ཟླ་བའི་ལྷ་མོ་ཨང་གསུམ་པའི་རྟོག་འཇལ་ཡོ་བྱད་དེ་2013ལོའི་ཟླ་བ12པའི་ཚེས2ཉིན་གྱི་ཆུ་ཚོད་དང་པོ་དང་སྐར་མ30ཡི་ཐོག་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་གསུམ་པའི་སྐྱེལ་འདྲེན་འཕུར་མདེལ་ག་པར་བདེ་བླག་ངང་མེ་སྒྲོན་ནས་མཁའ་དབྱིངས་སུ་སྐྱེལ། ཟླ་བའི་ལྷ་མོ་ཨང་གསུམ་པས་རི་བོང་རྟགས་ཅན་གྱི་ཟླ་བའི་གོ་ལའི་འཁོར་ལོ་བསྣམས་ནས་སྤྱི་ལེ་ཁྲི38ཀྱི་ཕྱི་རོལ་དུ་ཡོད་པའི་ཟླ་བའི་གོ་ལར་འཕུར་འགོ་ཚུགས་པ་རེད། ཟླ་བའི་ལྷ་མོ་ཨང་གསུམ་པའི་ལྗིད་ཚད་ཧ་ལམ་སྤྱི་རྒྱ3780ཡོད་པ་དང་། ཟླ་བའི་གོ་ལའི་འཁོར་ལོའི་ལྗིད་ཚད་ཧ་ལམ་སྤྱི་རྒྱ140ཡོད། སྐྱེལ་འདྲེན་འཕུར་མདེལ་གྱིས་ཟླ་བའི་ལྷ་མོ་ཨང་གསུམ་པ་ཐད་ཀར་སའི་གོ་ལ་ནས་ཟླ་བའི་གོ་ལར་སྤོ་བརྗེ་བྱེད་པའི་འཁོར་ལམ་དུ་བསྐྱལ་ནས་ཧ་ལམ་ཉིན5འཕུར་ལྡིང་བྱས་ཏེ་སྤྱི་ལེ100ཡི་ཟླ་བའི་གོ་ལ་བསྐོར་བའི་འཁོར་ལམ་ཟླུམ་པོ་བསྐོར་ནས་ཧ་ལམ་ཉིན4འཕུར་ལྡིང་བྱས་རྗེས། འཁོར་ལམ་བསྒྱུར་ནས་སྤྱི་ལེ་15*ས་ལམ100ཡི་འཇོང་དབྱིབས་འཁོར་ལམ་དུ་ཞུགས་ནས་སླར་ཡང་ཉིན4ཙམ་འཕུར་ལྡིང་བྱས་རྗེས། མཐོ་ཚད་སྤྱི་ལེ་15ཡོད་པའི་ཟླ་བར་ཉེ་མཚམས་ནས་དལ་བུར་སྒུལ་ཤུགས་ཚོད་འཛིན་བྱས་ནས་འཇམ་དལ་ངང་ཐང་བབ་བྱེད་པ་དང་། ཟླ་བའི་ལྷ་མོ་ཨང་གསུམ་པ་ཟླ་བའི་གོ་ལའི་ངོས་སུ་བདེ་བླག་ངང་བབས་རྗེས། ཐང་འབབ་ཡོ་བྱད་གནས་ས་གཏན་འཁེལ་དུ་སྒུག་པ་དང། ཟླ་བའི་འཁོར་ལོ་ས་ངོས་ཀྱི་རྒྱང་འཛིན་ཚོར་བརྒྱུད་འཕྲུལ་ཆས་ཀྱིས་ཚོད་འཛིན་འོག་ཏུ་ཟླ་ངོས་སུ་སྐོར་རྒྱུག་ཉིན90བྱ་རྒྱུ་དང་། རྙེད་པའི་ཨང་གྲངས་རྣམས་ཐད་ཀར་སའི་གོ་ལར་བརྒྱུད་སྐྱེལ་བྱ་རྒྱུ་རེད།
ཟླ་བའི་ལྷ་མོ་ཨང་གསུམ་པ་འཁོར་ལམ་དུ་སྐོར་སྐྱོད་བྱེད་པའི་དཔེ་རིས།
ཟླ་བའི་ལྷ་མོ་ཨང་གསུམ་པའི་ཟླ་རྟོག་མཁའ་དབྱིངས་ཡོ་བྱད་ལ་ཐང་བབ་ཡོ་བྱད་དང་བསྣམས་པའི་རི་བོང་རྟགས་ཅན་གྱི་འཁོར་ལོ་གཉིས་ཡོད་ཅིང་དེ་ཟླ་ངོས་སུ་འཇམ་དལ་གྱིས་ཐང་བབ་བྱེད་དགོས་པ་མ་ཚད། ད་དུང་ཟླ་བའི་གོ་ལར་རང་རྒྱལ་གྱི་ཨང་དང་པོའི་རི་བོང་རྟགས་ཅན་གྱི་ཟླ་བའི་འཁོར་ལོ་བཞག་ནས་ཟླ་བའི་དངོས་པོའི་གྲུབ་ཆ་རྙེད་པར་བྱས་ཐོག་དབྱེ་ཞིབ་ཀྱང་བྱས་ནས་ཨང་གྲངས་དང་པར་རིས་ཕྱིར་སྐྱེལ་ཞིང་། དེ་ནས་ཟླ་བའི་དངོས་དཔེ་ཁུར་ནས་སའི་གོ་ལར་བསྐྱར་ལོག་བྱ་རྒྱུ་རེད།
ཟླ་བའི་ལྷ་མོ་ཨང་གསུམ་པ་བདེ་བླག་ངང་ཟླ་བའི་གོ་ལར་འབབ་པ།