དེ་ནས་འོག་གི་བཙན་བཞིའམ། །
ཕུན་སུམ་ཚོགས་པའི་བོད་རྒྱལ་བཞི། །
རྒྱལ་པོ་འོག་གི་བཙན་བཞིའི་དུས།
1. སྤུ་རྒྱལ་ཉེར་དགུ་པ་ཁྲི་གཉན་གཟུང་བཙན་ནི། ཡབ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང༌། ཡུམ་རྣོ་བཟའ་མང་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཞང་ཞུང་ཚ་ལ་ཞེས་པས་མཛད། སྦས་སྣང་གཞེར་ལྷ་བཙན་དང༌། མགར་ཁྲི་འབྲིང་གཉིས་ཀྱིས་བློན་པོ་བྱས། སྤྱི་ལོ་493པ་ཆུ་བྱ་ལོར་བོད་ཀྱི་རྒྱལ་པོར་གྱུར། རྒྱལ་པོས་རང་གི་མའི་མིང་པོ་ལ་ཞང་ཞེས་བོས་པས་དེའི་ཕྱིན་ཆད་མ་ཡི་མིང་པོ་ལ་ཞང་དུ་འབོད་པའི་སྲོལ་བྱུང་ཞིང༌། དེའི་ཡན་གྱི་དུས་སུ་ཞང་ལ་ཇོ་བོ་ཞེས་འབོད་སྲོལ་ཡོད། འབྲོ་བཟའ་མོ་དུང་ཡང་གཞེར་ཁབ་ཏུ་བཞེས། སྤྱི་ལོ་516པ་མེ་སྤྲེལ་ལོར་གཤེགས། སྐུ་གཤེགས་རྗེས་བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང་དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ་བ་ཞིག་ཡོད་དོ།
● ཉེར་དགུ་པ་ཁྲི་གཉན་གཟུང་བཙན།
2. སྤུ་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེའུ་བཙན་ནི། ཡབ་ཁྲི་གཉན་གཟུང་བཙན་དང༌། ཡུམ་འབྲོ་བཟའ་མོ་དུང་ཡང་གཞེར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཕོན་པོ་མ་རུང་གིས་མཛད། མཆིམས་བཟའ་ཀླུ་རྒྱལ་ཁབ་ཏུ་བཞེས། སྙགས་ཐང་པ་ཡར་རྗེས་བློན་པོ་མཛད། སྤྱི་ལོ་516པ་མེ་སྤྲེལ་ལོར་བོད་ཀྱི་རྒྱལ་པོར་གྱུར། སྐུ་གཞོན་པའི་དུས་སུ་སུམ་པའི་ཡུལ་དུ་བྱོན་སྐབས་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་ཆ་ལྕམ་བྱ་བ་དང་འབྲེལ་བ་བྱུང་ནས་སྲས་སུམ་རི་རིང་པོ་ཞེས་པ་ཞིག་འཁྲུངས་ཀྱང་ངོས་མ་བླངས། རྗེས་སུ་རྒྱལ་པོར་མཛེ་ནད་ཕོག་པ་དང༌། བཙུན་མོར་ཡང་སྲས་དམུས་ལོང་ཞིག་འཁྲུངས། དེ་ཅུང་ཟད་ཆེར་ལོངས་པ་ན་ཡབ་ཀྱིས། ཁྱོད་ཀྱིས་