དུས་རབས་ཤིག་གི་ཁུགས་སོ་ན།
བླ་མེད་ཀྱི་མཛད་རྗེས་འཇོག་མཁན།
བློ་མཐུན་ཞིེ་ཅིན་ཕིང།
བྱིས་པ་ཚོས་འདི་ལྟར་བཤད་བྱུང་།
ཉིད་ཀྱིས་བཀའ་དྲིན་ལས།
ང་ཚོ་ལ་ཤེས་རིག་གི་མདུན་ལྗོངས་ཡངས་པོ་གནང་བྱུང་།
འཐུས་ཤོར་དུ་མ་སོང་བའི་ཐུགས་བསམ་ཟབ་མོས།
ས་ཁུགས་ལུང་ཁུགས་དག་ལའང་ཆབ་སྲིད་ཀྱི་སྒྲོན་མེ་སྦར་ནས།
འདྲ་མཉམ་གྱི་གོ་སྐབས་དེ་ང་ཚོར་དབང་བ་ནས་བཟུང་།
ང་ཚོའང་མེས་རྒྱལ་གྱི་མ་འོངས་པ་ཡིན་པའི་རེ་བ་འཆང་ཡོད།
ན་གཞོན་ཚོས་འདི་ལྟར་བཤད་བྱུང་།
ང་ཚོའི་ཁྱོད་ལ་ཝི་སུང་ཞེས་འབོད་ན་འདོད།
རྒྱུ་མཚན་ནི་རི་བོ་ཅིན་གང་ལྟ་བུའི་ས་གནས་སོ་སོ་ནས།
ཉིད་ཀྱིས་སྟག་མོ་སྤར་འཛིན་བྱས་པའི་སྙིང་སྟོབས་ལ་ནམ་ཡང་རྗེས་སུ་ཡི་རངས་ཡོད།
ད་ནི་མེས་རྒྱལ་གྱི་ས་ཆ་གང་དུ་སོང་ན།
ཀུན་སྤྱོད་ཀྱི་ཉི་གཞོན་འོད་ཀྱིས་འཚེར་ལ།
གྲོན་ཆུང་གི་མེ་ཏོག་ལྷུག་པོར་བཞད།
ཚང་མས་འདྲ་མཉམ་གླེང་ལ།
དྲང་བདེན་དང་ཡིད་ཆེས་ནི་ཁ་གཡང་ལྟར་འབོད་ཀྱི་འདུག
རྒན་པ་ཚོས་འདི་ལྟར་བཤད་བྱུང་།
འཆམ་མཐུན་དང་དམངས་གཙོའི་ལས་འགུལ་ལས།
ང་ཚོའི་མཐའ་མཇུག་གི་ཚེ་སྲོག་ལའང་བདེ་བ་སྟེར་བྱུང་།
ང་ཚོ་ཡང་ཉིད་ལ་དབང་བའི་དུས་རབས་འདིར་འཚར་ལོངས་བྱུང་ན་སྙམ་བྱུང་།
འོན་ཀྱང་མི་རྟག་གཤིན་རྗེ་ཡི་ལག་བརྡ་ལ་འགོག་ཐབས་མེད་ཀྱང་།
ང་ཚོའི་ནམ་ཡང་ཉིད་ཀྱིས་སྟག་བསད་པ་མང་དྲགས་སོང་ཟེར་ནས།
མ་ཎི་འདོན་བཞིན་ཡོད།
ད་དུང་བུ་མོ་འགས།
ང་ལ་ཕིང་ལྕམ་མོའི་བསོད་ནམས་འཁོར་བར་ཤོག
ཁྱེད་ལྟ་བུའི་བཟའ་ཟླ་རྙེད་པར་ཤོག
མང་ཚོགས་ཚང་མས་མཉམ་དུ།
ད་ནས་བཟུང་བདག་གི་ཁྱོ་ག་ཡང་དུས་ལྟར་ཁྱིམ་ལ་སླེབས་བྱུང་།
ད་ནས་བཟུང་བདག་གི་ཆུང་མའང་ལས་ཁུངས་ཀྱི་ལྷན་འཛོམས་དེ་དག་ལ་འགྲོ་དགོས་མ་བྱུང་།
ད་ནས་བཟུང་བཟའ་ཚང་གི་འཚོ་བ་སྐྱིད་པོ་རེ་རོལ་བའི་གོ་སྐབས་ལྡན་བྱུང་།
ད་ནས་བཟུང་རང་གི་ཤེས་རིག་འཇོན་ཐང་མེ་ལྟར་འབར་ན།
རྒྱུགས་འབྲས་ལ་ལྐོག་དངུལ་སྤྲད་ཐབས་བྱེད་མི་དགོས།
ད་ནས་བཟུང་དཔོན་པོའང་རྐང་ཐང་ལ་ཕེབས་ནས།
མང་ཚོགས་ལ་གཟིགས་ཞིབ་གནང་བྱུང་།
ད་ནས་བཟུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ན་རང་དབང་ཡོད།
ད་ནས་བཟུང་མི་རིགས་ས་ཁུལ་ལ་སྲི་ཞུའང་ཡང་དག་སྒྲུབ་བྱུང་།
འདི་དག་ཡོད་ཚད་ཁྱེད་ཀྱི་ཐུགས་རྒྱ་ལས་འཕྲོས་པའི་འོད་ཟེར་ཞིག
ཁྱེད་ཀྱི་བློ་སྤོབས་ལས་འཁྲུངས་བའི་ཟེའུ་འབྲུ་ཞིག
བཀའ་དྲིན་ཆེ།
མང་ཚོགས་ནི་ནམ་ཡང་མེས་རྒྱལ་གྱི་བདག་པོ་ཡིན་པས།
དེ་ལ་སྲུང་སྐྱོབ་བྱེད་པ་ནི་མེས་རྒྱལ་སྲུང་བ་དང་གཅིག་མཚུངས་སོ།