འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་གྲོང་མིས་རྟེན་གཞིའི་མེ་ཏོག་འཐོག་བཞིན་པའི་ཚུལ་རེད།
ཉེ་བའི་ལོ་འགའི་ནང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གིས་འདེབས་འཛུགས་ཚོད་ལྟའི་རྟེན་གཞིར་རྩྭ་ཤུན་དབྱི་དང་། རྩྭ་ལྡུམ་རྟ་ལྕག འཇིབ་རྩི་བཅས་དང་དེ་བཞིན་སྨན་རྩྭ་སྣ་ཚོགས་བཏབ་པས་ལྷ་སའི“དཔལ་འབྱོར་གྱི་མེ་ཏོག་ལྡུམ་ར”ཆེ་ཤོས་སུ་གྱུར་ཡོད། ཤང་དེས་འདེབས་འཛུགས་ཐོན་ལས་སྦྲེལ་ཐག་ཏུ་བྱས་ཏེ་ལྷ་ས་གྲོང་ཁྱེར་ས་གཙང་བདེ་ཐང་ཐོན་ལས་དཔེ་སྟོན་རྟེན་གཞི་དང་ཡུལ་ཟོག་འགྲེམས་ཚོང་ལྟེ་གནས་ལས་སྟེགས་སོགས་བཙུགས་པས་ས་གནས་དེ་གའི་མང་ཚོགས་མང་པོ་ལས་ཞུགས་ཐུབ་པ་དང་ཡོང་འབབ་འཕར་སྣོན་བྱུང་ཡོད་པ་རེད།
འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་གྲོང་མིས་རྟེན་གཞིའི་མེ་ཏོག་འཐོག་བཞིན་པའི་ཚུལ་རེད།