“འབད་བརྩོན་ཡར་སྐུལ་གྱི་ལོ་ལྔ” སྟེ། གསར་གཏོད་ཀྱིས་ཚན་རྩལ་ཡར་ཐོན་ཡོང་བར་ཁྲི་སྟོན་བྱས་པ།

པད་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 10-13


    
          
       ཉེ་ཆར། “འབད་བརྩོན་ཡར་སྐུལ་གྱི་ལོ་ལྔ” ཞེས་པའི་གྲུབ་འབྲས་འགྲེམས་སྟོན་དེ་པེ་ཅིང་འགྲེམས་སྟོན་ཁང་དུ་སྤེལ་ཞིང་།  འགྲེམས་ཁང་ནང་“དྲ་ཐོག་ཏུ་གྲགས་པའི“ ཚན་རྩལ་མཐོ་བའི་ཐོན་རྫས་མང་པོ་ཞིག་དཔེ་དབྱིབས་དང་དངོས་པོ་དངོས་སོགས་ཀྱི་རྣམ་པ་མི་འདྲ་བའི་ཐད་ནས་བཀྲམས་ཏེ་ལྟད་མོ་བའི་མིག་དབང་བཀུགས།
རི་མོ་འདི་ནི་《 བསྐྱར་དར་རྟགས་ཅན》 གྱི་དཔེ་དབྱིབས་རེད།
        “བསྐྱར་དར་རྟགས་ཅན“གྱི་ཀྲུང་གོའི་ཚད་ལྡན་སྒུལ་འཁོར་ཚོགས་པ་ནི་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་སྣེ་ཁྲིད་དེ་སྒྲིག་འཛུགས་ཞིབ་འཇུག་དང་གསར་བཟོ་བྱས་ཤིང་། རང་བརྟེན་ཤེས་བྱའི་ཐོན་དངོས་བདག་དབང་ལྡན་ཞིང་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་མྱུར་བགྲོད་མེ་འཁོར་ཡིན་པ་དང་། 2017ལོའི་ཟླ་6པའི་ཚེས་25 ཉིན་དངོས་སུ་མིང་བཏགས་པ་དང་། 6པའི་ཚེས་26ཉིན་པེ་ཅིང་གི་མེ་འཁོར་འབབ་ཚུགས་ལྷོ་མ་དང་ཧྲང་ཧའེ་འཇའ་ཟམ་འབབ་ཚིགས་ཕྱོགས་གཉིས་ཀར་ཐོག་མར་ཤར་གཏོང་བྱས།ཉེ་བའི“རྒྱལ་སྟོན་དུས་ཆེན”གྱི་གུང་གསེང་ནང་། པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་“ བསྐྱར་དར་རྟགས་ཅན་”གྱི་མེ་འཁོར་དུ་སྡོད་མཁན་96.2% ཡན་ཟིན་གྱི་ཡོད་། 
རི་མོ་འདི་ནི“ ཟླ་བའི་ལྷ་མོ་ཨང་གསུམ་པའི་” བརྟག་ཞིབ་ཐིག་ལེན་དཔེ་དབྱིབས་རེད།
           “ ཟླ་བའི་ལྷ་མོ་ཨང་གསུམ་པའི་” བརྟག་ཞིབ་ཐིག་ལེན་ཡོ་བྱད་ནི་ཐང་འབབ་ཡོ་བྱད་དང་“ རི་བོང་འཛིན་རྟགས་ཅན་” གྱི་སྐོར་ཞིབ་ཡོ་བྱད་ཀྱིས་གྲུབ་ཡོད་ཅིང་། 2013ལོའི་ཟླ་12པའི་ཚེས་2ཉིན་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མཁའ་དབྱིངས་སུ་འཕགས་ཏེ་འཁོར་ལམ་དུ་ཡང་དག་པའི་ངང་ཞུགས་ཏེ། བསྟུད་མར“ མཁའ་དབྱིངས་སུ་སྐོར་གཡེང་དང་། སར་བརྟག་པ། ཟླ་དཔྱད་གནང་བ”སོགས་ཀྱི་ཚན་རིག་གི་འཚོལ་ཞིབ་བྱས་ཤིང་། རང་རྒྱལ་གྱིས་ཐོག་མར་སའི་གོ་ལའི་ཕྱིའི་གོ་ལར་སྐྱོན་མེད་ཐང་འབབ་ཀྱི་ལས་འགན་ལེགས་འགྲུབ་བྱུང་སྟེ་ཟླ་དཔྱད་ཀྱི་བཟོ་སྐྲུན་ཏེ“ སྐོར་བ་དང་། འབབ་པ། ཕྱིར་ལོག་པ” བཅས་རིམ་པ་གསུམ་འགྲོ་བའི་གོམ་སྟབས་གཉིས་པའི་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་། མིག་སྔར། “ ཟླ་བའི་ལྷ་མོ་ཨང་གསུམ་པའི་” བརྟག་ཞིབ་ཐིག་ལེན་གྱིས་སྔར་བཞིན་མུ་མཐུད་དུ་ལས་ཀ་སྤེལ་བཞིན་ཡོད་ཅིང་།  དེ་ནི་རྒྱལ་སྤྱིའི་སྟེང་གི་ཟླ་བའི་ངོས་ཐད་ཀྱི་ལས་ཀའི་དུས་ཡུན་ཆེས་རིང་བའི་བརྟག་ཞིབ་ཡོ་བྱད་ཅིག་ཡིན།
 
