བཀྲས་ལྷུན་དགོན་དུ“ གཟིགས་མོ་ཆེན་པོའི”ལྷ་འཆམ་དུས་ཆེན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།   སྤེལ་དུས། 09-28


 
        ཟླ་9པའི་ཚེས་22ཏེ་བོད་ལུགས་ཀྱི་ཟླ་བརྒྱད་པའི་ཚེས་གཉིས་ཀྱི་ཉིན། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཀྲས་ལྷུན་དགོན་དུ་སྲོལ་རྒྱུན་གྱི་“གཟིགས་མོ་ཆེན་པོའི”ལྷ་འཆམ་དུས་ཆེན་སྤེལ།
སྒོ་རའི་ཕྱི་ནང་ཀུན་ཏུ་དུང་སྐད་དང་ཆོས་སྐད། རྔ་སྒྲ་སོགས་ལྷང་ལྷང་དུ་གྲགས་ཏེ་ལྷ་འཆམ་གྱི་འཁྲབ་སྟོན་དངོས་སུ་མགོ་ཚུགས།

པར་འདི་ནི་གྲྭ་པས་དུང་ཆེན་འབུད་པའི་རྣམ་པ་རེད།

པར་འདི་ནི་གྲྭ་པས་ཆོས་འདོན་པའི་རྣམ་པ་རེད།

          ཐོག་མར་ཡོང་བ་ནི་ལྐོག་གྱུར་དང་རྔམ་བརྗིད་ལྡན་པའི་ཞལ་འབག་གྱོན་པའི་ལྷ་ཡིན་པ་དང་། དེ་ནས་རྐང་ལག་ཕྲ་ཞིང་རིང་བོ་ཡོད་པའི་འདྲེ་བཞི་ཡོང་བ་ཡིན། ཁོ་ཚོས་རྔ་སྒྲའི་འགྱུར་ཁུགས་དང་བསྟུན་ནས་ལག་ཏུ་མཚོན་ཆའམ་མཆོད་ཆས་བཟུང་སྟེ་ལུས་པོ་འཁོར་བཞིན་གདོན་བགེགས་ཀྱི་བྲོ་འཁྲབ་ཅིང་། གོམ་སྟབས་བརྟན་ཞིང་ཉམས་འགྱུར་ཕུན་སུམ་ཚོགས་པོ་ལྡན།
མགོར་བ་གླང་དང་ཤྭ་བའི་ཞལ་འབག་གྱོན་པའི་གྲྭ་པས་དེའི་རྗེས་མཐུད་ནས་ཡོང་ཞིང་། ཁོ་ཚོ་སྐབས་ལངས་ནས་འདུག་པ་དང་སྐབས་རེར་འཁོར་འཁོར་བྱེད།
 
སྣ་མང་ཕུན་སུམ་ཚོགས་པའི་གར་སྟབས་ཀྱི་ཉམས་འགྱུར་ལ་ལྟད་མོ་བ་ཚོས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད།

ཞབས་བྲོ་འཁྲབ་པའི་གྲྭ་པ་རྣམས་ཀྱིས་འཁྲབ་ཚར་རྗེས། ལྐུགས་གར་འཁྲབ་སྟོན་བྱེད་པའི་གྲྭ་པས་ལུས་སུ་མཐུག་ཅིང་ལྗིད་པའི་ཕྱུ་པ་གྱོན་ཏེ་དགོད་བྲོ་བའི་ངང་ཡོང་བ།
          ཁོ་ཚོས་གླེན་རྟགས་ཚ་བའི་གོམ་སྟབས་ཀྱིས་སྒྲོ་བཏགས་ཀྱི་འགུལ་སྟངས་ལ་གཞོགས་འདེགས་བྱས་ཏེ་རྐང་ལག་ཡར་འགྱོག་མར་འགྱོག་བྱས་ཏེ་ཧ་ཅང་དགོད་བྲོ་བ་ཡིན་ཞིང་། ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་གར་སྟེགས་འོག་གི་ལྟད་མོ་བར་གད་མོ་ལྷང་ལྷང་དུ་དགོད་དུ་བཅུག  པར་རིས་འདི་ནི་འདྲེ་ཕྲུག་དང་བཞད་གད་འཁྲབ་སྟོན་པ་རེད།
 
པར་རིས་འདི་ནི་བཞད་གད་འཁྲབ་སྟོན་པས་མེ་ཞགས་གོར་མོ་ལྡིང་བའི་རྣམ་པ་རེད།

པར་རིས་འདི་ནི་བཞད་གད་འཁྲབ་སྟོན་པས“རྟ་ཞོན”མེ་ཞགས་གོར་མོ་ལྡིང་བའི་རྣམ་པ་རེད།

ཉིན་གསུམ་རིང་གི་ལྷ་འཆམ་དུས་ཆེན་གྱི་དམིགས་ཡུལ་ནི་གནོད་ཟློག་གེགས་སེལ་དང་རྒྱལ་དམངས་བདེ་སྐྱིད། ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་འདེབས་པ་ཡིན།

“ གཟིགས་མོ་ཆེན་པོའི”ལྷ་འཆམ་དུས་ཆེན་ནི་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་དར་སྤེལ་བཏང་བ་ནས་བཟུང་ད་ལྟའི་བར་དུ་ལོ་ངོ་200ལྷག་གི་ལོ་རྒྱུས་ཡོད།

          ལོ་རེའི་ལྷ་འཆམ་དུས་ཆེན་གྱི་སྐབས་སུ་བཀྲས་ལྷུན་དགོན་གྱི་གྲྭ་པ་རྣམས་ཀྱིས་རྡོ་རྗེ་དང་། ཐོད་སྐམ། ཤ་བ་གླང་མགོ་དང་། དགེ་སློང་། བྱ་རོག་དང་འུག་པ། ཚེ་རིང་རྣམ་དྲུག་སོགས་རིགས་མི་མཐུན་པ་བཅུ་ལྷག་གི་འཆམ་རྩེ་བ་ཡིན།
          བཀྲས་ལྷུན་དགོན་གྱི་བོད་ཡིག་གི་ནང་དོན་ནི་“བཀྲ་ཤིས་རི་རབ་”ཅེས་པའི་དོན་ཡིན་ཞིང་། དེ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཉི་མ་རི་བོའི་འདབས་སུ་ཆགས་ཡོད། པཎ་ཆེན་སྐུ་ཕྲེང་བཞི་པའི་རྗེས་ནས་བཟུང་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་གྱུར། པར་རིས་འདི་ནི་ལྷ་འཆམ་ལ་གཟིགས་པར་ཡོང་བའི་སེར་སྐྱའི་ལྟད་མོ་བ་ཡིན། 
པར་རིས་འདི་ནི་སྨྱུ་གུས་ལྷ་འཆམ་འཁྲབ་པའི་རྣམ་པ་རི་མོར་འབྲི་བའི་ལྟད་མོ་བ་ཡིན།

པར་རིས་འིད་ནི་བློ་རྩེ་གཅིག་སྒྲིམ་གྱིས་འཆམ་ལ་ལྟ་བའི་ས་གནས་དེ་གའི་མང་ཚོགས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1