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེས་ལ་རྒྱལ་ས་ཟུངས། གལ་ཏེ་མིག་འབྱེད་མ་ཐུབ་ན་སུམ་པའི་ཡུལ་དུ་བོན་པོའི་ཆུང་མ་རྒྱ་མོ་ཆ་ལྕམ་བྱ་བ་ལ་ངའི་བུ་སུམ་རི་རིང་པོ་ཞེས་པ་ཡོད་པ་དེ་བོས་ནས་ཁྱོད་རང་གཤེགས་རྫུ་གྱིས་ལ་ཁོ་རྒྱལ་སར་ཆུག”ཅེས་གསུངས་ཏེ། ཡབ་ཡུམ་གཉིས་བློན་པོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་འགོས་ནད་མི་ཕོག་པའི་ཆེད་དུ་ཡར་ཀླུང་ཞང་མདར་བང་སོ་བརྩིགས་ནས་གསོན་པོར་དུར་དུ་བཞུགས་པར་གྲགས་ཤིང་། བང་སོའི་མིང་ལ་ཡང་གསོན་མཆད་ཟླུམ་པོ་ཞེས་ཟེར་རོ།ཞེས་སོགས་བོད་དུ་དཀར་ཡོལ་བྱུང་བའི་དུས་ཚོད་དང༌། དཀར་ཡོལ་བཟང་ངན་བརྟག་ཐབས་སོག་གསལ་པོར་གསུངས་ཡོད།
● སུམ་ཅུ་པ་འབྲོང་གཉན་ལྡེའུ་བཙན།
ཡབ་མེས་བཀའ་ལས་འདའ་བའི་ཁོངས། །སྟག་རི་གཉན་གཟིགས་དགུང་དུ་གཤེགས། །
● དཀར་ཡོལ་བཟོ་བ།
3. སྤུ་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ནི། ཡབ་འབྲོང་གཉན་ལྡེའུ་བཙན་དང༌། ཡུམ་མཆིམས་བཟའ་ཀླུ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། འདི་ཉིད་བལྟམས་པའི་དུས་སུ་དམུས་ལོང་དུ་བྱུང་བ་ལ། འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེས་པས་སྟག་མོ་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་ཐུབ་པ་བྱུང་བས་མཚན་ལ་སྟག་རི་གཉན་གཟིགས་སུ་གསོལ་བར་གྲགས། སྤྱི་ལོ་556པ་ཤིང་ཕག་ལོར་བོད་ཀྱི་རྒྱལ་པོར་གྱུར། སྐབས་དེར་རྒྱལ་ཕྲན་གོང་མ་རྣམས་ཀྱི་དུས་སུ་བཀའ་ཡི་མངའ་ཁོངས་ལས་འདས་པའི་རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་ཏུ་འདུས། བན་པོ་རྗེ། འ་ཞ་རྗེ། དྲང་གར་རྗེ། ཟིང་པོ་རྗེ། ཞང་ཞུང་རྗེ་རྣམས་འདུལ་བའི་འགོ་ཚུགས། ཉང་སྦས་གནོན་གསུམ་འབངས་སུ་ཆུད། བྲེ་དང་ཕུལ་སྲང་བཅོས། འབྲུ་མར་རྣམས་ཚད་ལ་བཅལ་བ་སོགས་ཚོང་ལས་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་བའི་དུས་རབས་ཤིག་ཡིན། སྐུ་གཤེན་ར་སངས་ཁྲི་ནེ་ཁོད་ཀྱིས་མཛད། སྟོང་བཙུན་འབྲོ་དཀར་ཁབ་ཏུ་བཞེས། སྣ་ནམ་མང་གཉའ་དང༌། སྦྲ་ཁྲི་ཟུང་ལན་པ་གཉིས་ཀྱིས་བློན་པོ་མཛད།
