བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ཚོམས་ཆེན་ནང་གྲོགས་པོ་ཆུང་ཆུང་ཚོས་ཕིང་ཕང་སྤོ་ལོར་ཕུ་རྒྱག་བཞིན་པ།
ཡུལ་སྐོར་བས་ལྕགས་བྱམས་རྒྱལ་གྱི་བོད་ཀྱི་གནའ་བོའི་བཟོ་སྐྲུན་གྱི་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།
ཞོ་སྟོན་རིང་ཡུལ་སྐོར་བས་ཐའེ་དབན་གྱི་ཞིམ་ཟས་མྱོང་རོལ་བྱེད་བཞིན་པ།
“མཐུན་སྒྲིལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡག་པོ། བདེ་ཐང་བདེ་སྐྱིད་ལྡན་པའི་ལྷ་ས་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་2017ལོའི་ཞོ་སྟོན་ཟླ་8ཚེས་21ནས་ཚེས་27ཉིན་བར་ལྷ་སར་འགོ་ཚུགས་པ་དང་། དེའི་རིང་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དང་། གོས་སྐུ་འགྲེམས་སྟོན། ཕུལ་བྱུང་ལྷ་མོའི་འཁྲབ་སྟོན་སོགས་དང་དེ་བཞིན་ཞོ·སྦི་རག·ཞིམ་ཟས·རོལ་དབྱངས་གཟའ་འཁོར་སོགས་ཀྱི་བྱེད་སྒོ་ཆེ་གྲས་10སྤེལ་བས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་དང་ལྷ་སའི་གྲོང་མིས་དུས་ཆེན་གྱི་རྣམ་པ་ཟབ་མོ་ཚོར་ཡོད་པ་རེད།།