ཉིང་ཁྲིས་མཉམ་ལས་ཁང་བཙུགས་ཏེ་གྲོང་རྡལ་གྱི་ལས་རིགས་གསར་གཏོད་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 08-18


          ཟླ་8པའི་ཚེས་15ཉིན། “ ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན ·རྒྱལ་ཡོངས་དྲ་ལམ་སྨྱན་སྦྱོར་བོད་ལྗོངས་སུ་བསྐྱོད་པ་ ”ཞེས་པའི་སྨྱན་སྦྱོར་ཚོགས་པས་ཉིང་ཁྲིའི་དབུལ་སྐྱོར་དངོས་འབེབས་གནས་ཚུལ་ལ་བཅར་འདྲི་རྒྱུས་ལོན་བྱས་པ་ལྟར་ན།  ཉིང་ཁྲིའི་ཤང་དང་གྲོང་རྡལ་གྱི་སྡེ་བའི་མཉམ་ལས་ཁང་གིས་སྣེ་ཁྲིད་པའི་ས་གནས་དབུལ་སྐྱོར་དུད་ཁྱིམ་གྱི་དབུལ་ཐར་འགྲོ་ལམ་དང་།  གནད་ཁེལ་དབུལ་སྐྱོར་གྱི་ལྟེ་གནས་གཉིས་གསར་དུ་གཏོད་པར་མ་ཟད།  གནས་སྤོར་དུད་ཁྱིམ་དབུལ་བོར་སྡོད་ཁང་དང་ལས་གནས་ཐག་གཅོད་བཟང་བོ་བྱས།
          མཉམ་ལས་ཁང་བཙུགས་ཏེ་དུད་ཁྱིམ་དབུལ་བོའི་ཡོང་འབབ་མཐོར་འདེགས་སུ་བཏང་།
          སྣམ་བུ་ནི་བོད་ཀྱི་ལག་ཤེས་བཟོ་ལས་ཏེ་ལུག་བལ་གྱིས་འཐག་པའི་ཐོན་རྫས་རྩ་ཆེན་ཞིག་ཡིན།  བོད་ཀྱི་གྱོན་ཆས་བཟོ་བའི་རྒྱུ་ཆ་སྤུས་དག་ཅིག་ཀྱང་ཡིན་ལ།  གྱོན་པ་དང་རྒྱན་གོས་བཟོ་བའི་སྤུས་དག་གི་བལ་བཟོས་དངོས་པོ་ཡིན་པ་རེད།          བོད་ཀྱི་སྤུན་ཟླ་དག་གིས་སྣམ་བུ་ལ་དགའ་བསུ་ཐོབ་པར་མ་ཟད།  དུས་ཆེན་རེ་རེར་ཁོ་ཚོས་སྣམ་བུ་གསར་བ་ལུས་སུ་གྱོན་ལ། དུས་རྒྱུན་གྱི་འཚོ་བའི་ཁྲོད་སྟབས་བདེའི་སྣམ་བུ་རེ་གྱོན་པ་རེད།  ལྷ་ལུང་སྡེ་བའི་སྣམ་བུ་འཚེམ་བཟོ་མཉམ་ལས་ཁང་ནི་ཀོང་བོ་རྒྱ་མདའ་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་དངོས་འབེབས་བྱེད་པའི་ལས་གཞི་ཞིག་ཡིན།  2016ལོར་ཚོང་ཁང་རྒྱ་བསྐྱེད་དུ་བཏང་བ་དང་མ་དངུལ་སྒོར་ཁྲི་11བཏང་སྟེ་མཛེས་སྤྲས་བྱེད་པར་མ་ཟད།  བེད་སྤྱོད་ས་ཁྱོན་ལ་སྨིད་གྲུ་བཞི་1500ཡོད།  བཟོ་གྲྭའི་ཁང་བ་གསར་དུ་ལས་པ་དང་སྣམ་བུ་བཟོ་བྱེད་ཀྱི་སྒྲིག་ཆས་དང་རྒྱུ་ཆ་སྤུས་དག་དང་འཛོམས་པོ་ཉོས།  ལས་བཟོ་བ་9ལྷག་བསྡུ་རུབ་བྱས།  དེ་དང་མཉམ་དུ་དབུལ་ཕོངས་དུད་ཁྱིམ་གྱི་མི་3གྱི་ལས་གནས་ཐག་གཅོད་བྱས།
