གྲོང་ཚོར་སྤྱོད་བཟང་སྒྲིག་ནན་གྱི་ལྟ་སྐུལ་བ་ཡོད།

རྩོམ་སྒྲིག་པ།ཚེ་དཔལཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-22



        ཟླ་10ཚེས་18ཉིན། “དབྱི་ལན་ཡེ་ཡིས་ས་ཕག་ཁང་པ་སྒྱུར་བཀོད་ལ་འབྲེལ་ཡོད་སྡེ་ཚན་གྱི་ཞིབ་མཆན་ཐོབ་པ་བརྒྱུད། ཉེན་ཡོད་ཁང་པར་སྒྱུར་བཀོད་བྱེད་པའི་ཆ་རྐྱེན་འཛོམས་པའི་ཆོག་མཆན་ཐོབ་པ་དང་། སུའུ་ཡིའུ་མིན་དང་ཧྲི་ཀྲེན་ཧྥེས་མ་མཐའི་འཚོ་བ་འགན་ལེན་གྱི་རེ་ཞུ་བྱས་པར་གྲོང་མིའི་འཐུས་མིའི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བ”སོགས་ཀྲུའུ་ཅུན་གྱིས་བཅར་འདྲི་བྱས་པའི་ཟིན་དེབ་ཁ་ཕྱེ་ནས་ལྟ་སྐབས་ཤོག་གྲངས་ཚང་མར་ཐེམ་དུད་སོ་སོའི་གནད་དོན་འཕེལ་རིམ་སྐོར་གྱི་གནས་ཚུལ་ཁ་གསལ་འཁོད་ཡོད། 
         ཀྲུའུ་ཅུན་ནི་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཁང་ཕིང་རྫོང་ཏུང་ཧྲེང་ཤང་ཏུང་ཧྲེང་གྲོང་ཚོའི་སྤྱོད་བཟང་སྒྲིག་ནན་གྱི་ལྟ་སྐུལ་བ་ཞིག་རེད། ཐེམ་དུད་104ལ་འཚམས་འདྲི་བྱས་པའི་ཞིང་དུད་ཀྱི་གནས་ཚུལ་སྐོར་གླེང་སྐབས། ཁོང་གིས་ཁྱིམ་ནོར་དྲངས་པ་བཞིན་རེ་རེ་ནས་བརྗོད་བྱུང་བ་སྟེ། “སུའུ་ཡིའུ་མིན་ལ་འཁོར་འཛོལ་བྱུང་སྟེ་ལུས་སྨད་ཀྱི་ཚོར་བ་ཉམས་པ་དང་། ཁྱིམ་ལ་ཁོང་དང་བཟའ་ཟླ་ལས་མེད། བུ་མོ་མནའ་མར་ཕྱིན་ནས་ལོ་རེར་བསྙེན་བཀུར་དངུལ་སྒོར་1200སྤྲོད་ཀྱི་ཡོད། ཁྱིམ་གྱི་ཡོང་འབབ་ཚང་མ་མུའུ་དྲུག་གི་ས་ཞིངཆུང་ངུ་དེར་རྟེན་དགོས་པ་དང་། ཁོང་གིས་ཁྱེར་བའི་འཁར་རྒྱུག་ནི་རང་ཉིད་ཀྱིས་རྐུབ་བཀྱག་གི་ཤིང་བསྒྲིགས་ནས་བཟོས་པ་ཞིག་ཡིན་པ་སོགས་འཚོ་བའི་གནས་སྟངས་འདི་འདྲ་ཡིན་རུང་ད་དུང་ངོ་ཚ་བྱས་ནས་མ་མཐའི་འཚོ་བ་འགན་ལེན་འདུན་ཞུ་བྱེད་འདོད་མི་བྱེད” ཀྲུའུ་ཅུན་གྱིས་གནས་ཚུལ་དེ་ཤེས་རྗེས་སྲིད་ཇུས་ངོ་སྤྲོད་ཧུར་ཐག་བྱས་པ་དང་བསམ་བློའི་ལས་དོན་ཡང་འབད་བསྐྱར་འབད་ཀྱིས་བསྒྲུབས་པས་འདི་ལོའི་ཟླ་10པར་གཞི་ནས་སུའུ་ཡིའུ་མིན་གྱིས་མ་མཐའི་འཚོ་བ་འགན་ལེན་འདུན་ཞུ་བྱས། འདི་ལོའི་ཟླ་བདུན་པར་ཧྲེན་དབྱང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་སྤྱོད་བཟང་སྒྲིག་ནན་གྱི་ལྟ་སྐུལ་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་མང་ཚོགས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཆེ་བའི་དམངས་འཚོའི་ཁྱབ་ཁོངས་ཚད་བརྒལ་ཡོང་གཞིར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཚོད་ལྟ་བྱ་ཡུལ་གྲས་སུ་བཞག་པའི་ཁང་ཕིང་རྫོང་དུ་སྤྱོད་བཟང་སྒྲིག་ནན་གྱི་ལྟ་སྐུལ་བ་བསྡུ་བའི་བྱེད་ཐབས་གསར་པ་ལག་ལེན་བསྟར་ཏེ་ལྟ་སྐུལ“བྱེད་ཤུགས”ཆེ་རུ་བཏང་ཞིང་། ད་ཆ་ཀྲུའུ་ཅུན་དང་འདྲ་བའི་ལྟ་སྐུལ་བ་175ཁང་ཕིང་རྫོང་གི་སྲིད་འཛིན་གྲོང་ཚོ་161གི་སྡེ་ཁུལ་14ལ་ཁྱབ་ཡོད།