● སོ་གཅིག་པ་སྟག་རི་གཉན་གཟིགས།
རྒྱལ་པོ་འདིའི་དུས་བོད་ཀྱི་མཛངས་བློན་བདུན་གྱི་གསུམ་པ། ཁྲི་ངོར་སྣང་བཙན་མང་གིས་བྲེ་དང་། ཕུལ་དང་། སྲང་རྣམས་ལེགས་བཅོས་བྱས་ཤིང་། ཞིང་པའི་ས་ཁུལ་ནས་ཐོན་པའི་འབྲུ་རིགས་རྣམས་བྲེ་ལ་འཇལ་ནས་སྤྲོད་ལེན་བྱེད་པ་དང་། འབྲོག་པའི་ས་ཁུལ་ནས་ཐོན་པའི་མར་སོགས་སྲང་ལ་འཇལ་ནས་སྤྲོད་ལེན་བྱ་དགོས་པའི་གཏན་འབེབས་བཟོས།བདེ་བའི་སྒ་ནི་རྒྱབ་ཏུ་བསྟད་ན་དགའ། །
● སྨན་པས་རྒྱལ་པོའི་མིག་གཤགས་བཅོས་བྱེད་པ།
ཞེས་སེམས་ནང་དྲན་པ་ཁ་ནས་ཤོར་སོང་བ་དེ། དབའ་དབྱི་ཚབ་སྔོན་དུ་འགྲོ་བཞིན་ཡོད་པའི་རྣ་བར་ཐོས་པ་དང༌། ཁོས་དེའི་དོན་གང་ཡིན་ཡིད་ལ་ལྷང་ངེར་གསལ་ནས། ཙེང་སྐུ། ཁྱོད་རང་གི་གཏམ་དེ་དངོས་གནས་བདེན་པ་རེད་ཡ། ང་རང་གི་བསམ་ཚུལ་ཡང་ཁྱོད་དང་འདྲ་རེ་ཞེས་མནའ་བོར་རོ།དགྲ་དང་གྲོགས་གང་ཡིན་ཆ་མ་འཚལ། ། ཞེས་སོ།
● བྲེ་དང་། སྲང་།
འོན་ཀྱང་ཁོ་ཚོ་མགོ་འདོགས་ཞུས་ནས་མི་རིང་བ་ཞིག་ན། ཟིང་པོ་རྗེ་ལ་དགྲ་ལན་མ་ཀླན་པའི་②གོང་དུ་སྤྱི་ལོ་608པ་ས་འབྲུག་ལོར་སྤུ་རྒྱལ་སྟག་རི་གཉན་གཟིགས་སྐུ་གཤེགས། བང་སོ་དོན་མཁར་མདའ་རུ་བརྩིགས། གྲལ་ནི་ཁྲི་གཉན་གཟུང་བཙན་གྱི་བང་སོའི་གཡོན་ན་ཡོད། དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ་ཞེས་སོ།
● དབའ་དབྱི་ཚབ་དང་། མྱང་ཙེང་སྐུ།
རྒྱལ་པོ་གནམ་རི་སྲོང་བཙན་སྐབས། །
གྱིམ་བཏང་རྨང་བུས་འཕྲིན་བགྱིས་ཀྱང་། །ངས་ཡུལ་མིང་དུ་འཕན་ཡུལ་བསྒྱུར། །
● མྱོང་ཙེང་སྐུ་སོགས་ཕག་ཚལ་ནགས་ཁྲོད་དུ་གབ་ཡོད་པ།
