དབུལ་བྲལ་གནད་སྒྲོལ་གྱི་འཐབ་ཇུས་ལ་ལས་ཤུགས་བསྩལ་བ།

བསོད་ནམས་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-12


ཆུ་ཆེན་རྫོང་གི་དབུལ་བྲལ་གནད་སྒྲོལ་དབྱར་དུས་ལས་དོན་གྱི་ཞིབ་བཤེར་ཟིན་བཀོད།

        ཟླ་9བའི་ཚེས་3ཉིན། གསར་འགོད་པ་ཆུ་ཆེན་རྫོང་གི་ཁ་ར་ཀྱོ་ཡུལ་ཚོ་ལི་ཕྲུ་སྡེ་བའི་མོག་རོའི་རྟེན་གཞིར་ཕྱིན་པ་དང་། སྡེ་བ་འདིའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨ་འཚོ་དང་སྡེ་མི་རྣམས་ཀྱིས་རྟེན་གཞིའི་ནང་དུ་ངལ་རྩོལ་བྱེད་ཞོར། མོག་རོའི་སྐྱེ་འཚར་གནས་ཚུལ་ལ་ལྟ་ཞིབ་བྱས། ད་ལོར། མོག་རོ་ཐེངས་3ལ་བཏུས་པ་དང་། མོག་རོ་སྐམ་པོ་རྒྱ་མ་200བསྡུ་ཐུབ་བྱུང་ལ། རྒྱ་མ་རེར་སྒོར་100བྱས་ནས་བཙོང་བས་སྡེ་མི་རྣམས་ཀྱིས་གླ་བྱས་ན་ལོ་མཇུག་ཏུ་ཚང་མར་ཕན་ཁེ་ཐོབ་ཐུབ་ཅེས་ཨ་མཚོས་གསར་འགོད་པར་བཤད་བྱུང་།

མཛེས་པའི་ཆུ་ཆེན།
        སྟོན་མགོར། ཆུ་ཆེན་གྱི་གང་སར་སིལ་ཏོག་གི་འབྲས་བཟང་སྨིན་ཞིང་། གང་སར་ལོ་ལེགས་ཀྱི་རྣམ་པ་དོད། ད་ལོ་ནས་བཟུང་། ཆུ་ཆེན་རྫོང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་དབུལ་བྲལ་གནད་སྒྲོལ་རྫོང་ཡོངས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ཏེ། ད་ལོའི་དབུལ་ཞྭ་ཕུད་དགོས་པའི་སྡེ་བ་19དང་དུད་ཚང་814ཡི་མི་3065དབུལ་ཕོངས་ལས་ཐར་བའི་ལས་འགན་དམ་འཛིན་བྱས་ནས། དུས་ཚོད་སྐར་ཆ་ཙམ་ལ་ཡང་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་བརྩོན་ལེན་བྱས། དབྱར་དུས་ཀྱི་དབུལ་བྲལ་གནད་སྒྲོལ་ལས་དོན་ཁྲོད་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། ནུས་ཤུགས་སྔར་བས་ཆེན་པོ་དང་། བྱེད་ཐབས་སྔར་བས་ལེགས་པོས་དབུལ་བྲལ་གནད་སྒྲོལ་གྱི་འཐབ་ཇུས་ལ་ཕན་འབྲས་ཐོབ་པར་བརྩོན།

མང་ཚོགས་ཀྱི་འདུ་ཤེས་འགྱུར། ལས་བྱེད་ཀྱི་སྤྱོད་སྟངས་གཙང་། དབུལ་བྲལ་གནད་སྒྲོལ་གྱི་ནང་གི་སྒུལ་ཤུགས་སྐུལ་བ། 

