སྔོ་ལྗང་གི་ཁྱིམ་གཞིས་སྐྱོང་བ།

གསང་བདག་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-19


---མཛོད་དགེ་རྫོང་སྟག་ཚ་དགོན་གྲོང་རྡལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལས་དོན་སྤེལ་བ།



        མཛོད་དགེ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་མཛེས་སྡུག་ཡིད་དུ་འོང་བའི་མཚོ་དང་མཚེའུ་བསྐོར་བས་ན་ཀུན་གྱི་བསྟོད་པའི་ཡུལ་དུ་གྱུར་ཞིང་། སྟོན་དུས་ཀྱི་མཛོད་དགེའི་བརླན་ས་དང་རྩྭ་ཐང་གི་རྣམ་པ་སྔར་བཞིན་ལྟ་ན་སྡུག 
        སྟག་ཚ་དགོན་གྲོང་རྡལ་ནི་མཛོད་དགེ་རྫོང་གི་ཁོངས་གཏོགས་ཀྱི་གྲོང་རྡལ་ཞིག་ཡིན་པ་དང་། གྲོང་རྡལ་དེ་ལ་སྲིད་འཛིན་གྲོང་ཚོ་3ཡོད་ལ། མཚོ་ཁྲ་དང་ཁར་ཆུ་བོ་རླན་ས་སྲུང་སྐྱོང་ཁུལ་གཉིས་དང་འཕྲེད་རྒྱུག་བྱས། འདི་གཉིས་ནི་མཛོད་དགེ་སྐྱེ་ཁམས་སྲུང་སྐྱོང་གི་གཙོ་གནད་ས་ཁོངས་ཡིན། སྲུང་སྐྱོང་ཁུལ་མང་བས་ཁོར་ཡུག་སྲུང་སྐྱོང་གི་གནོན་ཤུགས་ཆེ་ཞེས་གྲོང་རྡལ་དེའི་ཏང་ཨུ་ཧྲུའུ་ཅི་ཧྲུའུ་ཅ་ལིང་གིས་གསར་འགོད་པར་བཤད།

                ཉེ་བའི་ལོ་ཤས་རིང་ལ། ཕྱོགས་ཡོངས་ནས་ཞིང་ཆེན་དང་ཁུལ་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་གལ་ཆེན་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཆེན་པོར་སྐུལ་འདེད་གཏང་བ། སྟག་ཚ་དགོན་གྲོང་རྡལ་གྱིས་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་ཐེངས་མང་བོ་བྱས་ནས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལས་འགན་དོན་འཁྱོལ་ཡོང་བར་བྱས། གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་ཡིན་པས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྟན་པོར་ཆགས་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གལ་ཆེའི་འགན་འཁྲི་ཕྲག་ཏུ་བླངས་སྟེ། མཐའ་གཅིག་ཏུ་དམ་པོར་འཛིན་པ་དང་ཞིབ་ཚགས་ཀྱིས་བསྒྲུབ་དགོས་ཞེས་ཧྲུའུ་ཅ་ལེང་གིས་དེ་ལྟར་བཤད། 

        སྟག་ཚ་དགོན་གྲོང་རྡལ་གྱི་གྲོང་ཚོ་3ནི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དུ་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། ཛ་དྲག་ཅན་གྱི་ཁོར་ཡུག་སྲུང་སྐྱོང་གི་གནས་བབ་འོག་ཏུ་སྐྱེ་ཁམས་ཀྱི་འདུ་ཤེས་དང་བསམ་གཞིགས་འཛུགས་དགོས་ལ། སྲིད་ཇུས་དང་ཁྲིམས་སྲོལ་སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་ནི་མིག་སྔར་སྟག་ཚ་དགོན་གྲོང་རྡལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལས་དོན་གལ་ཆེན་ཞིག་ཡིན། གྲོང་རྡལ་ཡོངས་ཀྱི་མི་ཀུན་ནང་དུ་ཞུགས་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་བརྟན་པོ་ཡོང་བ་བྱས།
                ཞིང་ཏུང་གྲོང་ཚོ་རུ་ལས་བྱེད་པས་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གནས་སྐབས་ཀྱི་མཚོན་རྟགས་འཛུགས་པ་དང་། འབྲོག་པ་ཚོ་རྒྱུན་གཏན་གྱི་ཐོན་སྐྱེད་བྱེད་སྒོ་ཁྲོད་སྲུང་སྐྱོང་ཁུལ་དུ་མི་བརྒལ་བར་སྔོན་འགོག་བྱས་ཡོད། ཧྲུའུ་ཅ་ལིང་གིས། མཚོན་རྟགས་བྱང་བུ་བཙུགས་ནས་ཡུལ་མི་ཚོར་སྐྱེ་ཁམས་ཀྱི་འདུ་ཤེས་འཛུགས་པ་དང་། ད་དུང་ལམ་འགོག་དང་ཞིབ་བཤེར་གནས་ཡུལ་བཙུགས་ཡོད་ལ། ཆེད་བསྐོས་མི་སྣས་དོ་དམ་བྱས་ཡོད། བསླབ་བྱ་གཏང་བ་དང་ཡུལ་མི་ཚོར་སློབ་གསོ་གཏང་བའི་བྱེད་ཐབས་སྤྱད་དེ་ཁོ་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བཙུགས། 

