བོད་ཀྱི་ལྷ་མོ་འགྲོ་བ་བཟང་མོ་བརྗོད་གཞི་གཙོ་བོར་བྱས་པའི་འཛམ་གླིང་ཐོག་གི་ལྕགས་སྨྱུག་རི་མོ་རིང་ཤོས་ལྷ་སར་འགྲེམས་སྟོན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 10-16


        ཉེ་དུས།  ཏང་གིས་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ། རིག་གནས་ཀྱིས་ཀྲུང་ཧྭ་ལ་བསྟོད་གླུ་འབུལ་ཞེས་པའི་བོད་ཀྱི་ལྷ་མོ་འགྲོ་བ་བཟང་མོ་བརྗོད་གཞི་གཙོ་བོར་བྱས་པའི་འཛམ་གླིང་ཐོག་གི་ལྕགས་སྨྱུག་རི་མོ་རིང་ཤོས་དེ་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་བྱས་པ་རེད། 

        ལྕགས་སྨྱུག་རི་མོ་དེའི་རིང་ཚད་ལ་སྨི་27.42ཡོད་པ་དང་།  དེ་ནི་རི་མོ་མཁས་ཅན་ཧོང་ཅཱ་ལིང་གིས་བོད་ལྗོངས་ཁུལ་གྱི་མཛེས་ལྗོངས་དང་ཡུལ་སྲོལ།  དེ་བཞིན་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚགས་སོགས་ལ་ཞིབ་འཇུག་བྱས་པ་མ་ཟད།  བོད་ཀྱི་ལྷ་མོ་འཁྲབ་མཁན་རྣམས་ལ་འབྲེལ་བ་གང་ཟབ་བྱས་ནས།  ལོ་ངོ་གཅིག་ཙམ་བེད་སྤྱད་དེ་བྲིས་པ་ཞིག་རེད།  བརྩམས་ཆོས་དེའི་ནང་བོད་ཀྱི་ལྷ་མོ་སྲོལ་གཏོད་མཁན་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དང་།  ལྷ་མོའི་འཁྲབ་ཆས།  གདོང་འབག  ལྷ་མོ་འཁྲབ་སྟངས་དེ་བཞིན་ལྷ་མོ་འཁྲབ་ཁུལ་སོགས་བསྡུས་ཡོད།    ལྕགས་སྨྱུག་རི་མོ་དེས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ལ་དགའ་ཞེན་དང་ཞིབ་འཇུག་བྱེད་མཁན་རྒྱལ་ཕྱི་རྒྱལ་ནང་གི་མཁས་དབང་དང་གཟིགས་མོ་བར་གསོན་ཉམས་ལྡན་པའི་ཞིབ་འཇུག་གི་ཡིག་ཆ་ཞིག་མཁོ་འདོན་ཐུབ་ཡོད།།

        ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ཀྱི་ལྷ་མོ་འགྲོ་བ་བཟང་མོ་བརྗོད་གཞིར་བྱས་པའི་ལྕགས་སྨྱུག་གི་རི་མོ་དེ་ལ་ཉེ་དུས་འཛམ་གླིང་གི་ཟིན་ཐོའི་དཔང་ཡིག་ཐོབ་པ་རེད།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1