་བརྟེན། བོད་ཡིག་སློབ་ཁྲིད་དངསྐད་གཉིས་སློབ་གསོདེ་ད་བར་དུ་ནུས་ཤོར་གྱི་རྣམ་པར་ལུས་ཡོད།

གྲོ་ཚང་བོད་རིགས་ཀྱི་སྐད་བརྡའི་འཚོ་བ་དང་དེ་ལ་རྣམ་འགྱུར་འཛིན་སྟངས། སྐད་གཉིས་སློབ་གསོ་མཁོ་བའི་ལུགས་མཐུན་རང་བཞིན་དང་བྱེད་འཐུས་རང་བཞིན་བཅས་ལ་རྒྱུས་ལོན་བྱེད་ཆེད། 2007ལོའི་ཟླ8པར་ང་ཚོས་ཁྱིམ་ཚང་རེ་རེར་སོང་ནས་བརྟག་དཔྱད་བྱེད་པ་གཙོར་བཟུང་སྟེ། གྲོ་ཚང་བོད་རིགས་སྡེ་ཁུལ(རུ་གོང་འགབ་བཞི)གྱི་སྐད་བརྡ་སྤྱོད་ཚུལ་ལ་ཆེད་དོན་བརྟག་དཔྱད་བྱས། བརྟག་དཔྱད་བྱེད་སྐབས་དྲིས་ལན་ཡི་གེའི་རྣམ་པ་དང་ལྟ་ཞིབ། འགའ་རེར་བཅར་གླེང་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་ནས། སྡེ་བ་བཞི་བོའི་སྐད་བརྡའི་འཚོ་བ་དང་སྐད་གཉིས་སློབ་གསོ་ལ་དབྱེ་ཞིབ་ཞིབ་མོ་ཞིག་ཡོང་བར་འབད་པ་ཡིན། བརྟག་དཔྱད་དྲིས་ལན་ཡི་གེ་ནི་གཙོ་བོ《ཀྲུང་གོའི་སྐད་དང་ཡི་གེ་སྤྱོད་པའི་གནས་ཚུལ་ལ་བརྟག་པའི་ཁྱིམ་ཞུགས་དྲིས་ལན་ཡི་གེ》(སློབ་སྐད་བེད་སྤྱོད་ཐིན་ཨང[1999]3པ)བེད་སྤྱོད་བྱས་ཤིང་། དེའི་དམིགས་ཡུལ་ནི་ཚན་རིག་དང་དབང་གྲགས་ཅན་གྱི་བརྟག་དཔྱད་རྒྱུ་ཆར་བརྟེན་ནས། ཕྱོགས་ཡོངས་ནས་སྡེ་མི་རྣམས་ཀྱི་སྐད་བརྡའི་ནུས་པ་དང་སྐད་བརྡ་སྤྱོད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཚད་འབེབས་དབྱེ་ཞིབ་ཀྱི་ཚན་རིག་གཞི་འཛིན་གྲངས་ཤིག་ཐོབ་ཆེད་ཡིན། ལྟ་ཞིབ་དང་འགའ་རེར་བཅར་གླེང་བྱེད་པ་ནི་དྲིས་ལན་ཡི་གེའི་རྒྱུ་ཆར་ཁ་གསབ་དང་འཐུས་ཚང་དུ་གཏོང་ཆེད་ཡིན་པ་དང་། ཡང་ན་བརྟག་དཔྱད་དྲིས་ལན་ཡི་གེས་མ་ཁྱབ་པའི་ནང་དོན་དང་སྔར་ལས་ལྷག་པར་ཞིབ་བཤེར་ར་སྤྲོད་བྱེད་དགོས་པའི་རྒྱུ་ཆ་ཇེ་ཟབ་ཏུ་གཏོང་བ་དང་མཉམ་དུ། དྲིས་ལན་ཡི་གེ་སྤྱད་ནས་བརྟག་དཔྱད་དང་དབྱེ་ཞིབ་བྱེད་པའི་རྒྱུ་ཆའི་དམིགས་སའི་རང་བཞིན་དང་ཡིད་རྟོན་རང་བཞིན། ནུས་ཐོན་རང་བཞིན་བཅས་ལ་ཞིབ་བཤེར་བྱེད་ཆེད་ཡིན།

སྤྱིི་ཚོགས་སྡོམ་རྩིས་རིག་པའི་དཔེ་འཐེན་ཉམས་མྱོང་གཞིར་བཟུང་ནས། ང་ཚོས་མ་དཔེའི་གྲངས་འབོར20%ལ་གཏན་འབེབས་བྱས་རྗེས། བར་མཚུངས་དཔེ་འཐེན་གྱི་བྱེད་ཐབས་སྤྱད་དེ། ཁྱིམ་ཚང200ལྷག་གི་ཁྲོད་དུ་ཁྱིམ་ཚང50བདམས་པ་མ་ཟད། བརྟག་དཔྱད་བྱ་ཡུལ་གཙོ་བོ་ཞིག་སྐབས་དང་བསྟུན་ནས་བདམས་ཏེ་སྡོམ་རྩིས་ཀྱི་མ་དཔེར་བཟུང་སྟེ། བརྟག་དཔྱད་པས་དུས་ཐོག་དེར་དྲིས་ལན་ཡི་གེའི་བརྟག་དཔྱད་བྱས་ཏེ་ལེགས་འགྲུབ་བྱེད་པ་ཡིན། བརྟག་དཔྱད་བྱེད་སྐབས་ཀྱི་སྐད་ཆ་ཚང་མ་བོད་སྐད་སྤྱོད་པ་ཡིན།(བརྟག་དཔྱད་པ་གཅིག་གིས་སྤྱི་སྐད་སྤྱད་ནས་གནད་དོན་དང་ཐ་སྙད་ཁ་ཤས་ལ་འགྲེལ་བཤད་བྱས་པ་ཡིན)ཐེངས་འདིའི་བརྟག་དཔྱད་ཁྲོད་དྲིས་ལན་ཡི་གེ50ཕྱིར་བསྡུས། ཕྱིར་སྡུད་ཚད100%ཡིན། དེའི་ཁྲོད་ནུས་ལྡན་གྱི་དྲིས་ལན་ཡི་གེ44ཡོད། ནུས་ལྡན་ཚད88%ཡིན།