4. སྤུ་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་ནི། ཡབ་སྟག་རི་གཉན་གཟིགས་དང༌། ཡུམ་སྟོང་བཙུན་འབྲོ་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་592པ་ཆུ་བྱི་ལོར་སྐུ་འཁྲུངས། ཆུང་ངུའི་དུས་སུ་ཁྲི་སློན་བཙན་ཞེས་མཚན་གསོལ། གཅུང་ལ་སློན་ཀོལ་ཞེས་པ་བྱུང༌། སྤྱི་ལོ་608པ་ས་འབྲུག་ལོར་བོད་ཀྱི་རྒྱལ་པོར་གྱུར། སྐུ་གཤེན་ཟ་ལྷ་དབང་ཕྱུག་གིས་མཛད། འབྲི་བཟའ་ཐོད་དཀར་ཁབ་ཏུ་བཞེས། སྲས་སྲོང་བཙན་སྒམ་པོ་དང་གུང་རི་གུང་བཙན། སྲས་མོ་སད་མ་ཀར་བཅས་མིང་སྲིང་གསུམ་འཁྲུངས། སྤྱི་ལོ་629པ་ས་གླང་ལོར་ནང་འཁོར་རྣམས་ཀྱིས་ངོ་ལོག་བྱས་ཏེ་གནམ་རི་སྲོང་བཙན་ལ་དུག་དྲངས་ནས་བཀྲོངས།
● ཆུ་ལ་ལྡེ་བརྒྱད་ཀྱི་བཞུགས་གནས།
དེ་ནས་རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཟིང་པོ་རྗེའི་འབངས་བློན་རྣམས་ཀྱི་མགོ་བླངས་ཤིང༌། མྱང་ཙེང་སྐུ་དང༌། དབའ་དབྱི་ཚབ། དབའ་མྱེས་སྣང༌། དབའ་བུ་ཚབ། མནོན་འགྲོན་པོ། ཆེས་པོ་ནགས་སེང་དྲུག་གིས་མགོ་བཏགས་ཞུས་པའི་དམ་བཅའི་བྲོ་ཚིག་ནི། དེང་ཕན་ཆད་ཟིང་པོ་རྗེ་རྒྱབ་ཏུ་མི་འདོར་རེ།④སྤུ་རྒྱལ་པང་དུ་མི་ལེན་རེ། ཐེ་ཚོམ་བྱེད་རེ། བློ་ཐག་རྦད་གཅོད་མི་བྱེད་རེ། སྲོག་སྤོངས་མི་འཚལ་རེ། བཙན་པོ་སློན་བཙན་གྱིས་བཀའ་ཇི་བསྩལ་བ་བཞིན་མི་མཉན་རེ། གཞན་སུས་བསླུས་ཀྱང་མཉན་རེ་ཞེས་དམ་བཅའི་ཚིག་རྣམས་ཡི་གེར་བཏབ་སྟེ་ཁས་བླངས། དེ་ནས་བཟུང་མྱང་ཙེང་སྐུ་སོགས་མི་དྲུག་པོ་དེ་སྤུ་རྒྱལ་གནམ་རི་སྲོང་བཙན་གྱི་བློན་པོར་བསྐོས་སོ།
● རྒྱལ་པོ་གནམ་རི་སྲོང་བཙན་དང་བློན་པོ་དྲུག་སྟེ། ༡ དབའ་དབྱི་ཚབ། ༢ མྱང་ཙེང་སྐུ། ༣ ཆེས་པོ་ནགས་སེང་། ༤ མནོན་འགྲོན་པོ། ༥ དབའ་མྱེས་སྣང་། ༦ དབའ་བུ་ཚབ།