          བློ་བཟང་འཕྲིན་ལས་ནི་མཉམ་ལས་ཁང་གི་ལས་མི་གཅིག་ཡིན་ལ། ཁོ་ཚང་གི་ཁྱིམ་མི་ཡོངས་རྫོགས་ནི་སྲོལ་རྒྱུན་གྱི་སྣམ་བུ་འཐག་མཁན་ཡིན་ལ།  ལོ་འགའི་རིང་དུ་སྣམ་བུའི་བཟོ་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལེགས་པོ་བླངས་ཡོད།  ཆེས་གདོད་མའི་ལག་ཤེས་བཟོ་ལས་ནས་རིམ་བཞིན་དེ་རིང་གི་མཉམ་ལས་ཁང་གསར་དུ་བཙུགས་པ་དང་།  རང་ཉིད་ཀྱི་ཐོན་རྫས་མིང་རྟགས་ཡོད་པར་མ་ཟད།  ཉོ་ཚོང་གི་ལམ་བུ་གསར་དུ་ཕྱེས་པ་དང་དབུལ་ཕོངས་དུད་ཁྱིམ་ལ་རོགས་རམ་བཟང་བོ་བྱས།  འདི་ནི་མེས་པོ་དག་གིས་བློ་ངོར་མི་ཤོང་བའི་འཕོ་འགྱུར་ཆེན་པོ་ཞིག་ཡིན།  ཁོས་དེ་ལྟར་བཤད།  
          ཀོང་བོ་རྒྱ་མདའ་གྲོང་རྡལ་གྱི་དྲིལ་སྒྲོག་པ་ཉི་མ་མཚམས་གཅོད་ཀྱིས་གསར་འགོད་པར་བཤད་རྒྱུར། དབུལ་བོའི་དུད་ཁྱིམ་གྱི་ལས་བཟོ་བ་དག་ནི་རོང་འབྲོག་མང་ཚོགས་ཡིན་ལ།  ཞིང་ལས་ཀྱི་ལས་ཀ་མེད་པའི་དུས་སུ་མཉམ་ལས་ཁང་དུ་འོང་སྟེ་འཚེམ་བཟོ་དང་བཟོ་གཅོད་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད། ཉིན་རེར་བཟོ་བ་རེར་གླ་ཕོགས་སྒོར་83ཡོད་པ་དང་།  ད་རུང་ཟ་མ་དང་སྡོད་ཁང་མཁོ་སྤྲོད་བྱེད་ཀྱིན་ཡོད།
          ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྐྱོར་ལས་ཁུངས་ཀྱི་ཀྲུའུ་རེན་གཞོན་པ་ཉི་མས་མཚམས་སྦྱོར་བྱས་དོན།  མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་མ་དངུལ་འབོར་ཆེན་བཏང་སྟེ་ཐོན་ལས་རྒྱབ་སྐྱོར་དང་བོད་ཀྱི་དབུལ་སྐྱོར།  སྐྱེས་ཁམས་ཁ་གསབ་མ་དངུལ།  སྤྱི་ཚོགས་ཀྱི་ཁག་ཐེག  དངུལ་རྩའི་རྒྱབ་སྐྱོར་སོགས་ལ་སྟོབས་བསྣན་ཏེ་དབུལ་ཐར་གནད་ཁེལ་གྱི་བྱ་བའི་ལས་སྒོ་སོ་སོར་སྔར་ལས་ལྷག་པའི་སྒོ་ནས་མདུན་བསྐྱོད་བྱས།  
          གནས་སྤོར་དུད་ཁྱིམ་ལ་གྲོང་རྡལ་ཆུང་ངུ་བསྐྲུན་པའི་རྨི་ལམ་མངོན་འགྱུར་བྱས།  
          ད་ལོའི་ལོ་སྟོད་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་མི་500༠ལྷག་དབུལ་ཐར་བྱས།  དུད་ཁྱིམ་788དང་མི་འབོར་3498དབུལ་སྐྱོར་ལས་གནས་སྤར་བ་དང་ཀོང་བོ་རྒྱ་མདའ་རྫོང་གིས་དབུལ་ཐར་གྱི་ཞྭ་མོ་དངོས་སུ་ཕུད།  སྣང་རྫོང་དང་སྤོ་མེས་རྫོང་གི་དབུལ་ཐར་ཞྭ་མོ་ཕུད་པའི་དམིགས་འབེན་འོས་འགན་ཡོངས་འགྲུབ་དང་དབུལ་ཐར་གྱི་བྱ་བ་སྣ་སྒོར་མོ་ནས་སྐུལ་འདེད་གང་ལེགས་བཏང་བ་རེད།
