སྟོན་པའི་གོས་སྐུ་ཆེན་མོས་འཛམ་གླིང་ཟིན་ཐོ་བསྐྲུན།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-21


        སྤྱི་ཟླ་7པའི་ཚེས་19ཉིན། འཛམ་གླིང་ཐོག་ཆེས་ཆེ་བའི་གོས་སྐུ་ཆེན་མོ་སྟེ《སྟོན་པའི་གོས་སྐུ་ཆེན་མོ།》ཡི་འཛམ་གླིང་ཟིན་ཐོའི་བདེན་སྤྲོད་བྱེད་སྒོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དཔལ་ཐང་རྩྭ་ཐང་དུ་སྤེལ་བ་རེད། མིག་སྔའི་འཛམ་གླིང་གི་ཆེས་ཆེ་བའི་གོས་སྐུ་ཆེན་མོ་འདིའི་ཇུས་འགོད་དང་སྒྲིག་སྦྱོར་ནི་སྤྱི་ལོ་2003ནས་འགོ་བརྩམས་ཤིང་གོས་སྐུ་ཆེན་མོ་འདིའི་འགན་འཛིན་པ་ནི་ཡུལ་ཤུལ་ཁུལ་གྱི་བོད་ལྭ་ཇུས་འགོད་པ་ཕུར་བུ་སྒྲོལ་མ་ཡིན་ལ། འཚེམ་དྲུབ་ཀྱི་འགོ་མ་བརྩམས་པའི་སྔོན་དུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་སྤུས་དག་རས་རྒྱུ་བསྡུ་ཉོ་དང་གྲ་སྒྲིག་ཚགས་དམ་བྱས་ཤིང་སྤྱི་ལོ་2015ལོར་ལེགས་པོར་གྲུབ་པ་ལགས། 

ཇུས་འགོད་པ་ཕུར་བུ་སྒྲོལ་མ།

     གོས་སྐུ་ཆེན་མོ་འདིའི་སྤྱིའི་རིང་ཚད་ལ་སྨི་123དང་ཞེང་ཚད་ལ་སྨི་87 སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་10701ཡོད་ལ། ལྷོ་མི་ཡེལ དགོན་པའི་ལྷོ་པ་སྐྱབས་མགོན་རིན་པོ་ཆེས་སྤྱིའི་འགྲོ་གྲོན་དམངས་སྒོར་ཁྲི་470བཏང་ནས་བཞེངས་པ་རེད། ལོ་ངོ་བདུན་གྱི་རིང་ལ་དཀའ་བ་ཁྱད་བསད་བྱས་ནས་ལེགས་པར་གྲུབ་པའི་གོས་སྐུ་ཆེན་མོ་འདི་འཛམ་གླིང་ཟིན་ཐོའི་བདེན་སྤྲོད་མི་སྣས་ཡུལ་དངོས་སུ་ཚད་འཇལ་བྱས་པ་བརྒྱུད་འཛམ་གླིང་གི་ཆེས་ཆེ་བའི་གོས་སྐུར་བདེན་སྤྲོད་བྱས་པ་རེད། 

འཛམ་གླིང་ཟིན་ཐོའི་བདེན་སྤྲོད་དཔང་ཡིག་གནང་བཞིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1