        འབྱོར་འབྲིང་ཡིན་མིན་གྱི་གནད་འགག་མང་ཚོགས་ལ་ལྟ་དགོས་ཞེས་པ་ཇི་བཞིན། དབུལ་བྲལ་གནད་སྒྲོལ་གྱི་བྱེད་པོ་ནི་མང་ཚོགས་ཡིན། ང་ལ་དབུལ་བྲལ་བྱེད་དུ་འཇུག་པ་ནས་ང་དབུལ་བྲལ་བྱེད་རྒྱུ་ཡིན་པའི་བསམ་བློར་འགྱུར་རྒྱུ་ནི་དབུལ་བྲལ་གནད་སྒྲོལ་ལས་དོན་གྱི་ལས་འགན་གཙོ་བོ་ཡིན།
        ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་སྲོལ་རྒྱུན་གྱི་བསྙེན་བཀུར་རིག་གནས་ལ་གཞི་བཅོལ་ནས། རྫོང་ཡོངས་སུ་སྲི་ཞུའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། དབུལ་པོའི་དུད་ཚང་ལ་དབུལ་སྐྱོར་དང་། དབུལ་བྲལ་གནད་སྒྲོལ་སྲིད་ཇུས་དྲིལ་བསྒྲགས་བྱས།

        ཟླ་8པའི་ཚེས་31ཉིན། ཏེ་ཧྲེང་སྡེ་བའི་གྲོང་གསེབ་ཡུལ་སྐོར་གྱི་སྣེ་ལེན་དུད་ཚང་ལེ་མིང་ཆིང་ཚང་གི་ཁྱིམ་དུ། མི་ཞིག་གིས་སྟར་ཁ་གཅོག་བཞིན་ཡོད། མི་ཞིག་གིས་ཕྱེ་རྫི་བཞིན་ཡོད། ཁོ་ཚོས་དགའ་དགའ་སྤྲོ་སྤྲོས་ས་གནས་ཀྱི་ཁྱད་ལྡན་ཟས་རིགས་ལས་སྣོན་བྱེད་བཞིན་འདུག

       བསྙེན་བཀུར་རིག་གནས་ནི་ཏེ་ཧྲེང་སྡེ་བའི་མིང་བྱང་ལྟ་བུ་ཞིག་རེད་ལ། རྫོང་ཡོངས་ཀྱི་རིག་གནས་ཀྱི་མཚོན་རྟགས་ཞིག་ཀྱང་རེད། བསྙེན་བཀུར་བག་ལེབ་ནི་རིག་གནས་འདིས་དངོས་མཚོན་ཞིག་རེད། ལེ་མིང་ཆིང་གིས་ངོ་སྤྲོད་བྱས་དོན། བསྙེན་བཀུར་བག་ལེབ་ནི་ས་གནས་ཀྱི་གྲོ་ཕྱེ་དང་སྟར་ཁ་སོགས་ལྷད་མེད་རྒྱུ་ཆའི་ལས་པ་ཡིན་ལ། ས་གནས་ཀྱི་མིང་གྲགས་ཅན་གྱི་ཡུལ་སྐོར་ཐོན་རྫས་ཡིན།
       ཏེ་ཧྲེང་སྡེ་བའི་བཅའ་སྡོད་ལས་བྱེད་པ་ཅིན་ཧྲའོ་ན་ཡིས་བཤད་དོན། བསྙེན་བཀུར་བག་ལེབ་ཕྱིར་འཚོང་བྱས་པ་བརྒྱུད་དེ། སྡེ་བའི་ནང་གི་འབྱོར་འབྲིང་ཁྱིམ་ཚང་གིས་དབུལ་ཚང་དང་འབྱོར་བ་ཅུང་ཞན་པའི་ཁྱིམ་ཚང་ལ་སྐུལ་ཁྲིད་བྱས་ནས་ཕྱུག་འགྱུར་འབབ་འཕར་བྱེད་བཞིན་ཡོད།

       ལེ་མིང་ཆིང་ཚང་གིས་ཉིན་རེར་བསྙེན་བཀུར་བག་ལེབ་ཆེ་200ལྷག་ཙམ་ལས་བཞིན་ཡོད་ལ། ལས་མཁན་མི་འདང་ཚེ། སྡེ་བའི་ནང་གི་དབུལ་ཚང་ཞོར་ལས་ལ་གདན་འདྲེན་ཞུ་བཞིན་ཡོད། སྟར་ཀ་གཅོག་པ་དང་། ཕྱེ་རྫི་བ་སོགས་ཉིན་རེར་གླ་ཕོགས་སྒོར་80ནས་སྒོར་200བར་ཡིན།

