༄༅།། སྦྲུམ་མས་ཟ་རུང་བ་དང་མི་རུང་བའི་ཟས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 09-18


གཅིག  སྦྲུམ་མས་ཟོས་ན་ཕན་པ་ཆེ་བའི་ཟས་རིགས།
        བུད་མེད་ཀྱི་ལུས་སུ་མངལ་ཆགས་མ་ཐག  ཟས་ལ་ཡི་ག་མེད་པ་དང་། སྐྱུག་ལོག་པའི་དམིགས་བསལ་གྱི་དུས་རིམ་དེ་བརྒྱུད་སྐབས། ལེ་མོང་དང་ཞོག་ཁོག་ཟོས་ན། འཚོ་བཅུད་སྣ་མང་འདུས་བས་ཡི་ག་ཕྱེ་བ་དང་སྐྱུག་མི་ལོག་པར་ཕན་པ་ཆེ། དེ་ནས་རིམ་བཞིན། ཚོད་སྣག (菠菜)ལོ་མའི་སྐྱུར་རྒྱུ(叶酸)ཀྲ་མ་ཀྲུ། སེའུ། 樱桃 ཚ་ལུ་མ། ཀུ་ཤུ། རྒུན་འབྲུམ་ཉི་འབྲས། སོགས་ཟོས་ན་ཕན་པ་ཆེ་ལ། བྱིས་པ་བཙའ་ལ་ཉེ་སྐབས། ལྕོག་ལེ།(巧克力)ཟོས་ན་བྱིས་པ་བཙའ་སྐབས་ནུས་ཤུགས་ཡོད་པར་ཕན་པ་ཆེ་བ་རེད།
གཉིས།  སྦྲུམ་མའི་འཛེམ་བྱའི་ཟས་རིགས།
        ཀྲིན་བླུགས་བཟའ་བཅའ།(罐头食品)སོགས་ལས་སྣོན་བྱས་པའི་ཤ་རིགས་དང་།  རླམ་འགྱུར(霉变)ཟས་རིགས།  ཟུག་གཟེར་སློང་བྱེད་ཀྱི་བྲོ་རྫས(刺激性)ཉའི་སྣུམ། ཨ་རག སྣུམ་བཙོས་གོ་རེ། ལས་སྣོན་བྱས་པའི་བཏུང་བ་སོགས་ཀྱིས་མངལ་དུ་གནས་པའི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགལ་རྐྱེན་ཆེན་པོ་བཟོ་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1