ཉེ་ཆར་འཕྱོངས་རྒྱས་རྫོང“གཉིས་གཏོད”གཞུང་ལས་ཁང་གིས་ལྷོ་ཁ་ཧུང་ཐུའུ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་། ཡར་ཀླུང་ལས་རིགས་གསོ་སྦྱོང་སློབ་གྲྭ ལྕམ་མཛེས་མ་གསོ་སྦྱོང་སློབ་གྲྭ་བཅས་དང་མཉམ་དུ་འཕྱོངས་རྒྱས་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་པ་དབུལ་པོར་རྩལ་ནུས་གསོ་སྐྱོང་བྱས་ཤིང་། མིག་སྔར་ཚ་ཚ་འུར་འུར་ངང་གསོ་སྦྱོང་བྱེད་བཞིན་ཡོད་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད། དུད་ཚང་དབུལ་པོའི་ཞིང་འབྲོག་པས་ལག་རྩལ་སྣ་གཅིག་སྦྱོང་ཐུབ་པ་མ་ཟད། གཞན་བརྟེན་རྣམ་པའི་དབུལ་སྐྱོར་རང་བརྟེན་རྣམ་པའི་དབུལ་སྐྱོར་ལ་གྱུར་བ་མ་ཟད། དེ་སྔའི་ཤུགས་ལས་རྣམ་པའི་ངལ་རྩོལ་ད་ཆའི་ལག་རྩལ་རྣམ་པའི་ངལ་རྩོལ་དུ་གྱུར་ནས་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ཁྲོད་དུད་ཚང་དབུལ་པོའི་རྩལ་ནུས་ཆེ་རུ་འགྲོ་ངེས་ཡིན་པ་རེད། །
འདི་ནི་ཞོལ་སྡེ་ཁུལ་གྲོང་ལྷན་གྱི་ཞིང་འབྲོག་པས་ཚལ་གཏུབ་སྟངས་སྦྱོང་བ།
འདི་ནི་དཔལ་རི་གྲོང་ལྷན་གྱི་ཞིང་འབྲོག་པ་དབུལ་པོས་ཞལ་བ་གཏོང་སྟངས་སྦྱོང་བ།