       ཨན་ཏེ་ཆིང་ནི་ཏེ་ཧྲེང་སྡེ་བའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཚང་ཡིན་པ་དང་། ཁོ་མོར་ཁོམ་ལོང་བྱུང་ན་ལེ་མིང་ཆིང་ཚང་གི་སྤྲོ་སྐྱིད་ཁང་དུ་ཞོར་ལས་ལ་ཡོང་ནས་བསྙེན་བཀུར་བག་ལེབ་ལས་ཚུལ་སྦྱོང་བཞིན་ཡོད། ད་ལྟ་ང་རང་གིས་ཀྱང་ལས་ཤེས། ཉིན་རེར་བཅུ་ཁ་ཉི་ཤུ་ལྷག་ལས་ནས་ཁོ་ཚོར་བཙོང་རོགས་བྱེད་ཀི་འཇུག་བཞིན་ཡོད། ཡོང་འབབ་མང་དུ་ཕྱིན་ལ། དབུལ་བྲལ་དཀའ་གནད་སེལ་བྱུང་། ཞེས་ཨན་ཏེ་ཆུང་གིས་གདེང་ཚོད་ཆེན་པོས་བཤད་བྱུང་།
        དབུལ་བྲལ་གནད་སྒྲོལ་གྱི་སྣེ་གཞན་ཞིག་རིམ་ཁག་གི་ཏང་ཨུ་སྲིད་གཞུང་གི་དོ་ཁུར་དང་རྒྱབ་སྐྱོར། རོགས་སྐྱོར་ལས་ཁུངས་ཀྱི་ནུས་ཤུགས་ཡོད་རྒུ། སྡེ་བར་བཅའ་སྡོད་ཀྱི་ལས་དོན་ཚོ་ཆུང་གི་ཞིབ་ཚགས་དང་གཏིང་ཟབ་ཀྱི་ལས་དོན་ལ་འབྲེལ་མཐུད་བྱས་ཡོད།

        ད་ལོ་ནས་བཟུང་། ཆུ་ཆེན་རྫོང་གིས་བྱེད་ཤུགས་ཆེན་པོས་དབུལ་བྲལ་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་འགྲོ་བར་བརྩོན། རྫོང་འདིར་སྒྲིག་འཛུགས་འགོ་ཁྲིད་ནུས་ལྡན་དང་། བྱ་ཐབས་ཇུས་འགོད་ནུས་ལྡན། དཔུང་ཁག་འགན་ལེན་ནུས་ལྡན། ལྟ་སྐུལ་མཛུབ་ཁྲིད་ནུས་ལྡན་གྱི་ལས་དོན་རྣམ་པ་ཞིག་ཆགས་ཡོད་པ་དང་། བློ་ཐག་གཙང་ཆོད་ཀྱིས་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་ཐུབ་པའི་གནད་སྒྲོལ་གྱི་རྣམ་པ་མངོན་ཡོད་པ་རེད།

        ཞིབ་ཕྲའི་ལས་དོན་ཁྲོད། ཆུ་ཆེན་རྫོང་གི་རིམ་པ་ཁག་གི་ལས་བྱེད་པས་འཐབ་ས་དང་པོའི་ལས་དོན་སྒྲུབ་ཐབས་ནན་ཏན་གྱིས་ལག་ལེན་འཆར་འགོད་དང་འཆར་གཞི་དོན་ཐོག་ཏུ་འཁྱོལ་བར་བྱས།
         སྲིད་ཇུས་ལ་འགན་ལེན་ཡོད་པ། ལས་བྱེད་པའི་ལག་ལེན་བྱ་དགོས། མང་ཚོགས་ལ་སེམས་བརྟན་དགོས། བསམ་བློའི་འདུ་ཤེས་འགྱུར་སོང་། དབུལ་བྲལ་ཆོད་སེམས་བརྟན་སོང་། དབུལ་ཕོངས་ལས་ཐར་བར་ང་ལ་ཡིད་ཆེས་ཁེངས་ཡོད། ཅེས་པའི་ཚིག་འདིའི་ཁྲོད་ཆུ་ཆེན་རྫོང་གི་དབུལ་ཕོངས་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་གཅིག་ཏུ་སྒྲིལ་ཡོད།
དམ་པོར་སྦྲེལ་བའི་ལས་དོན་སྒྲུབ་ཐབས་དང་། བྱེད་སྟངས་གསུམ། གསར་གཏོད་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཀྱིས་དབུལ་བྲལ་འབབ་འཕར་ལ་སྐུལ་འདེད་བཏང་། 

