རྔ་བ་ཁུལ་གྱིས་ལས་བྱེད་པ་འཐེན་གཏོང་བྱས་ནས་གནོད་ཁུལ་བསྐྱར་སྐྲུན་ལ་ཞུགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-18


        ཟླ་8པའི་ཚེས་17ཉིན། ལི་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་འཆར་འགོད་འཛུགས་སྐྲུན་དང་སྡོད་ཁང་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུང་ཅིན་དང་ཁོའི་ལས་རོགས་པ་ཚོས་ཡང་བསྐྱར་ཉིན་གཅིག་གི་བྱ་བའི་འགོ་བཙུགས་ཏེ། གཟི་རྩ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་དུ་གནོད་སྐྱོན་ཐེབས་རྗེས་ཁང་བར་གཏོར་སྐྱོན་ཐེབས་ཚད་ལ་བསྡོམས་རྩིས་བྱས་ནས། མུ་མཐུད་དུ་ཡུལ་དངོས་ལ་རྟོག་ཞིབ་དང་བསྐྱར་གསོ་འཆར་གཞི་ལ་རྟོག་ཞིབ་བྱས་པ་རེད།
        གསར་འགོད་པས་རྔ་བ་ཁུལ་ཨུའི་རྩ་འཛུགས་པུའུ་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། གཟི་རྩ་སྡེ་དགུར་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་གསོའི་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་ལས་ཀ་སྤེལ་བའི་ཆེད་དུ། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ཝུན་ཁྲོན་རྫོང་དང་ལི་རྫོང་ནས་ལྔ་པའི་ཚེསབཅུ་གཉིས་ཉིན་གྱི་ཝུན་ཁྲོན་ལ་ས་འགུལ་ཚབས་ཆེན་བྱུང་ནས་གནོད་རྗེས་བསྐྱར་གསོའི་ལས་ཀའི་ནང་ཞུགས་པའི་ཆེད་ལས་ལས་བྱེད་པ་20འཐེན་གཏོང་བྱས་པ་དང། མིག་སྔར་མི་སྣ་དེ་དག་ལས་གནས་སུ་ཐོན་ནས་ལས་ཀ་ལས་འགོ་ཚུགས་ཡོད་པ་རེད། 
        ལྔ་པའི་ཚེས་བཅུ་གཉིས་ཉིན་གྱི་ཝུན་ཁྲོན་ས་འགུལ་ཆེན་པོ་བྱུང་རྗེས་སུ། ཏུང་ཅིན་གྱིས་གནས་དེའི་པང་ལེབ་སྨན་ཁང་དང་བར་བརྒལ་བདེ་འགོད་བྱེད་དང་འཛུགས་སྐྲུན་བྱེད་པར་འགན་ཁུར་བ་མ་ཟད། ད་དུང་ལི་རྫོང་གི་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་རྣམ་གྲངས་འཆར་གཞིའི་ནང་དུ་ཞུགས་མྱོང་ལ། རྗེས་སུ་རྫོང་ཡོངས་ཀྱི་གནོད་སྐྱོནཐེབས་རྗེས་ཀྱི་བསྐྱར་འཛུགས་རྣམ་གྲངས་འཛུགས་སྐྲུན་གྱི་དོ་དམ་ལས་ཀ་ལ་ཡང་འགན་ཁུར་བ་རེད། ཁོས་ཝུན་ཁྲོན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་འཆར་འགོད་ཅུས་ཀྱི་ཅུས་ཀྲང་གི་འགན་ཁུར་བའི་སྐབས་སུ། རྫོང་དེའི་གནོད་སྐྱོན་ཐེབས་རྗེས་བསྐྱར་སྐྲུན་གྱི་གྲོང་ཁྱེར་དང་གྲོང་རྡལ་ལ་འཆར་འགོད་དང་གནོད་རྗེས་ཀྱི་ཁང་བ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ཀྱི་ཞིབ་བཤེར་ལས་ཀ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ནང་དུ་ཞུགས་པ་རེད། རྔ་བ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ལས་བྱེད་པ་འཐེན་གཏོང་བྱེད་པའི་སྐབས་སུ། དགོས་མཁོ་ལྟར་འདེམས་གཏོང་བྱེད་པ་ནི་ཚད་གཞི་ཨང་དང་པོ་ཡིན་ལ། འཐེན་གཏོང་དུས་ཚོད་ཡང་དེ་གཞིར་བཟུང་ནས་བཀོད་སྒྲིག་བྱས་པ་རེད། གནོད་ཁུལ་བསྐྱར་སྐྲུན་ལས་ཀ་འགོ་ཚུགས་པའི་རྗེས་སུ། ཆེད་ལས་རང་བཞིན་གྱི་ལས་བྱེད་པ་དེ་ལས་མང་བོ་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་པར་མཁས་པའི་ལས་བྱེད་པ་གཟི་རྩ་སྡེ་དགུ་རྫོང་དུ་གཏོང་རྒྱུར་བསམ་བློ་བཏང་ནས། རང་རང་སོ་སོའི་ལེགས་ཆ་བཏོན་ཏེ་ས་གནས་དེའི་བསྐྱར་འཛུགས་ལས་ཀར་ཞབས་ཞུ་བསྒྲུབ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1