༄༅། །མངལ་ཡ་མཚན་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ཅི་རེད།

ལྷ་བྱ་དཀར་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-19


        སྦྲུམ་ཡ་མཚན་ལ་མངལ་མ་ཡ་གཟུགས་སྦྲུམ་པའང་ཟེར། དཔེར་ན། ལུས་སྦྲེལ་ཅན། མིག་ཡ་གཅིག་ཅན། མགོ་བོ་ལྷག་ཏུ་ཆེ་བ། རྐང་ལག་མི་ཚང་བ། ཁ་ཤོ་བ་སོགས་ལྟ་བུ་ལ་ཟེར། ཅིའི་ཕྱིར་དེ་འདྲའི་སྦྲུམ་ཡ་མ་གཟུགས་སྐྱེ་སྲིད་ཟེར་ན། 
གཅིག  ཕ་མའི་རྒྱུད་འཛིན་ལས་བྱུང་བ་དང་།
གཉིས། གཉེན་ཉེ་བར་དུ་གཉེན་སྒྲིག་པ་ལས་བྱུང་བ།
གསུམ། ནད་དུག་འགོས་པ་ལས་བྱུང་བ། ནད་དུག་བུ་རོགས་བརྒྱུད་ནས་མངལ་གནས་ཀྱི་བྱིས་པར་གནོད་པ་བཟོས་པ་ལས་བྱུང་བ།
བཞི། སྨན་རྫས་ཀྱིས་གནོད་པ་ལས་བྱུང་བ། མངལ་སྦྲུམ་སྐབས་དང་མངལ་སྦྲུམ་ནས་ཟླ་བ་གཉིས་ཀྱི་རིང་ལ་ཧ་ཅང་གཟབ་དགོས་པ་རེད། བྱིས་པར་སྐྱེས་གཟུགས་ཀྱི་མ་ལག་ད་རུང་ཆ་ཚང་ཆགས་ཐུབ་མེད་པས། དུག་སེལ་བའི་ནུས་པ་ཧ་ཅང་ཞན། གལ་ཏེ་དེའི་སྐབས་ལ་སྨན་བསྟེན་དགོས་ན། སྨན་པར་ལུས་སུ་མངལ་ཡོད་པའི་གནས་ཚུལ་ཞུས་ནས་ད་གཟོད་སྨན་པའི་ངག་བཞིན་སྨན་བཏུང་དགོས་པ་རེད། 
ལྔ། ཕྱིའི་ཁོར་ཡུག་ལས་བྱུང་བ། Xའོད་དང་བཟོ་ལས་ཀྱི་དབུགས་གཟུགས་བཙོག་པ། ཞིང་སྨན་ནང་གི་སྐྱེ་ལྡན་སྲིན་(砷)དང་ལུན་(磷)སོགས་ལ་རྒྱུན་དུ་ཐུག་རེག་བྱས་ན་སྦྲུམ་ཡ་མ་གཟུགས་ཆགས་སྲིད།
དྲུག  ཕྲུ་གུ་མངལ་ལས་ཤོར་ལོབ་ཅན་དང་དུད་ཆང་ལ་ལོངས་སྤྱོད་བྱེད་དྲགས་ན་ཡང་སྦྲུམ་ཡ་མ་གཟུགས་ཆགས་སྲིད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1