སྙིང་བསྡུས།
●གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་8.8འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་18འཕར་བ། འཕར་ཚད་ལོ་ལྔར་བསྟུད་མར་ཞིང་ཆེན་ཡོངས་ཀྱི་མདུན་སུ་ཚུད།
●རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་གྱིས་སྔོན་དུ་ལོ་བཅོ་ལྔའི་འོས་འགན་སློབ་གསོ་ལག་བསྟར་བྱས་ཡོད་པ་དང་། མང་ཚོགས་མི་རེའི་ཆ་སྙོམས་ཀྱིས་སློབ་གསོ་མྱོང་བའི་ལོ་ཚད་ལོ་6.9བར་མཐོ་རུ་བཏང་ཡོད།
●ནུས་ཤུགས་ཡོད་རྒུས་སྨན་བཅོས་ཞབས་ཞུའི་ཁུལ་བསྐྲུན་པ་དང་། དམངས་ཡོངས་ལ་རིན་མི་དགོས་པར་ལུས་ཕུང་བདེ་ཐང་ཞིབ་བཤེར་བྱེད་ཐུབ་པར་སྐུལ་འདེད་བཏང་བ།
●ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། གཞི་རྒྱ་ཆེན་པོས་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་སྤེལ་བས། མི་ཁྲི་4.2ལྷག་གསར་དུ་ལས་གནས་སུ་ཞུགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཤོར་ཚད་བརྒྱ་ཆའི་4.2ནང་ཚོད་འཛིན་བྱས་ཡོད།
●གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་འགན་སྲུང་མ་ལག་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་དང་། དོན་ཚན་ལྔའི་འགན་བཅོལ་གྱིས་མི་ཁྲི་82.5ཁེབས་ཡོད།
ཀ མང་ཚོགས་ཀྱི་བློ་ཁར་ཕྱོགས་པའི་སློབ་གསོ་གཉེར་བ།
སློབ་གསོ་ནི་རྒྱལ་ཁབ་འཛུགས་པའི་གཞི་རྩ་ཡིན་པ་དང་རྒྱལ་སྟོབས་ཀྱི་རྨང་གཞི་ཡང་ཡིན། འཛམ་ཐང་རྫོང་གིས་གསར་སྐྲུན་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་ནི་རང་ཁུལ་གྱིས་སློབ་གསོར་མཐོང་ཆེན་དང་སློབ་གསོ་འཕེལ་རྒྱས་གཏོང་བའི་མཚོན་བྱེད་ཅིག་ཡིན། དེང་རབས་ཅན་གྱི་སློབ་ཁང་དང་ཁྱད་ལྡན་གྱི་སློབ་གྲྭ་ཡོད་པ་དང་། སློབ་ཁང་ནང་དུ་སློབ་ཕྲུག་ཚོས་དཔེ་ཀློག་དབྱངས་རྟས་ཁེངས། ལོ་ལྔའི་རིང་ལ་རང་ཁུལ་གྱིས་སློབ་གསོ་ནི་དམངས་འཚོའི་རྩ་བར་བཟུང་ནས། སློབ་གསོའི་བྱ་གཞག་དོ་མཉམ་ངང་གོང་འཕེལ་བཏང་བ་དང་། སློབ་གསོའི་བྱ་གཞག་ཐོག་མ་དངུལ་སྒོར་དུང་ཕྱུར་116བཏང་བ། གྲོང་ཚོ་རིམ་པའི་བྱིས་གཉོར་ཁང་462གསར་སྐྲུན་བསྐྱར་བཟོ་བྱས་པ་དང་། སློབ་མ་27081གིས་སློབ་ཆེན་ལ་རྒྱུགས་འཕྲོད་པ། དེའི་ནང་སློབ་མ་846གཙོ་གནད་དངོས་གཞིའི་ཚན་ཁག་གི་སློབ་གླིང་དང་སློབ་གྲྭར་རྒྱུགས་འཕྲོད། ཐེངས་རེ་རེར་སློབ་གསོའི་བསྒྱུར་བཅོས་དང་། གཞི་གྲངས་ཁག་གསར་སྐྲུན་བྱས་པས། སློབ་ཕྲུག་ཚོའི་དཔེ་ཀློག་གི་ཕུགས་མདུན་གོང་བ་དང་། ཕུགས་བསམ་ལྡན་པའི་གཞོན་ནུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།
