འོས་འགན་སྨན་བཅོས་འབྲོག་ཁུལ་དུ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 07-31


      གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་བཏང་ནས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་བཏང་སྟེ།  ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་ཆེད།  ཉེ་དུས་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་གྲོང་ཚོ་ཁག་ཏུ་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་དོན་རུ་ཁག་གིས་ནག་ཆུ་ས་ཁུལ་ཐུང་ཧོ་སྨན་ཁང་དང་འབྲེལ་བ་བྱས་ཏེ།  རྩ་རིང་གྲོང་རྡལ་དུ་འབྲོག་ཁུལ་གྱི་མང་ཚོགས་ཚོར་འོས་འགན་སྨན་བཅོས་བྱས་པ་དང་ད་རེས་ཀྱི་འོས་འགན་སྨན་བཅོས་ནང་འབྲོག་པ་མང་ཚོགས་200 ཙམ་གྱིས་ནད་གཞི་བལྟ་བར་ཡོང་ཡོད།  ས་གནས་ས་ཐོག་ཏུ་རིན་མེད་ངང་སྒོར་ཁྲི་ཙམ་རི་བའི་སྨན་སྤྲད་པ་དང་རིན་གོང་སྒོར་ཁྲི་གཅིག་ལྷག་ཙམ་རི་བའི་རིན་མེད་སྨན་བཅོས་གཱ་སྤྲད་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1