     སྟག་ཚ་དགོན་གྲོང་རྡལ་ལ་བཅོས་སྐྱོང་བྱེད་པའི་ཁྲོད། ཁོར་ཡུག་སྲུང་སྐྱོང་ལ་ནན་པོར་གཞིགས་ནས་ཏང་སྲིད་ཀྱི་འགན་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་བཅས་ཀྱི་བླང་བྱ་ལྟར། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་པ་དང་། ལས་འགན་དོན་འཁྱོལ་ཡོང་པར་དམ་པོར་འཛིན་པ། བཅོས་སྒྲིག་གི་ལས་དོན་ལ་ཕན་འབྲས་ཐོབ་པ། ཕུགས་ཕན་གྱི་སྲུང་སྐྱོང་དང་བཅོས་སྐྱོང་གི་ལམ་སྲོལ་འཛུགས་དགོས། དེ་དང་དུས་མཚུངས་སུ་གྲོང་རྡལ་དེས་ཁོར་ཡུག་སྲུང་སྐྱོང་གི་འགོག་བཅོས་ཕྱོགས་བསྡུས་བཅོས་སྐྱོང་གི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་ཏེ། གྲོང་རྡལ་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་རང་རྟོགས་ངང་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་འདུ་ཤེས་ཆེ་རུ་བཏང་ཡོད།

      ད་སྐབས། སྟག་ཚ་དགོན་གྲོང་རྡལ་ཡོངས་ལ་ཁོར་ཡུག་སྲུང་སྐྱོང་གི་བཅོས་སྒྲིག་ས་ཚུགས་49ཡོད་ལ། མིག་སྔའི་བར། རྡོ་འདོན་ས་34ཡི་ས་ལ་བཅོས་སྒྲིག་བྱས་པ་དང་། སྔོ་ཁེབས་ས་གནས་15ལ་བསྐྱར་གསོ་བྱས་ལ། སོ་ཕག་བཟོ་གྲྭ་1དང་བྱེ་འདོན་ས་ལ་མཚམས་འཇོག་བྱས། སྔོ་ཁེབས་སླར་གསོ་ལ་ཤུགས་བསྣན་རྒྱག་པ། འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གནས་སྐབས་ཀྱི་མཚོན་རྟགས་བྱང་བུ་དང་ལམ་འགོག   ཞིབ་བཤེར་ས་ཚིགས་བཙུགས་པ་དང་ཆེད་བསྐོས་མི་སྣས་དོ་དམ་བྱས་ཡོད། བཅོས་སྐྱོང་བྱེད་དགོས་པའི་ལམ་ཐོག་4ལ་བཅོས་སྒྲིག་བྱས་ཟིན་པ་དང་གཡས་གཡོན་གྱི་སྔོ་ཁེབས་ཀྱང་སླར་གསོ་བྱས་ཡོད། གད་སྙིགས་གཙང་སེལ་ས་ཚིགས་2ལ་བཅོས་སྒྲིག་བྱས་པ་དང་བེད་སྤྱོད་བྱེད་མཚམས་བཞག་ཡོད་པ་དང་། གཏོང་ཟབ་པའི་ཁྲོན་ཆུ་1སྙོམས་སྒྲིག་ཁ་གསབ་བྱས་ཡོད་ལ། འབྲོག་ཁྱིམ་སྤྲོ་སྐྱིད་གླིང1བཅོས་སྒྲིག་བྱས།

       ད་སྐབས། ང་ཚོས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཕྲག་ཏུ་ཁུར་ནས། ཁོར་ཡུག་བཅོས་སྐྱོང་གི་ལས་དོན་དོན་འཁྱོལ་ནན་ཏན་བྱས་ཡོད། ཧྲུའུ་ཅ་ལིང་གིས། ད་ཕྱིན་ཆད། སྟག་ཚ་དགོན་གྲོང་རྡལ་གྱིས་སྔོ་ཁེབས་བསྐྱར་གསོའི་ལས་དོན་ཁག་དམ་པོར་བཟུང་ནས། བཅོས་སྒྲིག་གི་ཕན་འབྲས་སྲ་བརྟན་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་འདམ་རའི་སྐྱེ་ཁམས་ཆ་སྙོམས་འཕེལ་རྒྱས་ཡོང་བར་བྱ་དགོས།།                       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1