    ཁང་པ་ཕན་ཚུན་བསྣོལ་ནས་སྒྲིག་ཡོད་ལ། ཨར་འདམ་ལམ་ཁྱིམ་ཁ་རེ་རེའི་སྒོ་འགྲམ་དུ་སྦྲེལ་ཡོད། སྡེ་མི་ཚོས་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་ཡོད། གསར་འགོད་པ་རྩེ་མདའ་ཡུལ་ཚོ་མུར་རྡོ་སྡེ་བ་རུ་བཅར་འདྲིར་ཕྱིན་སྐབས། མིག་མདུན་གྱི་སྡེ་བའི་མཛེས་ལྗོངས་ཀྱིས་ཡིད་དབང་ཅིག་ཅར་དུ་འཕྲོག

       མུར་རྡོ་སྡེ་བ་ནི་ཆུ་ཆེན་རྫོང་གི་ཁ་སྟོད་དུ་ཆགས་པའི་དཔེ་མཚོན་ཅན་གྱི་སྡེ་བ་ཞིག་དང་། སྡེ་མི་རྣམས་ཀྱིས་ཞིང་ཞོར་ཐོན་རྫས་ཕྱིར་འཚོང་དང་ཕག་ནོར་ལུག་གསོ་སྤེལ་སོགས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ད་ལོ་ནས་བཟུང་། སྡེ་བ་འདིའི་དབུལ་སྐྱོར་གསར་སྤེལ་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། ཞིང་ལས་དང་འབྲེལ་བ་ཡོད་པའི་ལས་གྲྭ་སོགས་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་སྡེ་བའི་ལམ་དང་། ས་ཞིང་ཆུ་བེད། བདེ་འཇགས་བཏུང་ཆུ་སོགས་འཛུགས་སྐྲུན་ལ་སྐུལ་འདེད་དང་། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། དབུལ་བྲལ་ཕྱུག་འགྱུར་ལ་རྨང་གཞི་བཏིང་ཡོད་པ་རེད།

        མིག་སྔར། མུར་རྡོ་སྡེ་བའི་གསོ་སྤེལ་བྱེད་གནས་ཆུང་གྲས་སྐྲུན་ཟིན་པ་དང་། 2016 ལོར་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་2མངོན་གྱུར་བྱུང་། ད་ལོར། སྡེ་བའི་འདིའི་རྟེན་གཞི་ཕྱིར་སློག་ཅན་གྱི་གཉེར་སྐྱོང་བྱེད་སྟངས་གསར་གཏོད་དང་། གཡེར་མ་མུའུ་300 བཏབ་པ་དང་། སྦྲང་མ་སྒམ་100གསོས་པ་དང་། ལོ་རེའི་ཡོང་འབབ་ཀྱི་1%སྡེ་བའི་ཐུན་མོང་དཔལ་འབྱོར་ལ་བསྡུ་བཞིན་ཡོད། 

        ཉེ་བའི་ལོ་ཤས་རིང་། རྫོང་འདིས་གནད་སྨིན་དབུལ་སྐྱོར་དང་། དབུལ་བྲལ་གནད་སྒྲོལ་ལས་དོན་ཁྲོད་ནུས་ཤུགས་ཡོད་རྒུ་བཏོན་ནས། ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཡོད་པ་དང་། ཡུལ་མི་རྣམས་ཕྱུག་འགྱུར་བྱེད་པར་ཡིད་ཆེས་བསྩལ། 

