2017ལོའི་རྒྱལ་ཡོངས་གུར་ཕུབ་འདུ་ཚོགས་དང་མི་རིགས་ལ་གཞས་འགྲན་སྡུར་དེ་མདོ་ལ་རྫོང་ནས་བསྡུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 08-15


        ཟླ8པའི་ཚེས12ཉིན། 2017ལོའི་རྒྱལ་ཡོངས་གུར་ཕུབ་འདུ་ཚོགས་དང་མི་རིགས་ལ་གཞས་འགྲན་སྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཨ་མྱེས་སྟོང་སོའི་འདབས་རོལ་ནས་བསྡུས་པ་རེད།ཁ་དོག་རྣམ་པར་བཀྲ་བའི་རས་གུར་གྱིས་མདོ་ལའི་རྩྭ་ཐང་ལ་གསོན་ཤུགས་གསར་བ་བསྣན་ཡོད།

        ཀན་སུའུ་དང་ཉིན་ཞ། ཧྲན་ཞི།ཀོང་ཞི་སོགས་ཀྱི་ཞིང་ཆེན་ནས་ཡོང་བའི་རྐང་ཐང་འགུལ་སྐྱོད་ལ་དགའ་བའི་མི1000ལྷག་མདོ་ལའི་རྩྭ་ཐང་སྟེང་མཉམ་འཛོམས་བྱས་ཏེ། ཨ་མྱེས་སྟོང་སོའི་མཛེས་ལྗོངས་ལ་མྱོང་རོལ་ངང་དུས་ཆེན་གྱི་དཔལ་ལ་རོལ།

        མདོ་ལ་རི་བོའི་འདབས་ཀྱི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་ཅིང་། ཕྱོགས་བཞིའི་མགྲོན་པོའི་ཡིད་དབང་བཀུག གུར་ཕུབ་འདུ་ཚོགས་སྟེང་ཁྱོན་སྡོམ་རྐང་ཐང་བྱེས་བགྲོད་འགྲན་སློང་འགྲན་སྡུར་དང་། ཐག་ལྡིང་འགྲན་སྡུར་སོགས་ཀྱི་ལུས་རྩལ་འགྲན་སྡུར་དུ་མ་དང་། རྩྭ་ཐང་གི་གླུ་ལེན་དགོང་ཚོགས་སོགས་བྱེད་སྒོ་སྣ་མང་འདུ། རྐང་ཐང་དུ་འགྲོ་བའི་རུ་ཁག་གིས་དགའ་སྤྲོ་འཆམ་མཐུན་ངང་མདོ་ལའི་ངོ་མཚར་ཡིད་འོང་གི་རང་བྱུང་མཛེས་ལྗོངས་ལ་རོལ་མྱོང་བྱས་ཏེ། བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་བཞག 

        ཐེངས་འདིའི་གུར་ཕུབ་འདུ་ཚོགས་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཚོགས་པའི་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀྲུང་གུང་མདོ་ལ་རྫོང་ཏང་ཨུ་དང་མདོ་ལ་རྫོང་མི་དམངས་སྲིད་གཞུང་། མཚོ་བྱང་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་ཞིང་ཆེན་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་གནང་བ་རེད། 

        མདོ་ལའི་རི་བོའི་རྩྭ་ཐང་ནི་ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་ཆེན་པོ་དྲུག་གི་ཡ་གྱལ་ཡིན་ལ། གུར་ཕུབ་འདུ་ཚོགས་ཀྱི་གནས་དེ་མདོ་ལ་རྫོང་ཨ་མྱེས་སྟོང་སོའི་ལྗོངས་ཁུལ་ནང་བཀོད་སྒྲིག་བྱས་འདུག མདུན་དུ་དྭངས་གཙང་གི་ཆུ་ཕྲན་དང་རྒྱབ་རོལ་ཏུ་ཚང་ཚང་ནགས་ཚལ་གྱིས་བསྐོར་ཅིང་། ཁ་དོག་འདྲ་མིན་གྱི་རས་གུར་དག་དེའི་གསེབ་དུ་ཕུབ་ཡོད་པས། མདོ་ལའི་རྩྭ་ཐང་གི་མཛེས་ལྗོངས་ལ་ངོ་མཚར་ཡིད་འོང་ལྡན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1