བརྟག་དཔྱད་དང་འཚོལ་སྡུད་བྱས་པའི་ནུས་ལྡན་མ་དཔེའི་ཁྲོད། ཕོ24དང་མོ20ཡོད། ཚང་མ་བོད་རིགས་ཡིན། དེ་དག་ལས་མི2སོ་སོར་མཚོ་བྱང་དང་དཔའ་ལུང་ནས་སྐྱེས་པ་མ་གཏོགས་འཕྲོ་མའི་མི42ཚང་མ་རང་ས་རང་ཡུལ་ནས་སྐྱེས་པའི་གྲོ་ཚང་བོད་མི་ཡིན། ལོ15ཡི་ཡར་སྔོན་དུ་རང་ས་གནས་ལས་གཞན་པའི་ས་ཆར་བསྟུད་མར་ལོ་གསུམ་ཡན་ཆད་བསྡད་མ་མྱོང་།
ཆེས་ཆུང་བ་ལོ8དང་ཆེས་ཆེ་བ་ལོ74ཅན་གྱི་མི་འདི་གཉིས་ལ་མ་གཡོལ་བ་ནི་གྲོ་ཚང་ས་ཁུལ་གྱིསྐད་གཉིས་མ་ལགགྲུབ་པའི་ལོ་རྒྱུས་ཀྱི་ཤུལ་རྗེས་དང་བྱིས་པ་སློབ་གྲྭར་ཞུགས་པའི་སྔ་གཞུག་གི་སྐད་བརྡའི་ནུས་པར་ཐོག་མར་རྒྱུས་ལོན་བྱེད་ཆེད་ཡིན། མ་དཔེ་གཞན་པ་དག་ལོ12ནས་ལོ64བར་ཡིན། ང་ཚོས་བརྟག་དཔྱད་མ་དཔེ44ཡོད་པ་འདིར་ལོ40ཡན(མི་དར་མ་དང་རྒན་པའི་ཚན་ཁག མི16དང་དེ་ལས་མོ7ཡོད།)དང་ལོ20ནས39བར།(ན་གཞོན་ཚན་ཁག མི26དང་དེ་ལས་མོ8ཡོད།)ལོ19མན་ཆད།(སློབ་མའི་ཚན་ཁག མི12དང་དེ་ལས་མོ5ཡོད།)བཅས་ཚན་ཁག་གསུམ་དུ་དགར་ཡོད། རིག་གནས་ཀྱི་ཆུ་ཚད་ལྟར་ན། དེ་དག་ལས་མི19སློབ་གྲྭར་འགྲིམ་མ་མྱོང་བ་དང་། ལྷག་པར་དུ་སྐྱེས་མའི་བསྡུར་ཚད་ཅུང་མཐོ། བསྡོམས་པས་མི11ཡོད། དེ་དག་ན་གཞོན་དང་མི་དར་མ་དང་རྒན་པའི་ཚན་ཁག་ཏུ་འདུས་ཡོད། སློབ་ཆུང་སློབ་མ11དང་སློབ་འབྲིང་སློབ་མ13མཐོ་འབྲིང་སློབ་མ1བཅས་ཡོད། ལོ་ཇི་ལྟར་ཆུང་ན་སློབ་གསོ་མྱངས་པའི་བསྡུར་ཚད་དེ་ལྟར་མཐོ། འདིའི་སྟེང་ནས་སློབ་གསོ་འཕེལ་རྒྱས་ཀྱི་སྤྱིའི་གནས་བབ་ལེགས་པོ་ཡིན་པ་དེ་གསལ་བཤད་བྱས།


གསུམ། གྲོ་ཚང་བོད་རིགས་ཀྱི་སྐད་བརྡའི་འཚོ་བའི་ཁྱད་ཆོས་གཙོ་བོ།

ཕོ་མོ་དགར་བའི་དྲིས་ལན་ཡི་གེ་ལ་དབྱེ་ཞིབ་བྱས་པར་བརྟེན་ནས། ང་ཚོས་གྲོ་ཚང་བོད་རིགས་ཀྱི་སྐད་བརྡའི་འཚོ་བ་དང་སྐད་བརྡའི་རྣམ་འགྱུར་ཕྱོགས་ནས་ཁྱད་ཆོས་གཙོ་བོ་འགའ་རྙེད་ཡོད་པ་གཤམ་གསལ་ལྟར།