རི་མོ་འདི་ནི“ ཀླུ་མོ་རྟགས་ཅན་” གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་ཀྱི་དཔེ་དབྱིབས་རེད།
           “ ཀླུ་མོ་རྟགས་ཅན་” གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་ནི་རང་རྒྱལ་གྱི་རང་ཉིད་བདག་པོ་བྱས་ཏེ་ཇུས་འགོད་བྱས་པ་ཐོག་མ་དང་། རང་བརྟེན་ཞིབ་བཟོ་བྱས་པའི་ལས་བྱ་འདུས་གྲུབ་ཅན་གྱི་རྒྱ་མཚོ་གཏིང་ཟབ་ཀྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་ཅིག་ཡིན་ཞིང་། དེ་ནི་མིག་སྔར་འཛམ་གླིང་གི་ཁྱབ་ཁོངས་ནང་ཆུར་འཛུལ་ནུས་པ་ཟབ་ཤོས་ཀྱི་ལས་བྱ་ཅན་གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་ཅིག་ཡིན། ཆུར་འཛུལ་ཆེ་ཤོས་ཀྱི་གཏིང་ཚད་སྨི་7000 གྱི་རིམ་པ་ཇུས་འགོད་བྱས་ཡོད།
རི་མོ་འདི་ནི“ ཤར་ཕྱོགས་དམར་“ —LW4004”མ་ལིས་400ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་ཆེ་རིགས་ཡིན།
          ཀྲུང་གོ་རང་གིས་ཞིབ་བཟོ་བྱས་པའི་མ་ལིས400ཅན་གྱི་རིམ་མེད་་འགྲོས་འགྱུར་འདྲུད་འཐེན་འཁོར་ལོ་ཐོག་མ་འདིས་རང་རྒྱལ་གྱིས་མ་ལིས350 ཡན་གྱི་འདྲུད་འཐེན་འཕྲུལ་འཁོར་ཆེ་རིགས་ངེས་པར་དུ་ནང་འདྲེན་བྱེད་དགོས་པའི་ལོ་རྒྱུས་ཀྱི་མཇུག་སྒྲིལ་ཏེ་རྒྱལ་ནང་གི་ལག་རྩལ་སྣ་མང་གི་སྟོང་ཆ་ཁ་སྐོང་བྱས།རྨོ་ཟབ་ཞིང་སོབ་པ། མཉམ་འབྲེལ་ས་ཁོད་སྙོམས་པ་སོགས་ཀྱི་ཁུར་པོ་ལྕི་བའི་ཞིང་ལས་བྱེད་ཐུབ་པས་ཞིང་ལས་གནད་ཁེལ་ཡང་དག་པ་དང་། ཞིང་ལས་ཞིབ་ཕྲའི་དགོས་མཁོ་སྐོང་ཐུབ་པ་རེད།
རིག་ནུས་འཕྲུལ་མིའི་དབྱེ་གསེད་ཀྱི་མ་ལག
          རང་རྒྱལ་གྱི་མྱུར་སྐྱེལ་ཁེ་ལས་ཀྱིས་རང་བརྟེན་ཞིབ་བཟོ་བྱས་པའི་རིག་ནུས་འཕྲུལ་ཆས་མིའི་དབྱེ་གསེད་མ་ལག་ལ“མི་སེར་ཆུང་ཆུང” ཞེས་འབོད་ཅིང་། དེའི་ཁྱད་ཡོན་ནི་རྒྱ་ཁྱོན་ཆུང་བ་དང་། དབྱེ་གསེད་ལས་ཕྱོད་ཆེ་བ་སྟེ། རྩོལ་བྱུང་མི་70% ཉུང་དུ་གཏོང་ཐུབ་པར་མ་ཟད་ཉིན་མཚན་བལྟོས་མེད་ངང་སྐོར་གཡེང་དབྱེ་གསེད་བྱེད་ཐུབ། “མི་སེར་ཆུང་ཆུང”350ཡིས་ཉིན་རེར་མྱུར་སྐྱེལ་བསྐུར་མ་ཁྲི་དྲུག་ཅུ་ལྷག་ཐག་གཅོད་བྱེད་ཐུབ།
          ཚན་རྩལ་གྱི་“ རྒྱ་མཚོའི“ ནང་དུ་ལྟད་མོ་བ་ཚོས་དུས་རྒྱུན་དུ་གཟིགས་སྐོར་གནང་སྟེ་མཐོ་གསར་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་གསར་གཏོད་ཀྱི་སྟོབས་ཤུགས་མྱོང་ཚོར་བྱེད་བཞིན་ཡོད།
འགྲེམས་སྟོན་ཁང་དུ་ལྟད་མོ་བ་ཆུང་ཆུང་ཞིག“ རྒྱ་མཚོའི”མདུན་དུ་ཐང་དུ་ཙོག་སྟེ་སྡོད་པ།

