ཉེ་དུས། བོད་ཀྱི་འབྱུང་ཁུངས་ལྷོ་ཁ། ལས་དང་འབྲེལ་བའི་ལེགས་པོ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ལོ ་2017 ལོའི་ཚངས་དབྱངས་རྒྱ་མཚོའི་མཛའ་གཞས་རིག་གནས་དང་ཡུལ་སྐོར་དུས་ཆེན་མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་དུ་གཏོང་འགོ་ཚུགས་པ་རེད། ལྗོངས་ཕྱི་ནང་ནས་ཕེབས་པའི་ཡུལ་སྐོར་བ་དང་ས་གནས་ཀྱི་ལས་བྱེད་མང་ཚོགས་བཅས་མི་སྟོང་ཕྲག་ལ་ཉེ་བ་མཉམ་དུ་འཛོམས་ནས། ལེགས་པོའི་ཡིད་དུ་འོང་བའི་མཛེས་ལྗོངས་དང་ཉམས་འགྱུར་སྟོང་གིས་ཕྱུག་པའི་མོན་པའི་དམངས་སྲོལ་རིག་གནས་ལ་ལོངས་སུ་སྤྱད་དེ་མཉམ་དུ་དུས་ཆེན་དགའ་བཏང་བྱས་པ་རེད།།