རང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་གནད་དོན་དག་བཅོས་བྱས་ནས་ཕན་འབྲས་མངོན་གསལ་ཐོབ་ཡོད།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-07


         མིག་སྔར། སྨྱུག་འཛིན་པས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ནས་ཤེས་རྟོགས་བྱུང་དོན།  ད་ལོ་ནས་བཟུང་།  རང་ཁུལ་གྱིས་ཀྲུང་དབྱང་གི་བོད་སྐྱོང་ཇུས་ཆེན་དང་ཞིང་ཨུའི་བོད་ཁུལ་གྱི་ལས་དོན་བསམ་ཕྱོགས་དང་བཀོད་སྒྲིག་ལྟར།  ཕྱོགས་ཡོངས་ནས་ཁོར་ཡུག་སྲུང་སྐྱོང་ལག་ལེན་བསྟར་བའི་ཏང་སྲིད་ཀྱི་འགན་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་བླང་བྱ་ལྟར། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ལྟ་ཞིབ་བྱས་པའི་གནད་དོན་དང་ཀྲུང་དབྱང་གིས་རང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་སྐོར་དོ་སྣང་བྱས་པའི་དག་ཐེར་བཅོས་སྒྲིག་ལས་དོན་ལ་དམ་འཛིན་བྱས་ཡོད་ཅིང་། ཟླ་བ7པའི་ཚེས31ཉིན་གྱི་བར། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན342 ཀྱི་ནང་གནད་དོན318དག་ཐེར་ཡོ་བསྲང་བྱས་པ་དང་། དག་ཐེར་བྱས་ཚད་བརྒྱ་ཆ93ལ་ཟིན་པ་རེད། 
        དག་ཐེར་ཡོ་བསྲང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ལས་བགོས་འགན་གཉེར་འགོ་ཁྲིད་སོགས་ཀྱིས་ལྟ་སྐུལ་སློབ་སྟོན་གྱི་འགན་བཞེས་ཏེ་ལས་ཡུལ་དངོས་སུ་ལྟ་ཞིབ་ཐེངས22 བྱས་པ་དང་ལྟ་ཞིབ་ཆེད་དོན་ཚོགས་འདུ་དང་སྐུལ་འདེད་ཚོགས་འདུ་ཐེངས7འཚོགས་པ། བརྙན་ལམ་བཀོད་གཏོང་ཚོགས་འདུ་ཐེངས2བཅས་འཚོགས་ནས་གནད་དོན་བཅོས་སྒྲིག་བྱས་ཡོད།  སྒོ་བྱང་འགེལ་བ་དང་འགན་འཁྲིའི་ཡི་གེ་བཞག་པ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་དག་ཐེར་གནད་དོན93ཁ་གསལ་བཟོས་པ་དང་ཁུལ་རིམ་པའི་ལྟ་ཞིབ་འགོ་ཁྲིད་ཚོས་དག་ཐེར་གནད་དོན་ཚང་མ་བཅོས་སྒྲིག་བྱས་པ་དང་འགན་འཁྲི་གཙོ་འགན་ཡི་གེ་བཞག་པ་དང་།  གནད་དོན12ལ་ཆེད་མངགས་ཡི་གེ་བཏང་སྟེ་ལྟ་སྐུལ་བྱས་ཡོད་ཅིང་། ལྟ་ཞིབ་བྱས་རྗེས་ཀྱི་གནད་དོན་བྱུང་བའི་འགན་འཁྲི་འཁུར་མཁན་མིང་ཐོ་བྲིས་ནས་གནད་དོན་དང་སྒྲིག་ལམ་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་ནན་པོར་བྱས་ཏེ་འདབ་པའི་འོད་འཕྲོ་རི་བོའི་རྡོ་སྔོག་གནད་དོན་དང་དུང་དཀར་ལུང་པའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་གནད་དོན་སོགས་འགན་འཁུར་མི་སྣ12ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་གཅོད་བྱས་པ་རེད།  དུས་མཚུངས་སུ་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལས་དོན་རྒྱུན་གཏན་ལམ་སྲོལ་བཙུགས་ནས་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་དག་ཐེར་བཅོས་སྒྲིག་ཡག་པོ་མ་བྱུང་བར་འགན་འཁྲི་བདའ་འདེད་ནན་པོ་བཏང་ཡོད།   ཁྱོན་ཡོངས་ནས་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་སྔོག་འདོན་དང་ཆུ་གློག་ཆུང་གྲས་ཀྱི་གསར་སྤེལ་བྱེད་སྒོ་སྤེལ་བ་སོགས་ལས་མཚམས་འཇོག་ཏུ་བཅུག་ཡོད། མིག་སྔར། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་རང་བྱུང་ཁོར་ཡུག་སྲོང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད20དང་དེ་བཞིན་ལས་གཞི་གཞན་དག་ལ་སྲིད་འཛིན་ཆད་གཅོད་བྱས་ཏེ་ཆད་གཅོད་སྒོར་ཁྲི956.3ལ་སླེབས་ཡོད།  འཕྲོད་བསྟེན་སྡེ་ཚན་གྱིས་ཁྲིམས་སྐྱོང་མི་སྣ་མིའི་ཐེངས་གྲངས8002 དང་། ཁྲིམས་བསྟར་ཞིབ་བཤེར་ལས་ཁུངས18  སྨན་བཅོས་ཞིབ་བཤེར་ལས་ཁུངས483 བཅས་མངགས་ནས་སྡེ་ཚན76 ལ་ཆད་པ་བཅད་དེ་ཆད་གཅོད་སྒོར་ཁྲི9.94ལ་སླེབས་ཡོད། གཉའ་རྒྱབ་མཚེའུ་ཡི་གོང་འོག་བར་གསུམ་གྱི་ཡུལ་ལྗོངས་ལ་ལྟ་བའི་བར་ཁྱམས་བཤིག་སྟེ་སྔ་མལ་ལྟར་ཆགས་ཡོད། གསེར་ཐར་རྫོང་གསེར་ཆུའི་རྒྱལ་ཁབ་རིམ་པའི་རྩ་ཆེ་བའི་ཉ་རིགས་རང་བྱུང་སྲུང་སྐྱོང་ཁུལ་ནང་དུ་བྱེ་འདོན་ར་བ་བཙུགས་པ་དེ་མེད་པར་བྱས་པ་དང་ལས་མཚམས་འཇོག་ཏུ་བཅུག་པ་དང་། ཆབས་ཅིག་ཏུ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1