གཅིག་ནི་བོད་སྐད་ནི་སྐད་བརྡ་དང་པོ(ཕ་སྐད)ཡིན་མོད། འོན་ཀྱང་མགྱོགས་མྱུར་ངང་འཇིག་པའི་ཉེན་ཁར་འཕྲད་བཞིན་ཡོད། མི44ཚང་མས་ཆུང་དུས(སློབ་གྲྭར་མ་ཞུགས་སྔོན)ཐོག་མར་བཤད་ཤེས་པའི་སྐད་ཆ་ནི་བོད་སྐད(ཨ་མདོའི་ཡུལ་སྐད་དེ་གྲོ་ཚང་སྐད)རེད། ཆུང་དུས་ཕ་མས(སྙོར་སྐྱོང་བྱེད་མཁན་ཕོ་དང་མོ)བརྟག་དཔྱད་བྱ་ཡུལ་ལ་རྒྱུན་དུ་བཤད་པའི་སྐད་ཆ་ནི་རང་མི་རིགས་ཀྱི་ཕ་སྐད་ཡིན། མི5ཡིས་སློབ་གྲྭར་མ་ཞུགས་པའི་སྔོན་དུ་བོད་སྐད་བཤད་པ་དང་མཉམ་དུ་སྟབས་བདེའི་རྒྱ་སྐད་ཚིག་འགའ་བརྗོད་ཐུབ་ཅེས་བཤད། དཔོན་པོ་དང་མཁས་པ་འགསམཚོ་སྔོན་ཤར་རྒྱུད་ས་ཁུལ་དུ་ཕ་སྐད་རྩ་བ་ནས་ཉམས་ཏེ། རྒྱ་སྐད་ནི་སྐད་བརྡ་དང་པོར་གྱུར་ཡོད་པས། བོད་རྒྱ་སྐད་གཉིས་སློབ་གསོ་སྤེལ་དགོས་དོན་མེདཅེས་བརྗོད། བརྗོད་ཚུལ་འདི་ལ་ཚན་རིག་གི་གཞི་འཛིན་ས་མེད་པ་སྨོས་མ་དགོས། མ་མཐའ་ཡང་ལོ་ཏུའུ་དང་ཕིན་ཨན་གྱི་གྲོ་ཚང་བོད་རིགས་རི་ཁུལ་དུ་ད་བར་དུ་བོད་སྐད་ནི་སྐད་བརྡ་དང་པོར(ཕ་སྐད)འཛིན་པ་རེད། ཁོ་ཚོ་དང་ཡུག་གཅིག་ཏུ་འབྲེལ་བའི་དཔའ་ལུང་དང་ཞོན་ཧྭའི་བོད་རིགས་དང་མིན་ཧོ་ཡི་བོད་རིགས་ཕལ་ཆེ་བས་ཀྱང་ཅུང་ལེགས་པའི་སྒོ་ནས་ཕ་སྐད་སོར་བཞག་བྱས་ཡོད་པ་མ་ཟད་སྐད་བརྡ་དང་པོ་བྱེད་བཞིན་ཡོད། དེ་དང་བསྡུར་ན། ཐ་ཐོར་དུ་གནས་པའི་མཚོ་སྔོན་གྱི་སྐུ་འབུམ་དང་། སྟོང་སྐོར། རྟ་ཐང་དང་ཧོར་གྲོང་། ད་དུང་ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་དང་ཀྲང་ཡཱེ་སུའུ་ནན་དང་ཅུག་ཆོན་སོགས་ས་ཁུལ་གྱི་བོད་རིགས་སྡོད་དམངས་དང་། དེ་ལས་གཞན་པའི་མཐའ་ཁུལ་རི་སྡེ་ཕལ་ཆེ་བ་དགམི་རིགསརྒྱ་རིགས་ཅནནམརྒྱ་རིགསམི་རིགས་ཅནགྱི་སྐད་གཉིས་ཅན་དུ་གྱུར་ཡོད། སྡོད་དམངས་ལ་ལ་རྒྱ་སྐད་ཁོ་ན་སྨྲ་བའི་སྐད་རྐྱང་ཅན་དུ་གྱུར་ཡོད་པ་རེད། ཤར་རྒྱུད་བོད་ཁུལ་གྱི་རང་སྐད་ཆག་འཇིག་མྱུར་བ་ཧ་ཅང་མངོན་གསལ་ཏེ། བྱེད་ནུས་ཉམས་ཤིང་སྒྲིག་གཞི་འགྱུར་བ། སྐད་ཆའི་འཚོ་བར་འགྱུར་ལྡོག་ཆེ་ལ། བོད་པའི་ཡུལ་སྐད(ས་གནས་ལུང་སྐད)ཁ་ཤས་འཇིག་ཉེན་ལ་ཐུག་ཡོད་པ་རེད།ང་ཚོས་ཆེས་རིན་ཐང་བྲལ་བའི་རྒྱུ་ནོར་འདི་དག་བརྩི་མཐོང་མི་ཤེས་པ་དེ་ལ་ངོ་ཚ་དགོས་པ་ཞིག་རེད། གལ་ཏེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་འཛིན་བྱེད་པའི་གལ་གནད་འདི་མཁྱེན་པ་ཡིན་ན། ང་ཚོས་དེ་བཞིན་སྐད་ཡིག་སྐྱེ་ཁམས་ཀྱི་ཁོར་ཡུག་ཉམས་རྒུད་དུ་འགྲོ་བར་བལྟས་ནས་སྡོད་ཚུགས་པ་ཞིག་མ་ཡིན་ནོ།།(ཧོ་ཏཱ་ཨན་གྱི་གཏམ། ཝང་ཞིན་ཡོན་གྱིས་དྲངས་པ་དེ་བཀོད2002.84)