དེ་ནས་དུས་ཆད་བྱས་ཏེ་རྒྱལ་པོ་གནམ་རི་སྲོང་བཙན་གྱིས་གཅུང་སློན་ཀོལ་དང༌། ཡུམ་སྟོང་བཙུན་གཉིས་ལ་ཡུལ་གྱི་གཉེར་ཁ་བཅོལ་ནས། བཙན་པོ་རང་ཉིད་དམག་དཔོན་མཛད་དེ་དམག་ཁྲི་དང་བཅས་ཏེ་ཟིང་པོ་རྗེ་བཅོམ་པར་ཆས་སོ། མྱང་ཙེང་སྐུ་དང༌། མནོན་འགྲོན་པོ་གཉིས་སྔོན་ལ་ཕྱིན་ཏེ་སྟག་པ་ཤ་རུ་ལ་ཚུན་ཆད་ལ་སོ་དང་བྱ་ར་བྱས། དབྱི་ཚབ་དང་ནགས་སེང་གཉིས་ཀྱིས་བཙན་པོའི་དམག་སྣ་དྲངས་ཏེ། ཆུ་བོ་རབ་ཏུ་བཅད། ས་མཚམས་ཀྱི་རྒྱ་གཏོར་ཏེ་མཁར་ཡུ་སྣ་ནི་ཕབ། ཟིང་པོ་རྗེ་ནི་བསད། དུས་དེར་མང་པོ་རྗེ་སུམ་བུ་ནི་གྲུ་གུའི་ཡུལ་དུ་བྲོས། ཕག་གི་ཡུང་བ་མན་ཆད། རྒོད་བྲོ་སྣ་ཡན་ཆད་སྤུ་རྒྱལ་གནམ་རི་སྲོང་བཙན་གྱི་ཕྱག་ཏུ་སོན། དེ་ནས་བཙན་པོ་གནམ་རི་སྲོང་བཙན་གྱིས་བཀའ་བསྩལ་ཏེ། ཡུལ་ངས་པོ་བྱ་བ་ལ་འཕན་ཡུལ་ཞེས་མིང་སྤོས། འཕན་ཡུལ་གྱི་འབངས་དབའ་དབྱི་ཚབ་ལ་སོགས་པས་བཙན་པོ་ལ་བསྟོད་བསྔགས་དང་བཅས་ཏེ་མཚན་གསོལ་བ། ཆབ་སྲིད་ནི་གནམ་ལས་མཐོ། དབུ་རྨོག་ནི་རི་བས་བཙན། མཚན་ལ་གནམ་རི་སྲོང་བཙན་ཞེས་གསོལ་ལོ། དེ་ལྟར་མྱང་དང༌། དབའ། མནོན་གསུམ་གྱིས་ཟིང་པོ་རྗེའི་སྲིད་སྤུ་རྒྱལ་བཙན་པོའི་ཕྱག་ཏུ་ཕུལ་ཏོ།དེ་ནས་གནམ་རི་སྲོང་བཙན་གྱིས། དབའ་དབྱི་ཚབ་ཀྱི་བྱ་དགར། ཟ་གང་གཤེན་གྱི་ཡུལ་དང༌། མལ་དྲོ་ཕྱོགས་ནས་བྲན་ཁྱིམ་སྟོང་དང་ལྔ་བརྒྱ་གནང༌། མྱང་ཙེང་སྐུའི་བྱ་དགར། གཉན་འཛི་ཟུང་གི་མཁར་སྦུ་བ་དང༌། བྲན་ཁྱིམ་སྟོང་དང་ལྔ་བརྒྱ་བསྩལ། ཆེས་པོ་ནགས་སེང་གི་བྱ་དགར། འོན་གྱི་སྨོན་མཁར་གྱི་བྲན་ཁྱིམ་གསུམ་བརྒྱ་ཐམ་པ་གནང༌། མནོན་འགྲོན་པོའི་བྱ་དགར། སྔར་ཁོ་རང་གི་ཕུ་ནུས་བདག་ཏུ་བཟུང་བའི་ཡུལ་མཁར་གཙོ་བོར་བྱས་པའི་བྲན་ཁྱིམ་སྟོང་དང་ལྔ་བརྒྱ་བསྩལ། དེ་ལྟར་མྱང༌། དབའ། མནོན། ཆེས་པོ་བཅས་རུས་ཁྱིམ་བཞི་པོ་བཙན་པོའི་བློན་པོར་བསྐོས་ཏེ། བྲན་ཁྱིམ་མང་པོ་དང༌། ཡུལ་གྲུ་རྒྱ་ཆེན་པོ་གནང་ངོ་།།
● བཙན་པོའི་དམག་དཔུང་དགྲ་ལ་ཆས་པ།
① གཅམ་བུ། བཅོས་མའམ། རྫུན་མ། ཟོལ་སྦྱོར་ལ་ཟེར།
② ཀླན་པ། ལན་སློག་པའམ་ལན་རྒྱག་པའི་དོན།
③ ཁྱོ་མོ། ཆུང་མ།
④ རེ། དགག་ཚིག་དང་ལྷན་དུ་ཞུགས་ན་སྒྲུབ་པའི་དོན་དང་། རེ་ཚིག་རྐྱང་པས་དགག་པའི་དོན་སྟོན།