ཞོགས་ཁའི་གསེར་མདངས།
གལ་སྲིད་ངས་རང་གི་ལོ་ན་ཆུང་བའི་རིག་སློབ་ཀྱི་དུས་ཚོད་བསྐྱུར་ཏེ་བྱམས་ལྡན་མ་ལོར་ལ་ཞབས་ཞུ་བསྒྲུབས་པ་ཡིན་ན་། གལ་སྲིད་ངས་རང་ཉིད་ཀྱི་དྲན་ཤེས་མཁྲེགས་པོ་དེ་འཁྱེར་ནས་འདི་ལྟ་བུའི་ས་མཐར་མ་འགྲིམ་ན་། གལ་སྲིད་ནི་ནམ་ཡང་གལ་སྲིད་ཡིན་ཏེ་། ད་ནི་དོན་དངོས་གླེང་དགོས་པར་འདུག
དུས་ཚོད་འདིར་། ངས་དྲིན་ལྡན་གྱི་མ་ཡུམ་ལགས་ཧ་ཅང་དྲན་ཏ་ེ། ཅུང་ཟད་སྒུར་བའི་ཁོང་གི་ལུས་པོ་དང་སེར་ཀ་གས་པའི་ཁོང་གི་ལག་ཟུང་། དེ་བཞིན་གཉེར་རིས་ཀྱིས་ཁེངས་པའི་ཁོང་གི་ངོ་གདོང་སོགས་གསལ་ཐག་གིས་མངོན་བྱུང་ལ་། ལྷས་ར་ན་བེའུ་ཐག་བརྡངས་ལ་བཏགས་པའི་སྐབས་སུ་ཐོད་ནས་བཞུར་འོངས་པའི་རྔུལ་ཆུ་དྲན་ཡོང་ལ་། འོ་ཇ་ཕོར་བ་གང་ལག་པས་བཟུང་སྟེ་རང་གི་བུ་ཆུང་གི་དོན་ལ་མནོ་བསམ་གཏོང་བའི་ཚུགས་ཀ་དེ་དག་ཀྱང་དྲན་ནས་འོང་ཁར་། ད་དུང་ཕྲེང་བ་ནག་པོ་ཞིག་ཕར་བགྲང་ཚུར་བགྲང་བྱེད་བཞིན་ངའི་ཕྱོགས་སུ་ཕུ་འདེབས་པ་དང་སྐྱབས་འཇུག་ཞུ་བའི་རྣམ་པ་ཀུན་ཀྱང་སེམས་སུ་གསལ་ལེར་འཁོར་ནས་ཡོད།ཨ་མ་ལགས་། བུ་ཆུང་ང་གྲང་དུས་། ཁྱོད་ཀྱི་ལྟེ་ཁྱིམ་དུ་དྲོད་སྐྱིད་ཀྱི་གནས་ཚང་གདའ།
ལོ་ཟླའི་དབྱངས་རྟ།
ཁྱིམ་གཞིས་དྲོན་མོ།
ཨ་མའི་ལོ་ལོ།
ཨ་མའི་ལག་ཟས།
འོ་ཇ་ཞིམ་པོ།