        ད་ལོར། ཆུ་ཆེན་རྫོང་གིས་བྱེད་སྟངས་གཉིས་ཀྱི་རྨང་གཞིའི་ཐོག ས་གནས་གཞན་པ་རུ་དབུལ་བྲལ་གྱི་བྱེད་སྟངས་འཚོལ་ཞིབ་བྱས་ནས། རྣམ་གྲངས་སམ་ཡང་ན་ཐོན་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། རྣམ་གྲངས་འཁེལ་ཡུལ་ཐོན་ལས་རྟེན་གཞི་ལ་ཁྱབ་པའི་ཁོངས་སུ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་།  

        ལོ་གཅིག་རིང་སྣང་བརྙན་ཐོན་རྒྱུ་བརྩོན་ལེན་དང་། ལོ་གཉིས་རིང་འགྱུར་ལྡོག་ཆེན་པོ་བྱུང་བ། ལོ་གསུམ་རིང་གཞི་ཁྱོན་ལྡན་པ། ལོ་ལྔ་རིང་དཔེ་སྟོན་ཐུབ་པའི་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་དེང་རབས་ཞིང་ལས་དང་ཚན་རྩལ་ཁྱབ་གདལ། སྤྲོ་གསེང་ལྟ་སྐོར། དབུལ་བྲལ་འགག་སྒྲོལ་གྱི་དཔེ་གཞི་ཞིག་ཏུ་འགྱུར་རྒྱུ། 

        མིག་སྔའི་བར་དུ། ཞིང་ལས་གླིང་ཁུལ་གྱི་ལྟེ་བའི་དཔེ་སྟོན་ཁུལ་དུ་ཁྱད་ལྡན་ཤིང་འབྲས་དང་ཀྲུང་ལུགས་སྨན་རྒྱུ། མེ་ཏོག་འདེབས་འཛུགས་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། སིལ་ཏོག་སྣ་ཚོགས་མུའུ་ཁྲི་480བཏབ་པ་དང་། ཞིང་བར་དུ་མེ་ཏོག་ལུག་མཉེ་མུའུ་280ཙམ་བཏབ་པ་མ་ཟད། སྤྱན་གཟིགས་རྩི་ཤིང་རྐང་200དང་། མུའ་ཅིན་ཤིང་སྡོང་རྐང་100དང་། གུར་གུམ་སྡོང་རྐང་ཁྲི་3.26 དང་། གསོ་སྤེལ་འདེབས་འཛུགས་རྩི་ཤིང་དང་མེ་ཏོག་སྣ་ཁ་13བཙུགས་ཡོད། 

        ཆུ་ཆེན་རྫོང་དབུལ་སྐྱོར་གནས་སྤོས་ཡུལ་མི་ཅུས་ཀྱི་འགན་འཁུར་བས་གསར་འགོད་པར་བཤད་རྒྱུར། ད་ལོར། རྫོང་འདིའི་ཐོན་ལས་གོང་འཕེལ་མ་དངུལ་སྒོར་ཁྲི་1800ལྷག་བསྡུ་སྒྲིལ་དང་། མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཕན་པ་ཐོབ་དུ་བཅུག 
ཕྱིར་མིག་བལྟས་ནས་ཡང་བསྐྱར་རོགས་སྐྱོར་བྱེད་པ། དབུལ་བྲལ་ལམ་དུ། དུད་ཚང་དབུལ་པོ་གཅིག་ཀྱང་མ་ལུས་པ་བྱ་རྒྱུ། 
        ཟླ་8པའི་ཚེས་31ཉིན། ཡུལ་ཚོ་འདིའི་ཕྱིར་མིག་བལྟས་ནས་ཡང་བསྐྱར་རོགས་སྐྱོར་བྱེད་པའི་ལས་དོན་ཚོ་ཆུང་ཆིང་ཉིང་ཡུལ་ཚོའི་མཐུན་སྒྲིལ་སྡེ་བའི་སྡེ་མི་ཀྲའོ་ཀྲིན་ཚང་ལ་བརྟག་ཞིབ་དང་གནས་ཚུལ་རྩད་གཅོད་བྱེད་ན་ཕེབས། 

