བཀྲ་ཤིས་དོན་འགྲུབ་ནི་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་རོལ་དབྱངས་ཟློས་གར་ཚན་ཁག་ནས་མཐར་ཕྱིན་པའི་གློག་བརྙན་དང་བརྙན་འཕྲིན། གླུ་དབྱངས། མདོ་འཛིན་སོགས་ལ་འཇོན་ཐང་ལྡན་པའི་ཀྲུང་གོའི་རབས་གསར་པའི་མི་སྣ་གྲགས་ཅན་ཞིག་ཡིན། ཁོ་ནི་ཡུན་ནན་དུ་འཚར་ལོངས་བྱུང་ལ་བོད་ཀྱི་བུད་མེད་གླུ་བ་གྲགས་ཅན་ཚངས་དབྱངས་སྒྲོལ་མའི་བུ་ཡིན། སྔོན་རྗེས་སུ་གློག་བརྙན་《དྲི་བསུང་གྲོང་གི་ངོ་མཚར་བའི་གཏམ་རྒྱུད།》དང་《ཤིང་རྟ་ལོའི་མཚོ་ཐོག་གི་འཐབ་འཁྲུག་ཆེན་མོ།》 དེ་མིན་མུ་འབྲེལ་བརྙན་འཕྲིན་《སེམས་ཀྱི་ཉི་ཟླ་།》དང་《གཅེས་ཕྲུག་གི་འཆར་གཞི་》སོགས་སུ་གཙོ་འཁྲབ་བྱས་ཡོད་པ་དང་། གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན་མང་པོའི་གཙོ་དོན་གླུ་དབྱངས་ཀྱང་བླངས་ཡོད། ཀྲུང་གོའི་བོད་གླུ་འགྲན་ཚོགས་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རོལ་དབྱངས་ལེ་ཚན་མང་པོའི་མདོ་འཛིན་པའང་བྱས་མྱངས།
སྔོན་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་སྤེལ་བའི་རྒྱལ་སྟོན་དགོང་ཚོགས་དང་ལོ་སར་བཅོ་ལྔའི་དགོང་ཚོགས། རྒྱ་ལོའི་ལོ་སར་དགོང་ཚོགས། ཡུལ་ཤུལ་རྒུད་སྐྱོབ་ཀྱི་ཞལ་འདེབས་ཕུལ་བའི་དགོང་ཚོགས་སོགས་དང་ཀྲུང་ཧྭའི་བརྩེ་བ་དང་ས་ཆེན་དུ་གྱེར་བའི་གླུ་དབྱངས་སོགས་འཁྲབ་ལེན་སྟོན་ཚོགས་ཆེན་མོ་མང་པོར་ཞུགས་མྱངས་ཡོད། གསེར་གྱི་ཆུ་ཚོད་རྟགས་མའི་ཀྲུང་གོའི་མཆོག་གྱུར་སྐད་ངག་གི་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲོད་ཆེས་དགའ་བསུ་ཐོབ་པའི་བྱ་དགའ་དང་། ཆེད་བསྒྲིགས་བརྙན་འཁོར་ཐོག་མའི་གླུ་དབྱངས་ཁྲོན་བོད་ལམ་ཞེས་པ་དེ་རྒྱལ་ཡོངས་སུ་དར་ཁྱབ་ཆེ་བའི་གླུ་དབྱངས་གསར་སྤེལ་འགྲན་བསྡུར་ཁྲོད་ཕུལ་བྱུང་གླུ་དབྱངས་ཀྱི་བྱ་དགའ་སོགས་ཐོབ། ཡོ་རོབ་དང་མེ་གླེང། ཨེ་ཤ་ཡ། ཤང་ཀང་དང་ཨའོ་མིན་སོགས་རྒྱལ་ཁབ་དང་ས་ཁུལ་ཁག་ཏུ་འཁྲབ་སྟོན་ལ་སོང་ནས་རྒྱལ་ཕྱི་ནང་གི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ། །