མཛེས་སྡུག་སྐྱེ་ཁམས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་དགོས།
ལྷ་འཛོམས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-21
དཀར་མཛེས་ཁུལ་ནི་རང་རེའི་རྒྱལ་ཁབ་ཀྱི་བོད་རིགས་མི་འབོར་ཆེས་མང་ཤོས་ཀྱི་ས་ཁུལ་ཡ་གྱལ་ཞིག་ཡིན་པས། འདི་ག་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་ལ། གནའ་བོའི་ཇ་འདྲེན་བདལ་ལམ་ཡང་ཡིན། འདི་གར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་23ཡོད་པ་དང་གངས་རི་རྩྭ་ཐང་། མཚེའུ་སོགས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། ཡིན་ན་ཡང་ཡུན་རིང་པོར་འགྲིམ་འགྲུལ་དང་གནམ་གཤིས། ས་ཁད་མཐོ་བ་སོགས་རྒྱུ་རྐྱེན་མི་ལེགས་པས་ཚོད་འཛིན་བྱས་ཏེ་ཡུལ་སྐོར་ཐོན་ཁུངས་དེ་ཚོས་ཡུལ་དེ་གའི་བོད་རིགས་ཞིང་འབྲོག་དམངས་ཚོར་ཕན་འབྲས་ཅི་ཡང་ཐོབ་མེད་པས། མི་སེར་མང་ཆེ་ཤོས་ཀྱི་ཕྱུགས་འཚོ་བ་དང་ནས་འདེབས་པར་བརྟེན་ནས་འཚོ་བ་བྱེད་བཞིན་ཡོད་པ་དང་། དབྱར་ཁར་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཤ་མོ་འཐུ་བ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བཏང་དང་གཏོང་བཞིན་ཡོད་མོད། འོན་ཀྱང་དུས་རྒྱུན་དུ་རང་བྱུང་ཆ་རྐྱེན་དང་ཚོང་རའི་གནས་ཚུལ་གྱི་ཤུགས་རྐྱེན་ཐེབས་ནས་ཡོང་འབབ་གཏན་འཁེལ་མིན་པས། ཞིབ་འབྲོག་པ་མང་པོ་ད་དུང་དབུལ་ཕོངས་ཀྱི་གནས་སུ་གྱར་བ་རེད། དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱ་དགོས་ན་གནད་འགག་ནི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ་བེད་སྤྱོད་ཡང་དག་པ་བྱས་ནས་འཕེལ་རྒྱས་ཀྱི་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོང་ལ་དོ་ཁུར་བྱ་དགོས་པ་དང་འཕེལ་རྒྱས་ཀྱི་ཁྲོད་དུ་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱ་དགོས་པ་དེ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཐོན་ཁུངས་བཟང་ཆར་བརྟེན་ནས་གྲོང་སྡེ་88དང་དུད་ཚང་2571 མི་11565ལ་ཡུལ་སྐོར་ལས་རིགས་ཁྲོད་དུ་ཁེ་ཕན་ཐོབ་པ་བྱས་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད།
ལོ་འདི་ཁ་ཤས་ནང་སི་ཁྲོན་གྱི་སྒོར་དུང་ཕྱུར་བརྒྱ་ལ་ཉེ་བ་ཞིག་བཏང་ནས་འགྲིམ་འགྲུལ་དང་ཆ་འཕྲིན། ཆུ་འདོན་སྤྲོད་དང་ཆུ་བཙོག་འབུད་པ་སོགས་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་དུ་ལེགས་བཅོས་བྱས་པ་དང་བསྟུན་ནས་མིག་སྔར་དཀར་མཛེས་ཁུལ་གྱིས་ས་ཁོངས་ཡོངས་སུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་དང་གཏོང་བཞིན་ཡོད་པ་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་རང་ཉིད་ཀྱི་རི་སྔོ་ཞིང་ཆུ་དྭངས་བའི་ཐོན་ཁུངས་དང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ། ཁྱད་ཆོས་ལྡན་པའི་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ནང་དོན་ཕུན་སུམ་ཚོགས་པོར་བཟོས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲོད་དུ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཞིང་འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན་བཏང་ནས་དབུལ་ཐར་ཕྱུག་འགྱུར་ཡོང་གང་ཐུབ་བྱ་དགོས།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1