ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་ནས་གཟབ་རྒྱས་ངང་བསྡུས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་དྲ་བ། སྤེལ་དུས། 08-02
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ་བརྒྱད་པའི་ཚེས་གཅིག་ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་པོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུའི་སྟེང་གཏམ་བཤད་གལ་ཆེན་སྤེལ་ནས། མི་དམངས་དམག་དཔུང་གི་ལོ་རྒྱུས་འོད་སྟོང་ལྡན་པ་ནི་ཟུངས་ཁྲག་དང་ཚེ་སྲོག་གིས་བྲིས་པའི་ལོ་རྒྱུས་ཡིན་པས། ང་ཚོས་དུས་གཏན་དུ་སེམས་ལ་བརྟན་པོར་འཛིན་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ནི་དཀའ་སྤྱད་འཚོལ་ཞིབ་བྱས་ཏེ་ཐོབ་པ་ཡིན་པས། ང་ཚོས་དུས་གཏན་དུ་དར་སྤེལ་གཏོང་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཀྱི་གོང་འཕེལ་ནི་བློ་དཀར་ཁག་ཁུར་ལ་བརྟེན་པ་ཡིན་པས། དུས་གཏན་དུ་ང་ཚོ་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས་པ་དང་། ཀྲུང་གོ་མི་དམངས་ཀྱིས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དགོས་ན། ངེས་པར་དུ་མི་དམངས་དམག་དཔུང་འཛམ་གླིང་གི་རྩེ་གྲས་དམག་དཔུང་དུ་མྱུར་མོར་འཛུགས་སྐྲུན་བྱེད་དགོས། ང་ཚོས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་མུ་མཐུད་དུ་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་སྒོས་སྐྱོད་པ་དང་། དམག་དར་ལས་དོན་རྒྱུན་ཆད་མེད་པར་གོང་འཕེལ་དུ་བཏང་ནས། ཏང་གི་གནས་བབ་གསར་བའི་འོག་གི་དམག་དར་དམིགས་འབེན་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་ཀྲང་ཏེ་ཅང་། ཡུས་ཀྲེན་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་ཆེན་ལ་ཞུགས།
མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་གཟབ་རྒྱས་དང་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ལ། ཀྲུའུ་ཞིའི་སྟེགས་བུའི་ཀླད་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཞེས་པའི་ཚོགས་རྟགས་བཀལ་ཡོད། རྒྱབ་རས་ཀྱི་དཀྱིལ་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་རྟགས་དང1927ནས2017ཞེས་པའི་ཡིག་འབྲི་གསལ་ལྷང་ངེར་ཡོད་པ་དེའི་ལོགས་གཉིས་སུ་དར་དམར་བཅུས་བརྒྱན་ཡོད། ཚོམས་ཆེན་ཉིས་ཐོག་གི་གཟིགས་སྟེགས་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱས་ཏེ། ཏང་གི་གནས་བབ་གསར་བའི་འོག་གི་དམག་དར་དམིགས་འབེན་མངོན་འགྱུར་བྱས་ཏེ་མི་དམངས་དམག་དཔུང་འཛམ་གླིང་གི་རྩེ་གྲས་དམག་དཔུང་དུ་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བྲིས་པའི་སྦྱར་ཡིག་བཀལ་ཡོད།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་རར་ཐོན།
སྔ་དྲོའི་དུས་ཚོད་བཅུའི་སྟེང་། ལི་ཁེ་ཆང་གིས་ཚོགས་ཆེན་འགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་གཅིག་སྟོང་དགུ་བརྒྱ་ཉེར་བདུན་ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན། ནན་ཁྲང་མཁར་ནས་མེ་མདའི་སྐད་ཅིག་གྲགས་པ་དང་བསྟུན་ནས། ང་ཚོའི་ཏང་གིས་གོ་མིན་ཏང་ངོ་རྒོལ་ཤོག་ཁག་ལ་དྲག་ཤུགས་ཀྱིས་འགོག་རྒོལ་བྱེད་འགོ་བརྩམས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་དོན་དག་ཅིག་ཡིན་པ་དང་། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་སྟེང་གི་རླབས་ཆེན་དོན་དག་ཅིག་ཡིན་ལ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་རླབས་ཆེན་དོན་དག་ཅིག་ཀྱང་ཡིན། དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་མི་དམངས་དམག་དཔུང་དཔའ་ངར་ཆེན་པོས་ཀྲུང་གོ་མི་དམངས་བཅིངས་འགྲོལ་བྱེད་པ་དང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་འཚོལ་བ། ཀྲུང་ཧྭ་མི་རིགས་ཀྱི་རང་བཙན་གཉེར་བ་དང་བསྐྱར་དར་བསམ་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་ཞུགས་འགོ་བརྩམས་ནས། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་དུ་འབྲེལ། ལོ་ངོ་དགུ་བཅུའི་རིང་ལ། མི་དམངས་དམག་དཔུང་གིས་དམག་འཁྲུག་ཁྲོད་ནས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསལ་ཏེ། འོད་སྟོང་ལྡན་པའི་རྒྱལ་ཁ་རབ་དང་རིམ་པ་བླངས་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་ལོ་རྒྱུས་ཀྱི་བྱས་རྗེས་རླབས་ཆེན་བཞག་ཅེས་གསུངས།
