ཐུབ་བསྟན་དཔལ་ལྡན་གྱིས་པར་དུ་བླངས་པའི་རི་སྐྱེས་སྲོག་ཆགས་རི་སྤྱང་།

རྣམ་དཀར་ལྷ་མོས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-25


        

        ཐུབ་བསྟན་དཔལ་ལྡན་ནི་མིང་དུ་གྲགས་པའི་རྒྱལ་ཁབ་ཀྱི་མཐོ་རིམ་པར་ལེན་པ། དེང་རབས་བོད་ཀྱི་པར་ལེན་པ་ཡིན་ལ། སི་ཁྲོན་དཀར་མཛེས་ཁུལ་གྱི་མི་ཡིན། ཀྲུང་གོའི་པར་ལེན་པ་མཐུན་ཚོགས་ཀྱི་ཁོངས་མི། རྒྱལ་སྤྱིའི་པར་ལེན་པ་མནའ་འབྲེལ་གྱི་ཚོགས་མི། དབྱིན་ཇིའི་རྒྱལ་རྒྱུད་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་པར་ལེན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་པར་ལེན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

པར་ལེན་པ་ཁོང་ཉིད་སྐྱེ་ཁམས་ཆེད་དོན་དང་དམངས་སྲོལ། ཡུལ་ལྗོངས། ས་གཤིས་སོགས་ཀྱི་བརྗོད་དོན་པར་ལེན་ལ་མཁས་ཤིང་པར་རིས་བརྩམས་ཆོས་300ལྷག་སྔ་གཞུག་ཏུ་རྒྱལ་ཕྱི་ནང་གི་པར་འགྲེམ་ཆེ་གྲས་དང་པར་ལེན་འགྲན་སྡུར་ཁྲོད་བྱ་དགའ་ཐོབ། དེའི་ཁྲོད་ཀྱི་པར་རིས་བརྩམས་ཆོས་ཁ་ཤས་རྒྱལ་ཁབ་དང་ས་གནས་སོ་སོ་རུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྒྱུ་རྩལ་སྤེལ་རེས་ཀྱི་པར་རིས་འགྲེམ་སྟོན་དུ་ཞུགས་ཅིང་། 《ཀྲུང་གོའི་པར་ལེན་ཚགས་པར།》དང་《མང་ཚོགས་ཀྱི་པར་ལེན།》 《ཀྲུང་གོའི་རྒྱལ་ཁབ་ས་ཁམས།》སོགས་དུས་དེབ་སུ་བདམས་བཀོད་བྱས་ཡོད།
གྲུབ་འབྲས་གཙོ་བོ།

