ཟླ་10ཚེས་16ཉིན་གྱི་དགོང་མོར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་ལྟེ་གནས་གསར་འགྱུར་ཡོངས་བསྒྲགས་ཚོམས་ཁང་(པེ་ཅིང་མའེ་ཏི་ཡ་ལྟེ་གནས་ཀྱི་ཉིས་ཐོག་གི་ནུས་མང་ཚོམས་ཁང་)དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་གསར་འགོད་དུ་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོ་བསུ་བའི་ཆང་སྟོན་འཚོགས་པ་རེད།།