         “སྤྱོད་བཟང་སྒྲིག་ནན་རྒྱུན་མི་ཆད་པར་བྱས་པས་གྱོད་གཞིའི་ཁུངས་སྣེ་མང་དུ་སོང་སྟེ་ཟིལ་རྔམ་སྤྲོད་ཤུགས་ཆེ་རུ་ཕྱིན་ཡོད”ཅེས་ཟླ་10ཚེས་18ཉིན་ཁང་ཕིང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཝུན་ཝུའེ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ལ་བལྟས་རྗེས་འདི་ལྟར་བཤད་ཅིང་། ཁོང་གིས་སྤྱོད་བཟང་སྒྲིག་ནན་གྱི་ལྟ་སྐུལ་བ་ནི་མྱུལ་ཞིབ་དམག་དང་། རྒྱང་མིག ཆེ་ཤེལ་ལྟ་བུ་ཡིན་པས། ཁང་ཕིང་རྫོང་གིས་ལྟ་སྐུལ་བྱ་བ་དེ་ཁྱབ་ཁོངས་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། དུས་དང་རྣམ་པ་ཀུན་ཏུ་ཁྱབ་ཡོད། རྫོང་སྒྲིག་ཨུད་ལྟ་བཤེར་དང་ཚན་པ་ཁག་གིས་རང་བཤེར་བྱས་པ་ལས་གནད་དོན་3032ཤེས་པ་ལས། སྤྱོད་བཟང་སྒྲིག་ནན་གྱི་ལྟ་སྐུལ་བས་གནད་དོན་236ཤེས་པ་དང་2611ལེགས་སྒྲིག་བྱས་ཤིང་། གནད་དོན་གྱི་ཁུངས་སྣེ་190ཤེས་པ་ལས་སྤྱོད་བཟང་སྒྲིག་ནན་གྱི་ལྟ་སྐུལ་བས་ཁུངས་སྣེ་44ཤེས་ཡོད། གནད་དོན་གྱི་ཁུངས་སྣེ་འདི་དག་བརྒྱུད་རྫོང་ཡོངས་སུ་སྒྲིག་འགལ་གྱི་མ་དངུལ་སྒོར་ཁྲི་44.5འདེད་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་643.7མི་ཕོག་པར་བྱས་པ་དང་། མི་38ཐག་གཅོད་བྱས་པ། ཐག་གཅོད་བྱེད་མཇུག་མ་འགྲིལ་བའི་གྱོད་དོན་གྱི་མི་39ལ་ཏང་སྲིད་དང་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྩིས་ཡོད་པ་བཅས་ལྟ་སྐུལ་གྱི་ཞན་ཆ་གསབ་པ་དེས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཀྱང་རྒྱུན་མི་ཆད་པར་ཆེ་རུ་སོང་ཡོད།
         སྤྱོད་བཟང་སྒྲིག་ནན་གྱིས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལ་འགྱུར་ལྡོག་བྱུང་ལ། མང་ཚོགས་ཀྱི་ཡིད་ཆེས་ཀྱང་སྔར་བས་ཆེ་རུ་སོང་ཞིང་། ཏུང་ཧྲེང་ཤང་ཏུང་ཧྲེང་གྲོང་ཚོར་བསྐྱར་སྒྲིག་བྱས་པའི་རྗེས་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ཐེམ་དུད་དང་ཁྱིམ་ཚང་ལ་འཚམས་འདྲིར་བསྐྱོད་དེ་ཆེད་ལས་འདེབས་འཛུགས་ཀྱི་མཉམ་ལས་ཁང་ལ་སྐུལ་མ་ཧུར་ཐག་བཏང་ནས་གྲོང་ཚོ་ཡོངས་ཀྱི་ས་ཞིང་མུའུ་9736ནས་མུའུ་5200བརྒྱུད་བཤུག་བྱས་ཏེ་2016ལོར་མུའུ་རེའི་ཡོང་འབབ་དེ་ཐོག་མའི་སྒོར་360ནས་སྒོར་800བར་མང་དུ་སོང་ཞིང་། གྲོང་མི་ལན་ལིས་ཀོང་གིས“ཏང་ལ་སྔར་རྒྱུན་བཞིན་ཡིད་ཆེས་བྱེད་དགོས། འདི་ལོའི་ཡོང་འབབ་སྔར་བས་མང་དུ་འགྲོ་བའི་རེ་བ་ཡོད”ཅེས་སེམས་ཤུགས་ཀྱིས་ཁེངས་བཞིན་དུ་བཤད།།


             

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1