སྤྱི་ཟླ་8 པའི་ཚེས་23ཉིན་གྱི་སྔ་དྲོར། ལོ་ཁ་ཤས་ལ་མཚམས་བཞག་པའི་ཞོ་སྟོན་གྱི་བྱེད་སྒོ་སྟེ་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་སླར་ཡང་ལྷ་ས་གྲོང་ཁྱེར་གྱི་རྟ་རྒྱུག་ཐང་དུ་གཉེར་བ་རེད། སྔོན་དང་བསྡུར་ན་ད་ཐེངས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་གཞི་ཁྱོན་དེ་བས་ཆེ་ཞིང་རྣམ་གྲངས་ཀྱང་དེ་བས་ཕུན་སུམ་ཚོགས་པ་རེད།
དེ་ཡང་སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན་ནི་བོད་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་གྱི་དམངས་ཕན་ལས་གཞི་ཞིག་ཡིན་པའི་དབང་གིས་སྔར་ལས་ལྷག་པའི་སྒོ་ནས་ལུས་རྩལ་གྱི་ཕྱོགས་བསྡུས་རིན་ཐང་དང་སྤྱི་ཚོགས་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མང་ཚོགས་ཀྱི་ལུས་རྩལ་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན། །