གཉིས་ནི་བོད་སྐད་ནི་ཁྱིམ་ཚང་དུ་བསམ་བློ་བརྗེ་རེས་བྱེད་པའི་སྐད་གཙོ་བོ་ཡིན་པ། ནུས་ལྡན་བརྟག་དཔྱད་ཀྱི་དྲིས་ལན་ཤོག་བྱང44ཁྲོད། གནས་ཚུལ་དེ་མེད་པ་དག་ཕུད་རྗེས། ཁྱིམ་ནས་རྒྱུན་དུ་བཤད་པ་ནི་བོད་སྐད་ཡིན་པ་སྟེ། དེའི་ཁྲོད97%གྱིས་ཨ་ཕར་བོད་སྐད་བཤད་བཞིན་ཡོད་པ་དང་། 94.2%ཀྱིས་ཨ་མར་བོད་སྐད་བཤད་བཞིན་ཡོད། 93%གྱིས་རང་གི་བུ་ཕྲུག་ལ་བོད་སྐད་བཤད་བཞིན་ཡོད། གཞན་པའི་བརྟག་དཔྱད་བྱ་ཡུལ་གྱིས་བོད་དང་རྒྱའི་སྐད་གཉིས་སྤྱོད་བཞིན་ཡོད། ན་གཞོན་ཚན་ཁག་ནང་གི་མི1གིས་ཨ་ཕ་ལ་རྒྱུན་པར་རྒྱའི་ཡུལ་སྐད་སྨྲ་བཞིན་ཡོད། དེ་ནི་དཔེ་ཁྱད་པར་བ་ཞིག་ཡིན། ཡིན་ནའང་། བཟའ་ཟླ་ཕན་ཚུན་བར་དུས་རྒྱུན་སྨྲ་བའི་སྐད་ནི། 100%ཡིས་བོད་སྐད་བདམས་ཡོད། སྤྱིར་བཤད་ན། རྒན་དར་དང་སློབ་མའི་ཚན་ཁག་ནས་ཐམས་ཅད་ཀྱིས་བོད་སྐད་ནི་ཁྱིམ་ནས་སྤྱོད་པའི་སྐད་ཆ་རྐྱང་བར་བདམས་ཡོད་པ་དང་། ཁྱིམ་ཚང་ནང་ཁུལ་དུ་སྐད་གཉིས་སྤྱོད་མཁན་ཁྲོད98%ནི་ན་གཞོན་ཚན་ཁག(རྒན་དར་ཚན་ཁག་ནང་མི1གིས་རང་གི་བུ་ཕྲུག་ལ་རྒྱའི་ཡུལ་སྐད་བཤད་བཞིན་ཡོད)ཏུ་གཏོགས། དེ་ལས་ན་གཞོན་གྱི་སྐད་ཆའི་རྣམ་འགྱུར་གཏན་འཇགས་མིན་པ་དང། སྒེར་གྱི་སྐད་ཆའི་རྣམ་འགྱུར་གྱི་གཏན་བརླིང་རང་བཞིན་དང་འགྱུར་ལྡོག་རང་བཞིན་གཉིས་གཅིག་གྱུར་ཡིན་པ་མཚོོན། སྣང་ཚུལ་འདིས་གྲོ་ཚང་བོད་པས་ཉིན་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ནང་ཕ་མ་དང་བཟའ་ཟླ། བུ་ཕྲུག་ལ་དུས་རྒྱུན་བཤད་པ་ནི་རང་གི་ཕ་སྐད(བོད་སྐད)ཡིན་པ་དང་། ཁྱིམ་དུ་བོད་སྐད་སྤྱོད་ཚད་མཐོན་པོ་ཡིན་པ་མཚོན། ཁྱིམ་ཚང་ལ་ལས་སྐབས་རེར་རྒྱ་སྐད་བཀོལ་བཞིན་ཡོད།

གསུམ་ནི་གཞི་རྩའི་སྟེངབོདརྒྱ་ཅནགྱི་འཆམ་མཐུནསྐད་གཉིས་མ་ལགགྲུབ་ཡོད་པ་རེད། མ44ཡིས་བོད་སྐད་བཤད་ཤེས་པ་ལས(བོད་སྐད་ཁྱབ་ཚད100%ཡིན)གཞན། མི28ཀྱིས་ས་གནས་དེའི་རྒྱའི་ཡུལ་སྐད་ཁོང་དུ་ཆུད(ལོ་ཏུའུ་ལུང་སྐད)ཡོད། ཡོངས་སུ་སྐད་གཉིས་ཅན་དུ་གྱུར་ཚད63.6%ལ་སླེབས་ཡོད། སློབ་གྲྭར་མ་ཞུགས་པའི་བྱིས་པ་ལས་གཞན་པའི་སྡོད་དམངས་ཉུང་ཤས་ཤིག་གིིས་ཀྱང་རྒྱ་སྐད་གོ་བའམ་སྟབས་བདེའི་སྐད་ཆ་ཙམ་སྨྲ་ཤེས། དེ་ལས་གྲོ་ཚང་བོད་པས་བོད་སྐད་གཙོ་བོ་དང་རྒྱ་སྐད་ཀྱང་སྨྲ་ཤེས་ཏེ། སྡེ་དམངས་རྣམས་རྒྱའི་ཡུལ་སྐད་བྱང་ཚད་ལ་ཁྱད་པར་ཡོད་པ་དེ་རྟོགས་ཐུབ། སྐད་ཆའི་རྣམ་པ་འདི་ནི། དགེ་རྒན་ཆེན་མོ་ཏའེ་ཆིན་ཞཱ་ལགས་ཀྱིསསྐད་གཉིས་མ་ལགཟེར་བ་དེ་ཡིན་ལ། མང་ཤོས་ཀྱིསདེ་ལ་འཆམ་མཐུན་སྐད་ཆའི་ཁོར་ཡུག་གི་ཅུང་ལེགས་པའི་རྣམ་པར་འདོད་བཞིན་ཡོད།དེ་ནི་འབྲེལ་བ་དམ་པོའི་མ་ལག་ཅིག་སྟེ། སྐད་གཉིས་ཕན་ཚུན་ཁ་གསབ་དང་འཆམ་མཐུན་དུ་འཕེལ་ཞིང་། མཉམ་དུ་མཐོར་འདེགས་བྱེད་པ་ཡིན།(ཝང་ཅིན་ཧྲུའུ2007)

བཞི་ནི་སྤྱི་ཚོགས་འབྲེལ་འདྲིས་ཁྲོད་གཙོ་བོ་རྒྱའི་ཡུལ་སྐད(ལོ་ཏུའུ་སྐད)དང་བོད་སྐད་བཀོལ་སྤྱོད་བྱེད་པ་རེད། (རྩོམ་སྒྲིག་པས་ཡི་གེ་མང་བར་འཇིགས་ནས་བསྡུས་ཏེ་བཀོད་མེད)

ལྔ་ནི་སྡེ་དམངས་ཀྱིས་རྒྱའི་སྤྱི་སྐད་སྤྱོད་པའི་ནུས་པ་ཅུང་ཞན་ལ། རེ་ལྟོས་ཚད་མཐོན་པོའང་མེད། (རྩོམ་སྒྲིག་པས་ཡི་གེ་མང་བར་འཇིགས་ནས་བསྡུས་ཏེ་བཀོད་མེད)

