དཀར་མཛེས་བོད་རིགས་རང་སྐྱོང་ལྗོངས་ཉག་ཆུ་རྫོང་མགོ་ལོག་ཤུལ་གྲོང་རྡལ་རྒྱ་བཙུགས་སྡེ་བའི་མིང་གཞན་ལ་ཁམས་པའི་ཕོ་རྒོད་སྡེ་བ་ཞེས་བྱ་ལ། དེ་ནི་ཁམས་པའི་རིག་གནས་ཀྱི་རྫོང་ཤིན་ཏུ་སྟུག་པའི་ས་ཆ་ཞིག་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་སྡེ་བ་ཡོངས་ལ་སྡེ་མི་863ཡོད་པ་དང་དེ་ལས་སྡེ་མི་380ནི་ཕོ་ཡིན་ལ་ཆ་སྙོམས་ཀྱི་གཟིགས་གཞིའི་རིང་ཚད་ལ་ལི་སྨི་180ཡོད། ཡིན་ནའང་རྫིག་ཉམས་དང་སྟོབས་ཉམས་ཀྱིས་ཁེངས་པའི་སྡེ་བ་འདི་ད་ལྟའི་བར་དུ་དབུལ་ཕོངས་ཀྱི་སྡེ་བ་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་སྡེ་བ་འདིའི་ཕོ་རྒོད་རྣམས་ཀྱིས་གཟུགས་ཞལ་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་བའི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་འགོ་བརྩམས་པ་རེད།།