ཅི་འདྲ་ཞིག་ལ་དམངས་དོན་ཁེ་དབང་ནུས་པ་ཟེར་ཞིང་རང་རྒྱལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ཅི་ཡིན།
དམངས་དོན་ཁེ་དབང་ནུས་པ་ཅེས་པ་ནི་བཅའ་ཁྲིམས་ཀྱིས་དམངས་དོན་བྱེད་པོ་ལ་གནང་བའི་དམངས་དོན་ཁེ་དབང་དང་དམངས་དོན་འོས་འགན་འཁུར་བའི་ནུས་པ་ཡོད་པར་གོ་ཞིང་། དམངས་དོན་བྱེད་པོར་ཁེ་དབང་དང་འོས་འགན་འཁུར་བའི་འོས་བབ་ལྡན་པ་དང་། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། 《 དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ།》གྱི་དོན་ཚན་9པ་དང་10བའི་གཏན་འབེབས་ལྟར་ན། སྤྱི་དམངས་ལྟར་དམངས་དོན་ཁེ་དབང་ཡོད་ལ། དམངས་དོན་འོས་འགན་འཁུར་དགོས། སྤྱི་དམངས་ཀྱི་དམངས་དོན་ཁེ་དབང་ནུས་པ་ཚང་མ་འདྲ་མཉམ་ཡིན།
ཅི་འདྲ་ཞིག་ལ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཟེར། རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་བྱ་སྤྱོད་ནུས་པ་ཆ་ཚང་ལྡན་པའི་མིའི་ཆ་རྐྱེན་ཅི་ཡིན།
དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ནི་དམངས་དོན་བྱེད་པ་པོ་ཡིས་རང་ཚུལས་ཀྱིས་དམངས་དོན་ཁྲིམས་ལུགས་ཀྱི་བྱ་སྤྱོད་སྤེལ་བའི་ཐོབ་ཐང་ལ་ཟེར། རང་རྒྱལ་གྱི་སྤྱི་དམངས་ལ་དམངས་དོན་བྱ་སྤྱིད་སྤེལ་བའི་ནུས་པ་ཆ་ཚང་ཡོད་དགོས་ན་འོག་གི་ཆ་རྐྱེན་གཉིས་དེ་འཛོམས་དགོས་ཏེ། ལོ་ན་18ཡན་ཆད་ཡིན་དགོས་ཁ་དང་བསམ་བློ་བདེ་ཐང་རྒྱུན་ལྡན་ཡིན་དགོས།ལོ་ན་16ལོན་ཞིང་18མ་ཚང་བའི་སྤྱི་དམངས་ཀྱིས་རང་གི་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་རག་པ་དང་ས་གནས་དེའི་མང་ཚོགས་ཀྱི་སྤྱིར་བཏང་གི་འཚོ་བའི་འབྱུང་ཁུངས་བྱེད་པའི་དམངས་དོན་བྱ་སྤྱོད་སེལ་བའི་ནུས་པ་ཆ་ཚང་ལྡན་པའི་མི་ལ་ངོས་འཛིན་བྱས་ཆོག
མི་གང་དག་ནི་བྱ་སྤྱོད་སྤེལ་བའི་ནུས་པ་ཚད་འཛིན་བྱེད་པའི་མི་ཡིན། མི་གང་དག་ནི་བྱ་སྤྱོད་སྤེལ་མི་ནུས་པའི་མི་ཡིན།
ལོ་ན་10ཡན་ཀྱི་ནར་མ་སོན་པའི་མི་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་བའི་ནུས་པ་ཚད་འཛིན་བྱེད་པའི་མི་ཡིན། ཁོའི་ལོ་ཚོད་རིག་པ་དང་འཚམ་པའི་དམངས་དོན་བྱ་འགུལ་སྤེལ་ཆོགགཞན་མིན་གྱི་དམངས་དོན་བྱ་འགུལ་ནི་ཁོའི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་མི་ཡིས་ལས་རོགས་བྱེད་དགོས་པའམ་ཁོའི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་མིས་བློར་བབས་དགོས། རང་གི་བྱ་སྤྱོད་གསལ་པོར་མི་ཤེས་པའི་བསམ་བློ་སྐྱོན་ཅན་གྱི་མི་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་བའི་ནུས་པ་ཚད་འཛིན་བྱེད་པའི་མི་ཡིན། ཁོས་རང་གི་བསམ་བློའི་བདེ་ཐང་གི་གནས་བབ་དང་ཚད་འཛིན་བྱེད་པའི་མི་ཡིན། ཁོས་རང་གི་བསམ་བློའི་བདེ་ཐང་གི་གནས་བབ་དང་འཚམ་པའི་དམངས་དོན་བྱ་འགུལ་སྤེལ་ཆོགགཞན་མིན་གྱི་དམངས་དོན་བྱེད་སྒོ་དེ་ཁོའི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་མི་ཡིས་ལས་རོགས་བྱེད་དགོས་པའམ་ཡང་ན་ཁོའི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་མི་འཐད་དགོས།
ལོ་ན་10ལོན་མེད་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་བའི་ནུས་པ་མེད་མཁན་གྱི་མི་ཡིན་པས། ཁོའི་ཁྲིམས་ཀྱིས་གཏན་འཁེལ་བྱེད་པའི་ལས་མི་ཡིས་དམངས་དོན་བྱ་འགུལ་ལས་རོགས་བྱ་དགོས།
རང་གི་བྱ་སྤྱོད་གསལ་པོར་མི་ཤེས་པའི་བསམ་བློ་སྐྱོན་ཅན་གྱི་མི་དམངས་དོན་བྱ་སྤྱོད་སྤེལ་བའི་ནུས་པ་མེད་མཁན་གྱི་མི་ཡིན་པས། ཁོའི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་མི་ཡིས་དམངས་དོན་བྱེད་སྒོ་ལས་རོགས་བྱ་དགོས།