དྲུག་ནི་བོད་ཡིག་ཤེས་མཁན་མང་པོ་མེད་ལ། སྤྱོད་རྒྱ་ལ་ཚད་བཀག་ཡོད། འོན་ཀྱང་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པོ་ཡོད་པ་རེད། (རྩོམ་སྒྲིག་པས་ཡི་གེ་མང་བར་འཇིགས་ནས་བསྡུས་ཏེ་བཀོད་མེད)

བདུན་ནི་སློབ་གྲྭ་ཆུང་འབྲིང་སྟེ་ལྷག་པར་དུ་སློབ་ཆུང་དུས་སྐབས་སུ་བོད་སྐད་ཡིག་གཙོར་བྱས་པའི་སྐད་གཉིས་སློབ་ཁྲིད་སྤེལ་བར་རེ་འདུན་དྲག་པོ་ཡོད། (རྩོམ་སྒྲིག་པས་ཡི་གེ་མང་བར་འཇིགས་ནས་བསྡུས་ཏེ་བཀོད་མེད)

བཞི། དེང་སྐབས་ཤར་རྒྱུད་བོད་ཁུལ་སྐད་གཉིས་སློབ་གསོར་གནས་པའི་འབུར་དུ་ཐོན་པའི་གནད་དོན།


གྲོ་ཚང་བོད་ཁུལ་གྱི་སྐད་ཆའི་འཚོ་བ་དང་རྣམ་འགྱུར་ལ་བལྟས་ན། སྐད་གཉིས་སློབ་གསོ་དེ་ཐ་ཐོར་འདུས་སྡོད་ས་ཁུལ་ནས་རང་གི་ཕ་སྐད་ནི་སྐད་བརྡ་ཨང་དང་པོ་དང་ཐོན་སྐྱེད་འཚོ་བའི་ནང་དུའང་བོད་སྐད་གཙོ་བོར་བྱེད་པའི་མཚོ་སྔོན་ཤར་རྒྱུད་བོད་ཁུལ་གྱི་ཞིང་སྡེ་དག་ལ་མཚོན་ན་ལྷག་ཏུ་གལ་ཆེ་སྟེ། ཕྲུ་གུའི་སྐད་ཆའི་བསམ་གཞིག་བདེ་ཐང་དུ་འཕེལ་བ་དང་།
ཉམ་ཆུང་ཚོགས་སྤྱིའི་ཕ་སྐད་སློབ་གསོའི་དབང་ཆ། ས་གནས་མི་རིགས་ཀྱི་རིག་གནས་དང་སྲོལ་རྒྱུན་རྒྱུད་འཛིན་བྱེད་པ། ཉམ་ཆུང་སྐད་ཆ(ཡུལ་སྐད)སྲུང་སྐྱོང་བྱེད་པ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་དང་འཕེལ་རྒྱས་སུ་འགྲོ་བ་སོགས་གནད་དོན་མང་པོ་ལ་འབྲེལ་བ་ཡོད་པ་རེད། དུས་མཚུངས་སུ། དེ་དག་གི་སྐད་གཉིས་སློབ་གསོའི་དགོས་མཁོ་ནི། མི་རིགས་ས་ཁུལ་དུ་སྣ་མང་རིག་གནས་དང་སྐད་མང་འཆམ་མཐུན་མཉམ་གནས་ཀྱི་དོན་དངོས་ཀྱི་དགོས་མཁོ་ཡིན་པ་དང་། སྐད་ཆའི་སྐྱེ་ཁམས་དོ་མཉམ་ཡོང་བར་སྲུང་སྐྱོང་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བའི་ལོ་རྒྱུས་ཀྱི་དགོས་མཁོ་ཡང་ཡིན།


ཡིན་ནའང་། མཚོ་སྔོན་ཤར་རྒྱུད་བོད་ཁུལ་གྱི་སྐད་གཉིས་སློབ་གསོའི་ཁོར་ཡུག་དང་ཆ་རྐྱེན་ནི་དགའ་འོས་པ་ཞིག་མ་ཡིན་ཏེ། དེས་གྲངས་ཉུང་མི་རིགས་ཚོགས་སྤྱིའི་རེ་བ་དང་འདོད་བློ་སྐོང་ཐབས་མེད་དེ། བོད་སྐད་ཡིག་གི་སློབ་ཁྲིད་དངསྐད་གཉིས་སློབ་གསོའམ་མི་རིགས་དང་རྒྱའི་སྐད་ཡིག་སྟེ་སྐད་གཉིས་ཁུལ་དུ་རྒྱའི་སྐད་ཡིག་གཙོར་བྱེད་པའི་སྐད་གཉིས་སློབ་གསོ་དེ་དག་ནི། དོན་དངོས་སུ་ཞ་འཁུམས་ནུས་མེད་ཀྱི་རྣམ་པར་གྱུར་ཡོད། གནས་ཚུལ་འདི་ནི། གྲངས་ཉུང་མི་རིགས་ཐ་ཐོར་འདུས་སྡོད་ཁུལ་དུ་འཐུས་ཚབ་རང་བཞིན་དང་དཔེ་མཚོན་རང་བཞིན་ངེས་ཅན་ལྡན་པ་རེད། ང་ཚོས་བརྟག་དཔྱད་བྱས་པ་ལྟར་ན། གྲོ་ཚང་བོད་ཁུལ་གྱི་སྐད་གཉིས་སློབ་གསོར་གཙོ་བོ་གཤམ་གྱི་གནད་དོན་འདི་དག་གནས་ཏེ།

1.བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་དཔུང་སྡེ་དཀོན་པ་ཚབས་ཆེན་ཡིན།