        2008ལོར་《གནས་རིའི་གཟི་མདངས།》ཞེས་པའི་པར་རིས་བརྩམས་ཆོས་དེ་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་ཉར་ཚགས་བྱས།
        2010ལོར་《བཟི་འོད།》ཅེས་པའི་པར་རིས་བརྩམས་ཆོས་དེ་དབྱིན་ཇིའི་རྒྱལ་རྒྱུད་སྒྱུ་རྩལ་ཐེབས་རྩ་ཚོགས་པས་ཉར་ཚགས་བྱས།
        2012ལོར་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འགོ་ཁུངས་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱིས་《རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་ཀ།》ཡི་པར་ལེན་མཛད་རྗེས་ཀྱི་མིང་མཚན་གནང་།
        2013ལོར་ཁོང་གིས་པར་ལེན་བྱ་གཞག་འཕེལ་རྒྱས་ཁྲོད་བྱས་རྗེས་འབུར་ཐོན་བཞག་ཡོད་པར་གཞིགས། མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱིས་《མཚོ་སྔོན་པར་ལེན་བྱ་དགའ།—པར་ལེན་བརྩམས་ཆོས་བྱ་དགའ།》གནང་།
        2014ལོར་《གནས་རི་དང་རྒྱུ་སྐར།》དང་《གནས་རིའི་གཟི་མདངས།》ཞེས་པའི་པར་རིས་བརྩམས་ཆོས་《ཀྲུང་གོའི་པར་ལེན་སྒྱུ་རྩལ་མེ་ལོང་།-2014ལོའི་དེབ།》ཏུ་བདམས།
        ཐུབ་བསྟན་དཔལ་ལྡན་ལགས་ཀྱིས་2016ལོ་ལོ་གཅིག་པུའི་ནང་རྒྱལ་སྤྱིའི་པར་ལེན་འགྲན་ཚོགས་སྣ་ཚོགས་སུ་བྱ་དགའ་རིགས་33བླངས་ཡོད་པ་རེད།
        རི་སྤྱང་། (རིག་གཞུང་དུ་Canis lupus campestrisཞེས་མིང་འབོད།)མཆེ་བ་ཅན་གྱི་སྲོག་ཆགས་ཡིན་པ་དང་། སྤྱང་ཀི་སྐྱ་བོའི་རིགས་གཉིས་ལས་རིགས་ཤིག་ཡིན། རི་སྤྱང་གིི་མིག་ཅུང་གསེག་ཅིང་མཆུའི་ཞེང་ཅུང་ཆེ་བ། ཕོ་བའི་སྤུ་མདོག་ཅུང་དཀར་བ། སྣ་རྩེ་མངོན་གསལ་དོད་ཅིང་རྣ་ཅོག་ཕྲ་ཞིང་ཀྲོང་ངེར་ལངས་བའི་རྣམ་པ་ཞིག་སྟེ་ཁྱིའི་རྣ་དང་མཚུངས། གཟུགས་གཞི་ནི་མེ་གླིང་བྱང་མའི་སྤྱང་ཀི་སྐྱ་བོའི་རིགས་ཀྱི་རིགས་གཉིས་པ་ལས་ཅུང་ཆུང་བ་ཡིན། རང་རྒྱལ་དུ་གཙོ་བོ་བོད་ལྗོངས་དང་མཚོ་སྔོན། ཞིན་ཅང་སོགས་སུ་ཁྱབ་ཅིང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན། དེ་མྱུར་མགྱོགས་ཆེ་ལ་བར་ཐག་རིང་བར་རྒྱུགས་ལ་མཁས་ཤིང་དུས་ཚོད་རེར་སྤྱི་ལེ་55ཡས་མས་སུ་ཟིན་ཐུབ། སྤྱང་ཁྱུ་ལ་ཁྱབ་ཁོངས་རང་བཞིན་ལྡན་ཞིང་ནམ་རྒྱུན་ཡང་ཁྱུ་ཚོགས་ཀྱི་འགུལ་སྐྱོད་ཁྱབ་ཁོངས་སུ་འདུ། ཁྱུ་ཚོགས་ནང་ཁུལ་གྱི་བྱེ་བྲག་གི་གྲངས་ཀ་གལ་སྲིད་ཇེ་མང་དུ་ཕྱིན་ན་ཁྱབ་ཁོངས་ཀྱི་གཞི་རྒྱ་ཇེ་ཆུང་དུ་འགྱུར་སྲིད། སྤྱང་ཁྱུའི་བར་གྱི་ཁྱབ་ཁོངས་གཞི་རྒྱ་རིམ་བརྩེགས་སུ་གྱུར་མི་སྲིད་དེ་ཆོ་ངེའི་སྒྲ་སྒྲོག་པར་བརྟེན་ནས་གཞན་དག་ལ་ཁྱབ་ཁོངས་ཀྱི་གཞི་རྒྱ་ཁྱབ་བསྒྲག་བྱ་ངེས། སྤྱང་ཀི་ནི་དཔེ་མཚོན་ཅན་གྱི་ཟས་རིགས་འཁོར་འབྲེལ་གྱི་རིམ་པ་གཉིས་པའི་ཤ་གཟན་སྲོག་ཆགས་ཡིན་ཏེ། རྒྱུན་པར་ཁྱུ་ཚོགས་ཀྱི་སྡེ་ཁག་བསྒྲིགས་ཏེ་རྔོན་དངོས་ཆེགྲས་རིགས་འཛིན་གསོད་བྱ་ངེས། སྤྱང་ཀིས་ལུ་གུ་སོགས་སྒོ་ཕྱུགས་ཟ་ངེས་པས། དུས་རབས་20པའི་དུས་མཇུག་གི་དུས་སྟོད་དུ་མིའི་རིགས་ཀྱིས་གཞི་རྒྱ་ཆེན་པོའིི་སྒོས་བསད་བཟུང་བྱས།
ཆེད་བསྒྲིགས་ལེ་ཚན་འདི་ནི་མཚོ་སྔོན་དང་སི་ཁྲོན། རྨ་འབྲི་རྫ་གསུམ་འགོ་ཁུངས་དང་ཨ་ཆེན་གངས་རྒྱབ་སོགས་ས་ཁུལ་ནས་པར་ལེན་བྱས་པ་ཡིན། རྒྱལ་ཁབ་ཀྱིས་སྐྱེ་ཁམས་དང་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་ཤུགས་ཇེ་ཆེར་འགྲོ་བ་དང་བསྟུན་རི་སྤྱང་མཚོ་བོད་མཐོ་སྒང་གི་ད་ཡོད་གནས་ཚུལ་གོམ་གང་མདུན་སྤོས་སྒོས་ལེགས་བསྒྱུར་ཐེབས་པ་དང་གྲངས་འབོར་གྱི་བསྐྱར་གསོ་ཡང་དགའ་འོས་པ་ཞིག་ཏུ་གྱུར་ཡོད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1