རྟའུ་རྫོང་གིས་ཤྭ་བོ་གཤིས་རྩྭ་སྨན་འདེབས་འཛུགས་རྟེན་གཞི་ལས་གཉེར་བ་ལས་གཞན། ད་དུང་དཔལ་སྨད་དང་སྦར་ཞབས། འདྲ་པ། གཡུ་ཁོག་བཅས་ཀྱི་ཡུག་ཁུལ་ཆེན་པོ་བཞི། ཡུལ་ཤོག་དང་གྲོང་བརྡ་13ཡིས་རྩྭ་སྨན་མུའུ་11700འདེབས་འཛུགས་བྱས་ཤིང་དུད་ཁྱིམ་1460ཡི་མི་གྲངས་10000ལྷག་ལ་ཡོངས་སུ་ཁེབས་པ་རེད། དེའི་ཁྲོད་དབུལ་ཕོངས་དུད་ཁྱིམ་863དང་དབུལ་ཕོངས་མི་གྲངས་5000ལྷག་འདུས། སྔོན་རྩིས་བྱས་པ་ལྟར་ན་ལོ་རེར་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་1750ཐོབ་ཐུབ་པ་དང་མི་200ལྷག་གི་ལས་ཞུགས་མངོན་འགྱུར་བྱུང་བ་རེད། ཐོན་སྐྱེད་དང་འདོན་སྤྲོད། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་རྩྭ་སྨན་འདེབས་འཛུགས་ཀྱི་ཕྱུག་འགྱུར་ལམ་བུ་ཞིག་རྟའུ་རྫོང་དུ་འདི་ལྟར་འགོ་བརྩམས་པ་རེད།།