གུར་ལྟེ་གནས་སློབ་ཆུང་གིས་སྤྱི་ལོ1968ལོ་ནས་བོད་སྐད་ཡིག་གི་སློབ་ཁྲིད་བྱེད་མགོ་བཙུགས། མིག་སྔར་སློབ་གྲྭར་ཡོད་པའི་སློབ་མ103དང་། དེའི་ཁྲོད་བོད་རིགས97ཡོད། དེས94%ཟིན། ཁོ་ཚོ་ཚང་མའི་སྐད་བརྡ་ཨང་དང་པོ་ནི་བོད་སྐད(ཕ་སྐད)ཡིན་པ་དང་། མི་རིགས་གཞན་པའི་སློབ་མ་ཁག་ཅིག་གིས་ཀྱང་བོད་སྐད་སྨྲ་ཤེས་ལ་གོ་བརྡ་སྤྲོད་ཐུབ། ཡིན་ནའང་སློབ་གྲྭ་ཡོངས་ཀྱི་དགེ་རྒན་དངོས་མ8ལས། བོད་རིགས4ལས་མེད། འོན་ཀྱང་བོད་ཡིག་ཆེད་ལས་སམ་བོད་རྒྱ་སྐད་གཉིས་ཆེད་ལས་ནས་མཐར་ཕྱིན་པའི་དགེ་རྒན་གཅིག་ཀྱང་མེད། གྲོང་སྡེའི་བོད་སྐད་ཡིག་སློབ་ཁྲིད་ནི་གཙོ་བོ་གནས་སྐབས་སུ་གདན་དྲངས་པའི་དམངས་སྒྲུབ་དགེ་རྒན་དང་སྐད་བརྡ་ཚོད་ལྟའི་དགེ་རྒན་དག་ལ་བརྟེན་པ་ཡིན། རྒྱུན་ལྡན་ལྟར་བོད་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་དེ་སྟོང་བཤད་ཙམ་དུ་ཟད། རྒྱུས་ལོན་བྱས་པ་ལྟར་ན། ས་གནས་སྡེ་དམངས་ཀྱིས་ཐེངས་མང་ལ་སློབ་གསོ་དང་མི་རིགས་དོན་གཅོད་སོགས་གཙོ་གཉེར་ལས་ཁུངས་ལ་རེ་ཞུ་བྱས་ཀྱང་ད་དུང་ཐག་གཅོད་བྱས་མེད།(གནས་ཚུལ་འདིར་ད་ལྟ་འགྱུར་བ་བྱུང་ཡོད། སྡེ་བའི་གནས་སྐབས་གདན་ཞུའི་དགེ་རྒན་གཉིས་ཡོད་པ་དེ་དངོས་སུ་བོད་ཡིག་དགེ་རྒན་ལ་བསྐོ་བཞག་བྱས་ཡོད། —2014ལོར་མཆན་བཏབ།)

2.ཐ་ཐོར་འདུས་སྡོད་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་མི་རིགས་སྐད་ཡིག་གི་ས་གནས་སློབ་དེབ་འོས་འཚམ་ཞིག་མེད་པ། ཐ་ཐོར་འདུས་སྡོད་ཁུལ་དང་ལྷག་པར་དུ་མི་རིགས་དང་རྒྱའི་སྐད་གཉིས་སྡེ་ཁུལ་གྱི་སྐད་ཆའི་རིག་གནས་ལ་དམིགས་བསལ་རང་བཞིན་ངེས་ཅན་ཡོད། ཡིན་ནའང་མིག་སྔར་ཞིབ་བཤེར་གཏན་འབེབས་བྱས་པའི་པར་དུ་བསྐྲུན་པའིི་བོད་སྐད་ཡིག་སློབ་དེབ་ཆ་ཚང་གཅིག་ལས་མེད། དེ་ནི་གཙོ་བོ་བོད་སྐད་སྣ་རྐྱང་བཤད་པའི་ས་ཁུལ་དང་། བོད་སྐད་ཡིག་གི་སློབ་ཁྲིད་གཙོ་ཡིན་ཞིང་རྒྱའི་སྐད་ཡིག་ཁ་བསྣན་ནས་སློབ་ཁྲིད་བྱེད་བཞིན་པའི་སློབ་མར་དམིགས་ཡོད། དེ་ཡང་སྐད་ཆའི་རིག་གནས་ཀྱི་རྒྱབ་ལྗོངས་དང་། ཡུལ་སྐད་ཀྱི་ཁྱད་པར། སློབ་ཚན་བཀོད་སྒྲིག་དང་། སློབ་མའི་ཤེས་རྟོགས་ནུས་པ་དང་སློབ་ཁྲིད་འགྲོས་ཚད་སོགས་རྒྱུ་རྐྱེན་སྣ་མང་གི་དབང་གིས། སློབ་དེབ་ཆ་ཚང་གཅིག་པོ་འདི་ཉིད་མི་རིགས་ཐ་ཐོར་འདུས་སྡོད་བྱེད་པ་དང་།

བོད་རྒྱ་སྐད་གཉིས་ས་ཁུལ་གྱི་སློབ་ཆུང་ལ་ཁྱབ་སྤེལ་བྱས་ནས་ཁྲིད་ན་ཕན་ནུས་ཅུང་ཞན་པ་རེད། གུར་ལྟེ་གནས་སློབ་ཆུང་གིས་ཀྱང་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་བོད་སྐད་ཨང་དང་པོའི་སྐད་མ་ཡིན་པ་དག་ལ་ཆེད་དུ་དམིགས་ནས་བསྒྲིགས་པའིརྒྱ་ཡིག་དབྱངས་གསལགྱི་བོད་ཡིག་ཚེག་བརྡར་སློབ་དེབ་བཀོལ་སྤྱོད་བྱས་མྱོང་མོད། གྲུབ་འབྲས་ཤིན་ཏུ་དམན། ཉེ་བའི་ལོ་ངོ་གཉིས་རིང་། གནང་བའི་སྐབས་སུ་བོད་སྐད་ཡིག་གསབ་སྦྱོང་བྱེད་པའི་སྐབས་སུ་བོད་ཡིག་མྱུར་ཤེས་སློབ་དེབ་ཅིག་ཀྱང་ཚོད་ལྟ་བྱས་མོད། ཡིན་ནའང་སློབ་དེབ་དེ་ལ་ཞིབ་བཤེར་གཏན་འབེབས་མ་བྱས་པ་དང་། དཔེ་སྐྲུན་ཡང་བྱས་མེད་པས། སྐད་གཉིས་སྡེ་ཁུལ་དང་འཚམ་པའི་ས་གནས་སློབ་དེབ་མེད(འདི་ལ་ང་ཚོས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ས་གནས་སློབ་དེབ་སྒྲིག་བཞིན་ཡོད)པ་རེད།