ཉེ་བའི་ལོ་འགའི་རིང་ལ། རང་ཁུལ་གྱིས་ཟམ་མི་ཆད་པར་སློབ་གསོར་མ་དངུལ་འབོར་ཆེན་བཏང་བ་དང་། སློབ་གྲྭའི་སློབ་ཁྲིད་ཀྱི་སྒྲིག་བཀོད་ལེགས་སུ་བཏང་བ། སློབ་གཉེར་གྱི་སྤུས་ཚད་ཀྱང་མཐོ་རུ་བཏང་བ། དེའི་ཁྲོད་དུ་དབུལ་ཕོངས་སློབ་མའི་སློབ་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ལྔ་འཆར་བཅུ་གཉིས་པའི་འཆར་འགོད་ཀྱི་རིང་ལ་རང་ཁུལ་གྱིས་མི་རིགས་ས་ཁུལ་གྱི་བྱིས་པ་71771ལ་དགུང་ཟས་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་ཁ་གསབ་བཅས་བྱས་ལ། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་516899ལ་རྩ་ཆག་གསུམ་ལག་ལེན་བྱས་པ། སློབ་མ་371286ལ་ཁ་གསབ་གཅིག་ལག་བསྟར་བྱས་པ། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་285271ལ་འཚོ་བཅུད་ལྡན་པའི་ཟས་སྤྲད། རང་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་ཐོབ་ཡོད་དེ། མི་རབས་ཁ་ཤས་ཀྱིས་རྔ་བའི་སློབ་གསོ་བའི་སེམས་ནུས་ཡོད་ཚད་འདུས་ཡོད་ལ། རང་ཁུལ་གྱིས་སྐབས་རིམ་བྱུང་གི་ཏང་ཨུ་དང་སྲིད་གཞུང་གིས་དམངས་འཚོ་རྐྱང་བའི་བརྩེ་སེམས་མཚོན་ཡོད་པ་དང་། ཁུལ་ཡོངས་ཀྱི་སློབ་གསོའི་ལས་ཀ་བྱེད་མཁན་གྱིས་སློབ་གསོའི་འཐབ་ཕྱོགས་ཐོག་ཡུན་རིང་འབད་འཐབ་བྱས་པའི་འབྲས་བུ་ཡིན། རྔ་བའི་སློབ་གསོ་བས་འབད་འཐབ་ཡར་བརྩོན་བྱས་པ་དང་སློབ་ཕྲུག་ཚོར་འཚར་ལོངས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པ་མ་ཟད། དམངས་འཚོར་དམིགས་ཏེ་དམངས་འཚོར་ཞབས་འདེགས་ཞུས།
ཁ ལས་ཞུགས་ལས་གཏོད་བྱས་ཏེ་དཔལ་འབྱོར་ལ་གསོན་ཤུགས་བསྣན།
ལས་གཏོད་ནི་ལས་ཞུགས་ཀྱི་འབྱུང་ཁུངས་ཡིན། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་དེ་ཡིན། གཟི་ཚ་སྡེ་དགུའི་ལྷ་ཡུལ་ནི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁྲོམ་གཞུང་ཡིན་པ་དང་། ད་ལྟ་མིང་གྲགས་རྒྱས་ཡོད། འོན་ཀྱང་གཟི་ཚ་སྡེ་དགུ་རྫོང་གི་ལྷ་ཡུལ་ནི་རང་ཁུལ་གྱི་སྤུས་ལེགས་པའི་གསར་གཏོད་གཉིས་ཀྱི་རྣམ་གྲངས་ཁྲོད་ཀྱི་ཚད་གཞི་ཞིག་ཡིན་པ་དང་། རང་ཁུལ་གྱི་གསར་གཏོད་གཉིས་ཏེ་རྫོང་ཁག་གཅིག་དང་ས་ཆ་གཅིག་ཏུ་ཁྱབ་པ་མ་ཡིན་པར། ནུས་ཤུགས་ཡོད་རྒུས་ཁོངས་ཡོངས་ལ་ཁྱབ་ནས། རང་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཞིག་ཏུ་གྱུར་ཡོད།
ད་ལོའི་ལོ་མགོར་རུ་རང་ཁུལ་གྱིས་མི་1017ལ་ལས་གཏོད་ཀྱི་གསོ་སྦྱོང་སྤེལ་ཡོད་པ་དང་། ཆུང་གྲས་ཀྱི་ལས་གཏོད་རྣམ་གྲངས་115དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་ཡོད་ལ། ལས་གཏོད་ཀྱི་དངུལ་བུན་སྒོར་ཁྲི་415སྤྲད་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལྟ་སྦྱོང་རྟེན་གཞི་65བཙུགས་ཡོད་པ་དང་། རང་རྟེན་ངང་ལས་གཏོད་བྱས་པའི་མི་67ལ་རོགས་སྐྱོར་བྱས་ཡོད། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་191ལ་ལས་གཏོད་ཐུབ་པར་སྐུལ་འདེད་བཏང་བ། སློབ་ཆེན་སློབ་མ་666ལ་ལས་གཏོད་བྱེད་པའི་སྣེ་ཁྲིད་དང་སྐུལ་འདེད་བྱས་ནས་མི་131ལས་གནས་སུ་ཞུགས། ཞིང་གྲོང་ལོག་པའི་ཞིང་བཟོ་བ་4226གིས་ལས་གཏོད་བྱས་པ་དང་ཁེ་ལས་2229སྒྲུབ་གཉེར་བྱས་ཡོད་ལ། ལས་གནས་སུ་ཞུགས་པའི་མི་8903ཡོད་པ་དང་། ཐོན་རྫས་ཀྱི་རིན་ཐང་དུང་ཕྱུར་3.14མངོན་འགྱུར་བྱུང་ཡོད་ལ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལས་གཏོད་གླིང་4བཙུགས་ཡོད།
བསྡོམས་རྩིས་བྱས་པ་ལྟར་ན། ལས་ཞུགས་ཀྱི་བགྲོད་ལམ་རྒྱ་བསྐྱེད་ཆེད། ད་ལོའི་ལོ་འགོར་རང་ཁུལ་གྱིས་རིགས་མི་འདྲ་བའི་གདན་ཞུའི་ཚོགས་འདུ་ཐེངས་48སྤེལ་བ་དང་། ཁེ་ལས་930གིས་ལས་གནས་33715མཁོ་འདོན་བྱས། མི་17275གདན་ཞུའི་ཚོགས་འདུར་ཞུགས་ཡོད་པ་དང་། མི་2572དང་འདོད་བློའི་གྲོས་མཐུན་བྱུང་། ལས་གནས་ཀྱི་ཆ་འཕྲིན་2576ཁྱབ་བསྒྲགས་བྱས་ཡོད་པ་དང་ལས་སྣ་310ལ་འབྲེལ་བ་ཡོད་ལ། རིན་པ་མི་དགོས་པར་དྲིལ་བསྒྲགས་དཔྱད་ཡིག་ཁྲི4.5ལྷག་ཙམ་སྤྲད་པ། ད་ལྟ། རང་ཁུལ་གྱིས་ལས་གཏོད་ཀྱི་དཔུང་ཆེན་འཕེལ་རྒྱས་མགྱོགས་པོར་ཡོང་བའི་ཕྱུག་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང། ཞིང་གྲོང་དུ་ལོག་པའི་ཞིང་བཟོ་བ་ཡོང་འབབ་འཕར་བའི་ལམ་བུ་གསར་བའི་ཐོག་བསྐྱོད།
ག སྤྱི་ཚོགས་འགན་སྲུང་། སྲིད་གཞུང་གིས་བསྐྱལ་བའི་དྲོད་ཁོལ་དང་བརྩེ་བ།
ཟླ9པའི་ཚེས1ཉིན། རང་ཁུལ་གྱི་རྫོང་ཁག14ཡིས་སྤྱི་ཚོགས་ཉེན་སྲུང་སྲིད་ཇུས་བློ་འདྲི་ཉིན་མོ་དྲིལ་བསྒྲགས་བྱེད་པའི་བྱ་འགུལ་མཉམ་དུ་སྤེལ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལས་རྨས་ཉེན་སྲུང་དང་བུ་བཙའ་ཉེན་སྲུང་། ཁེ་ལས་རྒན་གསོ་ཉེན་སྲུང་། མཁར་གྲོང་སྡོད་དམངས་རྒན་གསོ་ཉེན་སྲུང་སོགས་ཀྱི་ཁྲིམས་སྲོལ་སྲིད་ཇུས་གནད་དུ་བཟུང་ནས། སྤྱི་ཚོགས་འགན་སྲུང་ནང་ཞུགས་