ལྟད་མོ་བ་ཆུང་ཆུང་གིས “རྒྱ་མཚོ་” རྒྱབ་ལྗོངས་བྱས་ཏེ་དྲན་རྟེན་འདྲ་པར་རྒྱག་པ།

ལྟད་མོ་བས་ཡུལ་དངོས་སུ་ཚན་རྩལ་གྱི་སྒྲིག་ཆས་མྱོང་རོལ་བྱེད་པ།
          རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་《 ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས》 སྐོར་གྱི་སྙན་ཞུ་ལྟར་ན། རྒྱལ་ཁབ་ཀྱིས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་། 2016 ལོར། ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་གྲོན་དངུལ་གྱི་གཏོང་སྒོ་ནི་སྒོར་དུང་ཕྱུར་15677ཡིན་ཞིང་། 2012 ལོ་ལས་འཕར་ཚད་52.2% ཟིན་ཡོད་པ་དང་། རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་འབབ་དང་བསྡུར་ཚད་2.11% ཡིན་ཞིང་། 2012 ལོ་ལས་བརྒྱ་ཆའི་གྲངས་0.2 ཡིས་མཐོ་རུ་ཕྱིན་ཡོད། 
          གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་ཕྱིན་ཏེ་འགུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བར་སྐུལ་འདེད་བཏང་། “འབད་བརྩོན་ཡར་སྐུལ་གྱི་ལོ་ལྔ” ཞེས་པའི་འགྲེམས་སྟོན་ཐོག་ལྟད་མོ་བས་མཐོང་བའི་ཐ་སྙད་ཐད་ཀྱི་ཚན་རྩལ་དེ་དག་རྒྱུན་མཐུད་རང་བཞིན་གྱིས་སྤྱི་ཚོགས་དང་དཔལ་འབྱོར་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་སྒུལ་ཤུགས་ཤིག་ཏུ་གྱུར་ཡང་སྲིད།
          ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་དེ་2017ལོའི་ཟླ་1བའི་ཚེས་18ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། “འབད་བརྩོན་ཡར་སྐུལ་གྱི་ལོ་ལྔ” ཞེས་པ་བརྗོད་གཞི་བྱས་པའི་འགྲེམས་སྟོན་ཡང་ཟླ་11 པའི་ཟླ་མཇུག་བར་དུ་རྒྱུན་མཐུད་བྱ་རྒྱུ་རེད། མི་རྣམས་ཀྱི་བསྔགས་བརྗོད་བཟང་པོ་རྒྱུན་ཆད་མེད་པར་རིམ་སྤོར་བྱས་པ་དང་བསྟུན་ནས། ལྟད་མོ་བ་མང་པོ་ཞིག་ཀྱང་པེ་ཅིང་འགྲེམས་སྟོན་ཁང་དུ་ཡོང་སྟེ་ང་ཚོའི་མ་འོངས་པའི་འཚོ་བའི་ཁྲོད་གོ་གནས་གལ་ཆེན་ཟིན་ངེས་པའི་ཚན་རྩལ་གསར་གཏོད་འདི་དག་དང་འབྲེལ་བ་ཟབ་མོ་བྱེད་ངེས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1