3.སློབ་ཆུང་མཐར་ཕྱིན་སློབ་མར་སྐད་གཉིས་སློབ་གསོ་མྱོང་བའི་ཁག་ཐེག་གཏན་ནས་མེད་པ་རེད། ཕིན་ཨན་རྫོང་དུ་སློབ་འབྲིང་དང་མཐོ་འབྲིང་གི་སྐབས་ནས་བོད་སྐད་ཡིག་སློབ་ཁྲིད་བཀོད་སྒྲིག་བྱེད་པའི་སློབ་གྲྭ་གཅིག་ཀྱང་མེད། སློབ་ཆུང་ནས་བོད་སྐད་ཡིག་སློབ་ཁྲིད་ཙམ་བྱེད་ཀྱང། རིམ་བཞིན་ཟབ་སྦྱོང་བྱེད་པ་དང་ཡང་ན་སློབ་རིམ་འཕར་བའི་གོ་སྐབས་དང་འགྲོ་ལམ་མེད་པས། སྐད་གཉིས་སློབ་གསོ་རིམ་བཞིན་དར་སྤེལ་གཏོང་བར་བར་ཆད་ཆེན་པོ་བཟོས་ཡོད། དུས་རིམ་མི་འདྲ་བར་སྐད་གཉིས་རྒྱུན་མཐུད་བྱ་ཐུབ་མིན་དེ་སྐད་གཉིས་སློབ་ཁྲིད་ལ་ཤུགས་རྐྱེན་ཐེབས་པའི་གནད་འགག་གི་གེགས་རྐྱེན་ཞིག་ཏུ་གྱུར་ཡོད་ལ། དེས་སྡེ་མི་མི་ཉུང་བ་ཞིག་གིས་སྐད་གཉིས་སློབ་ཁྲིད་འདེམ་པའི་གདེང་ཚོད་དང་ཆོད་སེམས་ལ་གཡོ་འགུལ་ཐེབས་བཞིན་ཡོད་པས། སློབ་ཆུང་རིམ་པའི་བོད་ཡིག་སློབ་ཁྲིད་ཀྱང་སྐབས་རེར་འཁྲིད་པ་དང་སྐབས་རེར་མཚམས་འཇོག་དགོས་པ་རེད།