        ལས་བྱེད་མི་སྣས་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཟིན་བྲིས་གསལ་པོ་བཀོད་པ་རེད། 

        ན་ནིང་གི་ཟླ་བཞི་བར། ཀྲའོ་ཀྲིན་གྱི་བུ་ཆེ་བར་འཁོར་བགེགས་བྱུང་ནས་རྨས་སྐྱོན་ལྕི་མོ་ཕོག སྨན་ཡོན་སྒོར་ཁྲི་60ཡིས་ཁྱིམ་ཚང་ལ་བུན་ལོན་མང་པོ་ལེན་དུ་བཅུགབུ་ཆེ་བ་ཡི་རང་འགོ་མི་ཐོན། བུ་འབྲིང་བ་ལ་སེམས་ནད་ལྕི་མོ་ཕོག་ཡོད། བུ་མོ་ཆུང་བས་ད་དུང་སློབ་ཆེན་འདོན་བཞིན་ཡོད། ཁྱིམ་ཚང་གི་ཡོང་འབབ་ཆུང་མས་ཞིང་འདེབས་པ་དང་ཞོར་ལས་ཀྱི་ཕོགས་ཁོ་ན་ལ་བརྟེན་ཡོད། 

        ད་ལོར། ཆུ་ཆེན་རྫོང་གིས་ཕྱིར་མིག་བལྟས་ནས་ཡང་བསྐྱར་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་རྩ་དོན་གཞིར་བཟུང་ནས་ཁོ་ཚང་དབུལ་པོའི་དུད་ཚང་ལ་ངོས་འཛིན་བྱས། 

        ཕྱིར་མིག་བལྟས་ནས་ཡང་བསྐྱར་རོགས་སྐྱོར་བྱེད་པའི་ལས་དོན་དོན་འཁྱོལ་ལེགས་པོ་ཡོང་ཆེད། ཆུ་ཆེན་རྫོང་གིས་རོགས་སྐྱོར་བྱེད་ཤུགས་ཆེར་བཏང་ནས། 2014ལོ་དང་2015ལོར་དབུལ་བྲལ་གྱི་དུད་ཚང་རེར་ཆ་སྙོམས་སྒོར་1500ཡི་ཚད་གཞི་ལྟར་ཐོན་ལས་རོགས་སྐྱོར་མ་དངུལ་བཏང་། དེ་དང་དུས་མཚུངས་སུ། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་ལ་མི་རེར་སྒོར་150ཡི་སྨན་བཅོས་འགན་བཅོལ་མ་དངུལ་སྤྲད་པ་དང་། དུད་ཚང་དབུལ་པོའི་སྨན་བཅོས་ཀྱི་འགྲོ་སོང་ཇེ་ཉུང་དུ་བཏང་། 
        དབུལ་བྲལ་གནད་སྒྲོལ་ནི་དུས་ཡུན་རིང་པོའི་འགག་སྒྲོལ་ལས་དོན་གལ་ཆེན་ཞིག་རེད། མིག་སྔར། དབུལ་བྲལ་གནད་སྒྲོལ་གྱི་དབྱར་དུས་ལས་དོན་མཇུག་སྒྲིལ་ལ་ཉེ་བ་དང་། ཆུ་ཆེན་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱིས་དབྱར་དུས་ལས་དོན་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། རྣམ་པ་གསར་རྐྱང་གི་སྒོ་ནས་སྟོན་དགུན་དུས་ཚིགས་གཉིས་ཀྱི་ཉིན་བརྒྱའི་དབུལ་བྲལ་གནད་སྒྲོལ་གྱི་འགོ་བརྩམས་པ་རེད། 

གསར་འགོད་པ། ཀྲོའུ་བང་པའོ། ནོར་བུ། ཁྲིན་ཡུང་ཆིང་། བསྟན་འཛིན། ཝང་ཧའོ་པིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1