པཎ་ཆེན་མཆོག་གིས་གདན་ས་གཞིས་ཀ་རྩེ་རུ་ཆོས་སྤྱོད་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-30


        ཉིན་འགའ་བསྟུད་མའི་རིང་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གདན་ས་གཞིས་ཀ་རྩེ་ནས་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བ་རེད། དེའི་རིང་ལ། པཎ་ཆེན་མཆོག་སྔ་གཞུག་ཏུ་བཀྲ་ཤིས་ལྷུན་པོ་དགོན་གྱི་དཔེ་མཛོད་ཁང་གི་ཨར་ལས་ལེགས་གྲུབ་མཛད་སྒོར་ཞུགས་པ་མ་ཟད། དཔེ་མཛོད་ཁང་ལ་རབ་གནས་ཀྱང་མཛད། བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་། བཀྲ་ཤིས་ལྷུན་པོ་དགོན་པ་ནས་གསང་སྔགས་ཀྱི་དབང་བསྐུར་བ་རེད། གཞན་ཡང་། པཎ་ཆེན་མཆོག་པེ་ཅིང་ཐུང་རེན་སྨན་ཁང་གི་དགེ་སྒྲུབ་ཞལ་འདེབས་ཕུལ་བའི་མཛད་སྒོར་ཞུགས་པ་མ་ཟད། སྐྱ་གྲིབ་ཕོག་པའི་ནད་པ་31གི་གཤགས་བཅོས་ལེགས་གྲུབ་བྱུང་རྗེས་ཀྱི་མིག་དཀྲིས་སེང་རས་བླངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1