པའི་རྒྱ་ཆེའི་མང་ཚོགས་རྣམས་ལ་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་མང་ཡིན་པའི་སྲིད་ཇུས་ཀྱི་ཟས་མཆོག་བསྐྱལ། ཉེ་བའི་ལོ་འདིར་རང་ཁུལ་གྱིས་སྤྱི་ཚོགས་ཉེན་སྲུང་ནི་དམངས་འཚོའི་རྩ་བར་བཟུང་ནས་གཙོ་གནད་འབུར་དུ་ཐོན་པ་དང་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས།
སྟོབས་ཤུགས་ཡོད་རྒུས་རྩ་གནད་སྲུང་བ་དང་ཚད་ཐིགས་ཡོད་པ། ཞབས་ཞུ་ལེགས་པ། སྟོབས་ཤུགས་ཡོད་རྒུས་དམངས་ཡོངས་སྤྱི་ཚོགས་འགན་སྲུང་ཐོ་འགོད་ནང་ཞུགས་པའི་འཆར་གཞི་ལག་བསྟར་བྱེད་པ་དང་བཅས་ཕྱོགས་ཡོངས་ནས་ལས་ཁུངས་བྱ་བའི་རྒན་གསོ་ཉེན་སྲུང་ལམ་ལུགས་བཅོས་བསྒྱུར་དང་། སྤྱི་ཚོགས་རོགས་འབོད་དང་སྤྱི་ཚོགས་ཕན་བདེའི་མ་ལག་གྲུབ་ཚུལ་ཉིན་རེར་འཐུས་ཚང་ཡོང་བ་དང་བགྲེས་སོང་ལ་ཁ་གསབ་རོགས་དངུལ་དུས་ལྟར་སྟེར་བའི་འགོ་བརྩམས། ད་ལོར་རང་ཁུལ་གྱིས་དམངས་ཡོངས་ཉེན་སྲུང་ཐོ་འགོད་ནང་ཞུགས་པའི་འཆར་གཞི་ལག་བསྟར་བ་་དང་། མཁར་གྲོང་སྡོད་དམངས་རྒན་གསོ་ཉེན་སྲུང་དང་རྩ་བའི་སྨན་བཅོས་འགན་སྲུང་། དེ་མིན་སྤྱི་ཚོགས་འགན་སྲུང་ནང་ཞུགས་ཚད་སོ་སོ་བརྒྱ་ཆའི་87དང་བརྒྱ་ཆའི་97ལ་སླེབས་པར་འགན་ལེན་ཏན་ཏིག་བྱས། དུས་མཚུངས་སུ་ཉེན་སྲུང་ལྔ་དང་གཉོར་སྐྱོང་སྤྱི་ཚོགས་འགན་སྲུང་ཚད་གཞི་གོང་མཐོར་གཏོང་བའི་གྲུབ་རྐྱེན་འཐུས་ཚང་དུ་བཏང་བ་མ་ཟད། དམིགས་བསལ་གྱི་དཀའ་ངལ་ཅན་གྱི་རོགས་འབོད་དང་དུས་ཐུང་ངུའི་ནང་རོགས་འབོད་བྱེད་པར་ཤུགས་བསྣན་ནས་སྤྱི་ཚོགས་གཉོར་སྐྱོང་གི་ཆུ་ཚད་མཐོར་འདེགས་བཏང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་དགེ་ལས། དབང་པོ་སྐྱོན་ཅན་བྱ་བ་མགྱོགས་མྱུར་འཕེལ་རྒྱས་བཏང་ཡོད།
དམངས་འཚོ་ནི་དོན་ཆུང་མིན་པས། སྤྱི་ཚོགས་འགན་སྲུང་ནི་དམངས་འཚོ་ལེགས་བཅོས་བྱེད་པའི་ཡུན་རིང་པོའི་བྱ་བ་ཡིན་ལ། ཐོག་མ་ཡོད་ཀྱང་མཐའ་མ་མེད་པའི་ལས་ཀ་ཞིག་ཡིན། སྤྱི་ཚོགས་འགན་སྲུང་གི་བྱ་བ་ལེགས་པོར་བསྒྲུབ་པ་དང་སྤྱི་ཚོགས་འགན་སྲུང་གྱི་བདེ་འཇགས་དྲ་རྒྱ་བསྐྲུན་ནས་དཔལ་འབྱོར་སྤྱི་ཚོགས་དེ་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་གོམ་པ་བརྟན་པོས་མདུན་བསྐྱོད་བྱེད་དུ་འཇུག་དགོས། དེང་གི་ཆ་ལ། འབངས་རྣམས་གནས་བདེ་ལས་ཀར་བརྩོན་ཞིང་བཀྲ་ཤིས་ལྟས་བཟང་གི་དམངས་འཚོའི་རྣམ་པ་མངོན་དང་མངོན་བཞིན་ཡོད།
ང ན་བ་བྱུང་ན་སྨན་བཅོས་དགོས། མང་ཚོགས་ཀྱི་བདེ་ཐང་གི་བརྟེན་ས་བརྟན་པོར་བཙུགས།