ཞི་ཅིན་ཕིང་གིས་ལོ་ངོ་དགུ་བཅུའི་རིང་ལ། ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་བར་ཆད་ཁྲོད་ནས་དར་རྒྱས་སུ་སོང་བ་དང་། དཀའ་སྡུག་ཁྲོད་ནས་གོང་འཕེལ་དུ་སོང་སྟེ། སྔ་ན་མེད་པའི་ལོ་རྒྱུས་ཀྱི་འགྱུར་ལྡོག་བྱུང་བ་དང་། ཡར་ལངས་པ་ནས་ཕྱུག་པོར་གྱུར་བ་དང་། དེ་ནས་སྟོབས་ཅན་དུ་གྱུར་པའི་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱས། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བརྟན་པོ་བྱས་པའི་རྒྱལ་ཁ་ཡིན་པ་དང་། ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པའི་རྒྱལ་ཁ་ཡིན་ལ། མི་དམངས་དམག་དཔུང་གིས་དཔའ་ངར་ཆེན་པོས་འབད་འཐབ་བྱས་པའི་རྒྱལ་ཁ་ཡང་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཏང་གི་བཀོད་འདོམས་ལ་ཉན་པ་དང་། དམག་འཁྲུག་ལས་རྒྱལ་ཐུབ་པ། ཀུན་སྤྱོད་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པའི་ཏང་གི་གནས་བབ་གསར་བའི་འོག་གི་དམག་དར་གྱི་དམིགས་འབེན་འདི་བཏོན་ནས། བབ་བསྟུན་མདུན་སྐྱོད་ཀྱིས་དམག་དོན་འཐབ་ཇུས་མཛུབ་སྟོན་གསར་གཏོད་བྱས་པ་དང་། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་གཏན་འབེབས་བྱས་ལ། ཆབ་སྲིད་དམག་འཛུགས་ལ་ཤུགས་ཆེན་པོ་བསྣན་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་སྤེལ་བ་མ་ཟད། རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་པ་དང་། ཁྲིམས་ལྟར་དམག་དཔུང་བསྐྱངས་པ་དང་དམག་དཔུང་ནན་མོར་བསྐྱངས་ནས། མི་དམངས་དམག་དཔུང་གི་འཛུགས་སྐྲུན་སྤུས་ཚད་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་། ལོ་ལྔའི་འབད་བརྩོན་བརྒྱུད་དེ། མི་དམངས་དམག་དཔུང་གིས་ཆབ་སྲིད་སྐྱེ་ཁམས་སླར་གསོ་དང་རྩ་འཛུགས་རྣམ་པ་སླར་གསོ། སྟོབས་ཤུགས་མ་ལག་སླར་གསོ། སྤྱོད་ཚུལ་སྣང་བརྙན་སླར་གསོ་བཅས་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་སྟེང་དུ་གོམ་སྟབས་བརྟན་པོ་སྤོ་བཞིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་གནས་བབ་གསར་བའི་འོག་གི་དམག་དར་ལས་དོན་སྤེལ་བར་རེ་བ་དྲུག་བཏོན། གཅིག ངེས་པར་དུ་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། མི་དམངས་དམག་དཔུང་དུས་གཏན་དུ་ཏང་གི་རྗེས་སུ་འབྲངས་པར་ཁག་ཐེག་བྱེད་པ་དང་། ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་དབང་ཟིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས། གཉིས། ངེས་པར་དུ་ཏང་གི་དམག་དོན་མཛུབ་སྟོན་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། མར་ཁེ་སི་རིང་ལུགས་ཀྱི་དམག་དོན་གཞུང་ལུགས་དང་དེང་རབས་ཀྲུང་གོའི་དམག་དོན་ལག་ལེན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ལ། དམག་ཡོངས་ཀྱིས་ཏང་གི་དུས་སྐབས་གསར་བའི་དམག་དར་བསམ་བློས་དྲག་ཆས་དཔོན་དམག་གི་ཤེས་རྒྱ་བསྐྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་དམག་དོན་གཞུང་ལུགས་ལ་དམག་དར་གྱི་རླབས་ཆེན་ལག་ལེན་ཁྲོད་དུ་བདེ་ལུགས་ཀྱི་འོད་སྣང་འཕྲོ་བར་བྱེད་དགོས། གསུམ། ངེས་པར་དུ་དུས་ནམ་ཡིན་ཡང་འཐབ་འཁྲུག་ལ་གྲ་སྒྲིག་བྱས་ཏེ། བོས་མ་ཐག་ཏུ་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་པ་བཅས་ཀྱི་ཧྲག་དམག་གི་དཔུང་ཁག་སྐྲུན་དགོས་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བཅས་བྱེད་དགོས། བཞི། ངེས་པར་དུ་ཆབ་སྲིད་ཀྱིས་དམག་དཔུང་སྐྲུན་པ་དང་། བཅོས་སྒྱུར་གྱིས་དམག་དཔུར་སྟོབས་དང་ལྡན་པར་བྱེད་པ། ཚན་རྩལ་གྱིས་དམག་དཔུང་དར་རྒྱས་སུ་གཏོང་བ། བཅའ་ཁྲིམས་ཀྱིས་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། ལྔ། ངེས་པར་དུ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱས་ཏེ། དམག་དམངས་གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་བཙུགས་ཏེ། རྒྱུ་རྐྱེན་མང་ཞིང་ཁྱབ་ཁོངས་མང་ལ། ཕན་འབྲས་མཐོ་བའི་དམག་དམངས་མཉམ་འདྲེས་ཟབ་མོའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་བྱེད་དགོས། དྲུག ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། དུས་ནམ་ཡང་མི་དམངས་ཀྱིས་བློ་གཏོད་པ་དང་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་པ། མི་དམངས་ཀྱིས་དགའ་ཞེན་བྱེད་པ་བཅས་ཀྱི་དམག་དཔུང་བྱས་ཏེ། མང་ཚོགས་ལ་འབྲེལ་འདྲིས་ཟབ་མོ་བྱེད་པའི་གོམས་སྲོལ་བཟང་པོ་དར་སྤེལ་བྱས་ནས། དུས་གཏན་དུ་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་མཁན་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེའི་འཛུགས་སྐྲུན་མཁན་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོབ་མཁན་བཅས་ཡིན་ཞིང་། ཀྲུང་གོའི་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་འགྱུར་མེད་ཀྱི་སྟོབས་ཤུགས་ཡིན། ཀྲུང་གོའི་དམག་དཔུང་གིས་སྔར་བཞིན་རྒྱལ་སྤྱིའི་དམག་དོན་བརྗེ་རེས་དང་མཉམ་ལས་སྤེལ་བ་དང་། མཉམ་དུ་འཛམ་གླིང་རང་བཞིན་གྱི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱས་ཤིང་། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་དང་འཚམ་པའི་འགན་འཁྲི་དང་འོས་འགན་ལག་བསྟར་གང་ལེགས་བྱས་ཏེ། མིའི་རིགས་ཀྱི་ཚེ་སྲོག་གི་ཐུན་མོང་ཚོགས་པ་འཛུགས་པར་ཡར་སྐུལ་གཏོང་བའི་ཐད་སྟོབས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཞེས་གསུངས།
ལེ་ཁེ་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་གནང་སྐབས་གསུང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ལོ་ངོ་དགུ་བཅུའི་རིང་ཏང་གིས་མི་དམངས་དམག་དཔུང་གི་འགོ་ཁྲིད་དེ་ཉམས་ཞན་ནས་སྟོབས་ལྡན་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་། མི་དམངས་དམག་དཔུང་གིས་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བཅིངས་འགྲོལ་དང་བདེ་སྐྱིད་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་རང་བཙན་དང་བསྐྱར་དར་ཐད་བརྩོན་པ་ཆེར་བསྐྱེད་བྱས་པའི་རླབས་ཆེ་བའི་ལོ་རྒྱུས་བྱས་རྗེས་ལ་གཟེངས་བསྟོད་བྱས་པ་དང་། མི་དམངས་དམག་དཔུང་གི་འཕེལ་རྒྱས་སྟོབས་ལྡན་དང་དགྲ་འགོག་རྒྱལ་བརྩོན་གྱི་ཐབས་མཆོག་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་རྒྱས་བཤད་བྱས་པར་མ་ཟད། དམག་དོན་སྟོབས་ལྡན་དུ་གཏོང་བར་ཡར་སྐུལ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་གི་རིམ་པ་དང་པོའི་དམག་དཔུང་དུ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དམ་འཛིན་བྱེད་དགོས་པའི་གཞི་རྩའི་རེ་བ་བཏོན་ཡོད། ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་ལོན་པར་བྱེད་པ་དང་ལག་ལེན་མཐའ་འཁྱོལ་བྱ་དགོས། ང་ཚོ་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། ཐོག་མའི་ཕུགས་འདུན་མི་བརྗེད་པར་མུ་མཐུད་མདུན་བསྐྱོད་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་དུ་བསྐྱོད་པ། ནན་ནན་ཏིག་ཏིག་གིས་དམག་དཔུང་ལས་དོན་ལ་ཡར་སྐུལ་བཏང་སྟེ། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་གསུངས།
ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་གི་དམག་གླུའི་འགྱུར་ཁུགས་ཁྲོད་ནས་མཇུག་སྒྲིལ་བ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1