4.སློབ་ཆེན་སྐབས་སུ་སྐད་གཉིས་ཆེད་ལས་ཀྱི་སྒྲིག་གཞི་སྣ་རྐྱང་ཡིན་པས། མཐར་ཕྱིན་རྗེས་ལས་གནས་རེག་རྒྱུ་དཀའ་ཞིང་། མི་གང་མང་ཞིག་གིས་མི་རིགས་སྐད་ཡིག་བསླབས་ན་ལམ་མེད་པར་འདོད། ལོ་འདི་འགའི་རིང་ལ། ཁྱིམ་བདག་སྐོར་ཞིག་གིས་བུ་ཕྲུག་སྐད་གཉིས་སློབ་གྲྭ་གཞན་དུ་བསྐྱལ་ནས་སློབ་གཉེར་བྱེད་དུ་བཅུག་མོད། ཡིན་ནའང་། ཆུང་དུས་ནསསྐད་གཉིས་ལམ་ལུགསཀྱི་མི་རིགས་སློབ་གྲྭ་ནས་སློབ་གཉེར་བྱེད་པའི་སྐད་གཉིས་ཆེད་ལས་ཀྱི་སློབ་མརསློབ་རིམ་འཕར་དཀའ་བདངལས་གནས་རེག་དཀའ་བའིདཀའ་ངལ་ལ་འཕྲད་ཡོད། སློབ་མཐར་ཕྱིན་རྗེས་ཆེད་ལས་མང་པོ་གདམ་རྒྱུ་མེད་དེ། མཚོ་སྔོན་གྱི2007ལོའི་མཐོ་རྒྱུགས་སློབ་སྡུད་ལ་དཔེར་བཞག་ནས་བཤད་ན།མི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲོད་པའི(བོད་སྐད་ཡིག)སློབ་མ་ལ་མཐོ་རིམ་སློབ་གྲྭ་གཙོ་བོ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་དང་ཞིང་ཕྱུགས་སློབ་གླིང་། ད་དུང་སློབ་སྡུད་མི་གྲངས་ཤིན་ཏུ་ཉུང་བའི་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། བོད་ལྗོངས་བོད་ཀྱི་གསོ་རིག་སློབ་གླིང་བཅས་སློབ་གྲྭ9ལས་མེད། ཆེད་ལས་ཐམས་ཅད་བསྡོམས་ན20ཙམ་ལས་མེད། སློབ་མ་བསྡུ་བའི་ཆེད་ལས་གཙོ་བོ་ནི་བོད་སྐད་ཡིག་རྩོམ་རིག་དང་དགེ་འོས་རིགས་སུ་གཏོགས། དེའི་ཁྲོད་ཀྱི་སློབ་ཆེན6གིས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་དང་། ཆེད་ལས12ནི་དགེ་འོས་རིགས་སུ་གཏོགས་པ་རེད། ཡིན་ནའང་། མཐོ་སློབ་གྲ་སྒྲིག་སློབ་སྡུད་ཀྱིམི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲོད་པའི(བོད་སྐད་ཡིག)རྒྱུགས་སྤྲོད་སློབ་མ་བསྡུ་བའི་མཐོ་རིམ་སློབ་གྲྭ་གསུམ་ལས་མེད། ཆེད་ལས་སྒྲིག་གཞི་འདི་ནི། རྒྱལ་ཡོངས་མི་རིགས་མཐོ་སློབ272ཀྱི་དངོས་གཞི་ཆེད་ལས་དང་བསྡུར་ན། 10%ཙམ་ཡང་ཟིན་མེད། སྐད་གཉིས་ཆེད་ལས་སློབ་གསོ་མྱོང་བའི་སློབ་ཆེན་སློབ་མར་ཆེད་ལས་སྒྲིག་གཞི་སྣ་རྐྱང་ཡིན་པ་དང་། ཤེས་ཡོན་སྒྲིག་གཞི་ལུགས་མཐུན་མིན་པ། ལས་གནས་འཚོལ་བའི་འགྲོ་ལམ་དོགས་པ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་དམན་པ། ཁྲོམ་རར་ཁ་ཕྱོགས་པ། འགྲན་རྩོད་ལ་ཞུགས་དཀའ་བ་ནི་ཧ་ཅང་མངོན་གསལ་ཡིན། ཁྱིམ་བདག་དང་བྱིས་པ་མང་ཆེ་ཤོས་ཀྱིས་སྐད་གཉིས་སློབ་གྲྭ་འགྲིམས་ནའགྲོ་ལམ་མེད་པདང་། མི་རིགས་སྐད་ཡིགམཁོ་མེད་སྨྲ་བམགོ་འབུར་བཞིན་ཡོད། འདི་འདྲའི་སྤྱི་ཚོགས་སེམས་ཁམས་དེས་སློབ་གྲྭ་ཆུང་འབྲིང་སྐབས་ཀྱི་བོད་རྒྱསྐད་གཉིས་སློབ་ཁྲིདམུ་མཐུད་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཚོགས་རྨང་གཞི་ལ་ཤུགས་རྐྱེན་དང་གཡོ་འགུལ་ཐེབས་པ་རེད། དེ་ནི་སྤྱི་ཚོགས་སུཕ་སྐད་འཇིག་ཉེནའབྱུང་བའི་སེམས་ཁམས་དེའི་ནང་རྐྱེན་གཙོ་བོའང་ཡིན་ནོ།། ཁྱིམ་བདག་ཁ་ཤས་ཀྱང་སྤྱི་ཚོགས་གནོན་ཤུགས་དང་མི་སྒེར་མདུན་ལམ་དང་ལས་དབང་གིས་བསྐུལ་ནས། བྱིས་པ་རྒྱའི་སྐད་ཡིག་གི་སློབ་གྲྭར་བསྐྱལ་ཡང་སློབ་སྦྱོང་གི་རྗེས་ཆོད་དཀའ་བས། མཐའ་མཇུག་བྱིས་པའི་བསླབས་འབྲས་འཕྲོ་བརླག་ཏུ་བཏང་སྟེ།སློབ་གྲྭར་འགྲིམ་དཀའ་བ་དེ་སློབ་གྲྭར་འགྲིམ་མི་ཐུབ་པར་གྱུརཔ་རེད། སྡེ་བའི་ཧྲུའུ་ཅི་དཔལ་འབུམ་གྱིས་སློབ་མ་འདི་རིགསསེར་པོ་གསེར་དུ་མི་ཚུད་ལ། དམར་པོ་ཟངས་སུའང་ཚུད་དཀའ།ཟེར། དུས་མཚུངས་སུ། རང་མི་རིགས་ཀྱི་ཕ་སྐད་ཤེས་པའི་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་རིམ་བཞིན་ཇེ་ཉུང་དུ་སོང་བ་དང་། གསར་དུ་བསྡུས་པའི་གཞི་རིམ་ལས་བྱེད་ཁྲོད། གྲངས་ཉུང་མི་རིགས་ཤེས་ལྡན་རྩེ་གྲས་དང་ཆེད་མཁས་མི་སྣ་འདི་རིགས་ཀྱང་རང་ཉིད་གཏོགས་པའི་ཚོགས་སྤྱི་དང་རིང་དུ་གྱེས་ཤིང་། རང་རིགས་སྤྱི་ཚོགས་ཀྱི་རིག་གནས་དང་ཐོན་སྐྱེད་འཚོ་བའི་རྣམ་པ་དེ་ཉིན་རེར་འབུར་ཐོན(དེ་ནི་དཔེར་ན་བོད་ཁུལ་དགོན་སྡེ་ནས་སྔོན་ཆད་བོད་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་རིང་དུ་གྱེས་པའི་མཐོ་རིམ་ཤེས་ལྡན་བཙུན་པ་མང་པོ་ཞིག་སྐྱེད་སྲིང་བྱས་པ་དང་མཚུངས)ཡིན། དེས་ན་ནུས་ཡོད་ཀྱིས་མི་རིགས་ས་གནས་དང་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ཡོངས་གཉོམ་ལག་རྒྱས་པ་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་མི་ཐུབ། ཚོགས་སྤྱི་ཁོངས་མི་མང་ཆེ་ཤོས་སྔར་བཞིན་འཕེལ་མེད་རྗེས་སུ་ལུས་ཤིང་། ཡང་ན་འཕེལ་རྒྱས་དལ་བའི་དཀའ་ཁག་གི་གནས་སུ་ཚུད་པ་དེས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་ཡར་ཐོན་ལ་བར་ཆད་ཚད་བཀག་བཟོས་ཡོད་པ་རེད། །


(མུ་འགོད)




རྩོམ་ཡིག་སྔོན་མ།
སྤྱིའི་དེབ་225
རྩོམ་ཡིག་རྗེས་མ།
སེམས་ཁོང་གི་མར་མེ་ཚེ་འབར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1