མི་རེ་རེ་བདེ་སྐྱིད་ལྡན་པ་དང་བདེ་ཐང་ཡོང་རྒྱུ་ནི་དུས་རབས་ཀྱི་འབོད་པ་དང་མི་སེར་གྱི་རེ་སྒུག་ཡིན། འདས་པའི་ལོ་འགའི་རིང་རང་ཁུལ་གྱིས་ཐོག་མཐའ་ཀུན་ཏུ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་དེ་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱ་བའི་གནད་གཙོ་བོར་བཟུང་བ་དང་། མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བའི་གནས་ཚུལ་ཐག་གཅོད་བྱེད་པ་ནས་འགོ་བརྩམས་ཏེ་བྱ་བའི་རྐང་འཛུགས་ས་ནི་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ཡོང་བར་རོགས་རམ་བྱེད་པ། ཁྱོན་ཡོངས་གཏིང་ཟབ་བཅོས་བསྒྱུར་དང་རྒྱུན་ཆད་མེད་པར་སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་རྒྱ་བསྐྱེད་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས།
ཁུལ་ཡོངས་མཉམ་ལས་སྨན་བཅོས་བྱ་བའི་ནང་ཞུགས་ཚད་བརྒྱ་ཆའི་99.4དང་རིན་མེད་ངང་མཁར་གྲོང་སྡོད་དམངས་བདེ་ཐང་ཡིག་ཚགས་ཁྲི་89.6བཙུགས་ཡོད་པ་དང་། སྡོད་དམངས་ཚད་ལྡན་ཅན་གྱི་བདེ་ཐང་ཡིག་ཚགས་འཛུགས་ཚད་བརྒྱ་ཆའི་91.1ལ་སླེབས། དེ་མིན་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཚད་ལྡན་ཅན་འཛུགས་སྐྲུན་ཚད་ཡང་བརྒྱ་ཆའི་97.3ལ་སླེབས་ཡོད་ལ། སྡེ་བའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་100རུ་སླེབས་ཡོད། དེང་གི་ཆ་ལ་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་གང་སར་བཙུགས་པས་ཞིང་འབྲོག་པ་རྣམས་ཀྱིས་དུས་ཐུང་ངང་སྨན་བཅོས་བྱེད་པའི་གནད་དོན་ཐད་རོགས་རམ་དང་། ནད་གཞི་ཡང་མོ་བྱུང་ན་ཡུལ་ཚོའི་འཕྲོད་བསྟེན་ཁང་ལ་འགྲོ་བ་དང་ནད་གཞི་ལྕི་མོ་བྱུང་ན་རིམ་པ་མཐོ་བའི་སྨན་ཁང་ནང་འགྲོ་བ། ནད་གཞི་དྲགས་བསྐྱེད་བྱུང་དུས་ཡུལ་ལ་ལོག་པའི་སྨན་བཅོས་འདུ་ཤེས་རིམ་གྱིས་གྲུབ་བཞིན་མཆིས།
མ་འོངས་པར། རང་ཁུལ་གྱིས་མི་དམངས་མང་ཚོགས་རྣམས་ཀྱིས་སྨན་བཅོས་དཀའ་བ་དང་སྨན་རིན་མཐོ་དྲག་པའི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱས་ནས་ཕྱོགས་ཡོངས་ནས་སྡོད་དམངས་ཀྱི་བདེ་ཐང་ཚད་གཞི་ཐེ་མཐོར་གཏོང་བ་དང་། ཁུལ་ཡོངས་ཀྱི་མི་དམངས་ལ་བདེ་འཇགས་དང་ཕན་ཡོད། སྟབས་བདེ། རིན་གོང་སླ་བའི་རྩ་བའི་སྨན་བཅོས་ཞབས་ཞུ་དང་སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུ་མཁོ་སྤྲོད་བྱས་ནས་མང་ཚོགས་ཀྱི་བདེ་ཐང་ཆེད་སྲུང་སྐྱོབ་དང་འགོག་སྲུང་བརྟན་པོ་བྱེད།