སྤྱི་ཚེས18ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་དང་། བོད་ལྗོངས་ཀྱི་འཐུས་མི་ཚོས་བློ་སྟོབས་ཆེར་སྐྱེད་ངང་ཚོགས་འདུར་ཞུགས་པ་མ་ཟད། བློ་མཐུན་ཞི་ཅིན་ཕིང་ནས་གནང་བའི་སྙན་ཞུ་གཟབ་ནན་ངང་གསན།
འགོ་ཚུགས་ཚོགས་འདུ་གྲོལ་རྗེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་ཏང་ཀྲེ་པུའི་ཧྲུའུ་ཅི་གཞོན་པ། འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཐན་ཧེ་གཡུས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ།