མཁའ་ལམ་ནས་མཐོང་བའི་རྨ་ཆུ་ཁུག་པ་དང་པོ།
རྨ་ཆུ།
རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་དཀྱིལ་རྒྱུད་ཀྱི་རི་བོ་བ་ཡན་ཧ་རིའི་རི་རྒྱུད་ནས་བཞུར་ཏེ་ནུབ་ནས་ཤར་དུ་འབབ་ཅིང་། སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ནས་འགག་འཕྲང་དོག་པོ་བརྒྱུད་དེ་འཁྱོག་པོར་བྱང་ཕྱོགས་སུ་རྒྱལ་ནང་གི་ལྗོངས་དང་ཞིང་ཆེན་དགུ་བརྒྱུད་མཐར་པོ་ཧེ་རྒྱ་མཚོར་ཆེན་པོ་རུ་འབབ། དེ་ནས་ལན་ཀྲུའུ་བརྒྱུད་ནས་བྱང་ཕྱོགས་ཀྱི་ས་བབ་ཅུང་དམའ་བ་ནས་བབས་ཏེ་ཉིང་ཞྭ་ཧུའུ་རིགས་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་སླེབས་པ་དང་མཐར་ཧྲན་ཤིས་ཧོ་ནན་པོ་ཧེ་རྒྱ་མཚོ་ཆེན་པོར་འབབ་བཞིན་ཡོད། ཆུ་བོ་འདི་རང་རྒྱལ་གྱི་ཆུ་ཀླུང་ཆེན་པོ་ཨང་གཉིས་པའི་གྲས་ཡིན་ལ་བཞུར་རྒྱུན་གྱི་རིང་ཚད་ལ་སྟོང་སྨི་5464ཙམ་ཡོད་པ་དང་། སྤྱིའི་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་75442ལྷག་ཡོད། །བོད་ཡུལ་གྱི་ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་ཟླ་ཆུའམ་རྫ་ཆུ་ནི་མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་གི་ཕྱོགས་ནས་བཞུར་ཞིང་། རི་བོ་ཤྭ་ར་སྐྱ་ནས་བབས་ཏེ་ཆབ་མདོ་གྲོང་རྡལ་སོགས་ནས་སྨར་ཁམས་རྫོང་བརྒྱུད་དེ་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་པོར་འདྲེས། དེ་ནས་འབར་མ་དང་ཐེ་ལན་དི། ལ་ཝོ་སི། ཁམ་བྷོ་དི་ཡ། ཝེད་ནམ་སོགས་རྒྱལ་ཁབ་མང་པོར་བརྒྱུད་མཐར་རྒྱ་མཚོ་ལྷོ་མར་འབབ་བཞིན་ཡོད། ཆུ་བོ་འདི་འཛམ་གླིང་གི་ཆུ་ཀླུང་ཆེན་པོ་ཨང་བཅུ་གཉིས་པ་དང་ཡ་གླིང་གི་ཆུ་ཀླུང་ཆེན་པོ་ཨང་བདུན་པ་ཡིན། རྫ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་2179དང་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི16.4ཙམ་ཟིན་ཡོད། །
རྫ་ཆུའི་འགོ་ཁུངས་ཀྱི་དགུན་གཞུང་གི་རྣམ་པ། ནིའུ་ལིང་ལུང་གིས་པར་བླངས།
འབྲི་ཆུ།
བྲི་ཆུའི་འགོ་ཁུངས་ཀྱི་རྣམ་པ། ནིའུ་ལིང་ལུང་གིས་པར་བླངས།