          བརྒྱད་གཅིག་ལམ་གྱི་འགྲམ་དུ་ཡོད་པའི་གཏན་སྡོད་ཁུལ་དུ་ཉིང་ཁྲིའི་གྲོང་ཁྱེར་གྱི་ལས་རིགས་གསར་གཏོད་རྨི་ལམ་གྱི་གྲོང་རྡལ་དང་།  ས་གནས་རངབཞིན་གྱི་ཞབས་ཞུའི་གསར་གཏོད་གཉིས་ཅན་གྱི་གྲོང་ཁྱེར་ཚད་ལྡན་ཅན་དུ་འཛུགས་བསྐྲུན་བྱས།  དབུལ་ཐར་ཐོན་ལས་ཀྱི་སྣེ་ཁྲིད་འོག  ཞིང་ལས་དང་ནགས་ལས་ཀྱི་དག་གཙང་ཐོན་ལས་དང་རིག་གནས་ཐོན་ལས་འཛུགས་བསྐྲུན་དང་ཚོང་ལས་ཞབས་ཞུ་ལ་བརྟེན་ནས་དུད་ཁྱིམ་300ཡོད་པའི་གནས་སྤོར་མང་ཚོགས་ཀྱི་ལས་གནས་ཐག་གཅོད་བཟང་བོ་བྱས་པ་དང་། མིག་སྔར་གཏན་སྡོད་ཁུལ་གྱི་ཁང་བ་ཁྱོན་ཡོངས་ནས་མཛེས་བཟོའི་དུས་སྐབས་ཡིན་ལ། གནས་སྤོར་དུད་ཁྱིམ་247གྱི་མང་ཚོགས་འདེམས་གསེས་བྱས་ཏེ་དབུལ་སྐྱོར་བྱ་བ་དོངས་སུ་གཏན་འབེབས་བྱས།
          ཉི་མས་མཚམས་སྦྱོར་བྱས་དོན།  བརྒྱད་གཅིག་གྲོང་རྡལ་གྱི་གཏན་སྡོད་ཁུལ་དུ་ ཉིང་ཁྲིའི་གྲོང་ཁྱེར་གནས་སྤོར་ལ་སྡོད་ཁང་300བཀོད་སྒྲིག་བྱས་པ་དང་།  ཐུན་མོང་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་བྱང་བུ་ཅན་གྱི་ཚགས་ཡིག་དུད་ཁྱིམ་100ལྷག་ལ་བཀོད་སྒྲིག་བྱས།  བརྒྱད་གཅིག་གྲོང་རྡལ་གྱི་གཏན་སྡོད་ཁུལ་གྱི་ཞིང་སྡེའི་དཀའ་ངལ་ཅན་གྱི་དུད་ཁྱིམ་100ལྷག་ལ་སྡོད་ཁང་བཀོད་སྒྲིག་བྱས་པ་དང་།  དེ་དང་མཉམ་དུ་ཞིང་འབྲོག་གི་འབྱོར་ཕྱུག་ཅན་གྱི་དུད་ཁྱིམ་མང་ཚོགས་100ལྷག་གནས་སྤར་བ་རེད།  བཀོད་སྒྲིག་ཁུལ་དུ་ལམ་དང་ཆུ།  གློག་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།  ང་ཚོས་ཐོག་མར་རྨང་གཞིའི་འཛུགས་བསྐྲུན་གྱི་ཆ་རྐྱེན་ཞན་ཞིང་འཚོ་གནས་ཀྱི་གནས་བབ་མི་བཟང་བ།  རང་བྱུང་གི་གནོད་འཚེ་མང་བའི་དབུལ་བོའི་དུད་ཁྱིམ་ལ་བྱང་བུའི་ཚགས་ཡིག་བཟོས་ཏེ།  དབུལ་ཕོངས་མང་ཚོགས་ཀྱི་ལས་གནས་རྩལ་ནུས་སྦྱོང་བརྡར་ལ་སྟོབས་བསྣན་ཏེ་དུད་ཁྱིམ་རེ་རེའི་མང་ཚོགས་ལ་ལས་གནས་1ནས་2མཁོ་སྤྲོད་བྱེད་པ་དང་།  གནས་སྤོར་མང་ཚོགས་ཀྱི་ལས་གནས་གནད་དོན་ཐག་གཅོད་དང་མང་ཚོགས་ཀྱི་མགྱོགས་མྱུར་སྒོས་གྲོང་རྡལ་གྱི་འཚོ་བ་རོལ་རྒྱུ་རེད།
          གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ལོ་ཕྱེད་ཀྱི་དུས་ཚོད་ཁྲོད་ཉིང་ཁྲིའི་དབུལ་སྐྱོར་གནས་སྤོར་མ་དངུལ་ལ་སྒོར་དུང་ཕྱུར་5.16དངོས་འབེབས་བྱས་པ་དང་།  གནས་སྤོར་དབུལ་སྐྱོར་སྡོད་ཁང་788ཁྱོན་ཡོངས་ནས་འཛུགས་བསྐྲུན་བྱས།  གནས་སྤོར་མང་ཚོགས་མི་3498གཏན་ཁེལ་བྱེད་པའི་ཁྲོད་སྡོད་ཁང་461ཡོངས་འགྲུབ་བྱས་ལ།  མ་དངུལ་སྒོར་དུང་ཕྱུར་3.06དངོས་སུ་བཏང་པར་མ་ཟད།  གནས་སྤོར་དུད་ཁྱིམ་351དང་མི་1503གྱི་གནད་དོན་དངོས་འབེབས་ཐག་གཅོད་བྱས་སོ།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1