ཟླ་9ཚེས་16ཉིན་སི་ཁྲོན་ཞིང་ཆེན་གྱི་“2017ལོའི་བོད་བརྒྱུད་ནང་བསྟན་དགོན་པའི་ཡོངས་འཛིན་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་སྐབས་བཅུ་པ་”ཁྲིན་ཏུའུ་རུ་བསྡུས་པ། སི་ཁྲོན་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཅིང་སློབ་འགོ་རྩོམ་པར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་།
སི་ཁྲོན་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཅིང་གིས་སློབ་འགོ་རྩོམ་པར་གཏམ་བཤད་གནང་།
ལི་ཅིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་བོད་སྐྱོང་སྲིད་ཇུས་མཛུབ་སྟོན་ལ་བརྟེན་ནས་ཞིང་ཆེན་ཏང་ཨུས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སི་ཁྲོན་ཞིང་ཆེན་བོད་ཁུལ་དུ་བྱུང་བའི་རྩ་བ་དང་ལོ་རྒྱུས་ཀྱི་རང་བཞིན་གྱི་འགྱུར་ལྡོག་འདི་ཀྲུང་དབྱང་གི་དགོངས་དོན་དང་སི་ཁྲོན་ཞིང་ཆེན་གྱི་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་ཡིན་པར་ར་སྤྲོད་གང་ལེགས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་ནི་དེང་སྐབས་དང་མ་འོངས་དུས་སྐབས་ཀྱི་བོད་ཁུལ་གྱི་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་དགེ་འདུན་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པ་རེད། བོད་བརྒྱུད་ནང་བསྟན་གྱིས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནི་གསར་དུ་བཟོ་བཅོས་བྱས་པའི《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་》དམ་འཛིན་བྱེད་པ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཆམ་མཐུན་མཉམ་གནས་ལ་སྔར་ལས་ཤུགས་སྣོན་བརྒྱབ་ནས་དགོན་སྡེའི་དོ་དམ་གསར་གཏོད་དང་ཧུར་ཐག དཔལ་ཡོན་འཆམ་མཐུན་གྱི་དགོན་སྡེ། ཡོངས་འཛིན་དང་མཁན་པོ་འདོན་སྤེལ་ཡག་པོ་བགྱིས་ཏེ། མིག་དཔེའི་ནུས་པ་གལ་ཆེན་ཟིན་ནས་ཏང་ལ་དགའ་ཞེན་དང་སྡོམ་པ་སྲུང་པ་དང་དགོན་པ་ཁྲིམས་ལྟར་སྐྱོང་བ། ཏང་ཨུད་དང་སྲིད་གཞུང་དང་དད་ལྡན་མང་ཚོགས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་མི་རུང་། ལི་ཅིང་གིས་ད་དུང་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྱི་བསམ་པའི་དཔལ་ཡོན་གྱི་《བོད་བརྒྱུད་ནང་བསྟན་གྲྭ་བཙུན་སློབ་སྦྱོང་བེད་སྤྱོད་བྱེད་པའི་དཔེ་ཚོགས་》ལེགས་སྐྱེས་སུ་སྦྱིན།
འཛིན་གྲྭའི་ཚུལ་དུ་སྤེལ་བའི་ཚོགས་འདུའི་ཡུལ་དངོས།
སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་རྔ་བ་ཁུལ་གྱི་དགོན་པ་དང་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་དགོན་པའི་མཁན་པོ་དང་ཡོངས་འཛིན་མང་བོས་འཐུས་མིར་དམིགས་ནས་གསར་དུ་བཟོ་བཅོས་བྱས་པའི་《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་》ལ་ངོས་འཛིན་དང་ལོ་ཤས་རིང་བོད་ཁུལ་འཕེལ་རྒྱས་དང་འགྱུར་ལྡོག་གི་མྱོང་ཚོར་སོགས་དང་ཟུང་འབྲེལ་སྒོས་མི་སྒེར་འཚར་ལོངས་ཀྱི་བརྒྱུད་རིམ་དང་དགོན་སྡེའི་དོ་དམ་གྱི་ཉམས་མྱོང་སོགས་ས་ཁུལ་སོ་སོར་གཏམ་བཤད་གལ་ཆེན་གནང་།།
འཛིན་གྲྭའི་ཚུལ་དུ་སྤེལ་བའི་ཚོགས་འདུའི་ཡུལ་དངོས།