ཕག་གཡུ་གྲོང་ཚོས་ལག་པ་གཉིས་ལ་བརྟེན་ནས་བདེ་སྐྱིད་ཕུགས་འདུན་འགྲུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 07-28


        དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་སྐབས་སུའང་ནག་ཆུ་ས་ཁུལ་གཉན་རོང་རྫོང་སེ་ཆེན་ཤང་ཕག་གཡུ་གྲོང་ཚོ་ནི་སྐད་གྲགས་ཡོད་པའི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན་པས།  ལོ་རེའི་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་གཅིག་སྟོང་ཡང་ཟིན་མེད།  སྤྱི་ལོ་2009ལོར་ཕག་གཡུ་གྲོང་ཚོས་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས།  ཐུན་མོང་ཐོག་གཞི་ཁྱོན་ཅན་གྱི་འབྲི་གཡག་གསོ་ཚགས་ལ་བརྟེན་ནས་འོ་མ་སོས་པ་དང་དཀར་རིགས་ཐོན་རྫས་ཕྱིར་འཚོང་བྱས་པས་ཕྱུག་འགྱུར་ལམ་གསར་ཞིག་ཏུ་ཕྱིན་ཡོད།  སྤྱི་ལོ་2016ལོའི་ལོ་མཇུག་བར་ཕག་གཡུ་གྲོང་ཚོའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་ཕྱུགས་རིགས་མགོ་གྲངས་361ཟིན་པ་དང་།  སྡོམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་147 བསགས་པ་དང་མི་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི 1.1ཟིན་ཡོད།  ཕྱུགས་རིགས་མགོ་གྲངས་མང་དུ་ཕྱིན་པ་དང་བསྟུན་འོ་མའི་ཐོན་ཚད་མཐོ་རུ་ཕྱིན་ཏེ།  མཉམ་ལས་ཁང་གི་ཉིན་རེའི་འོ་མའི་ཐོན་རྫས་ཚོང་གཉེར་བྱེད་ཚད་སྒོར་4000 ཟིན་གྱི་ཡོད།  ད་ཆ་ཕག་གཡུ་གྲོང་ཚོ་ནག་ཆུའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཐོག་མ་དེར་གྱུར་ནས།  གྲོང་མིས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ཀྱི་ཕུགས་འདུན་མངོན་སུམ་དུ་འགྲུབ་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1