དུས་རབས་གསར་པར་བསྐྱོད་ནས་མཉམ་དུ་རྒྱང་བསྐྱོད་གསར་པའི་ལམ་དུ་ཆས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-25


        ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་སི་ཁྲོན་ཞིང་ཆེན་འཐུས་མི་ཚོགས་པས་ཕྲག་ཏུ་སི་ཁྲོན་ཡོངས་ཀྱི་ཏང་ཡོན་ཁྲི་476དང་མི་རིགས་ཁག་གི་མི་དམངས་ཁྲི་9100ཡི་རེ་བ་ཆེན་པོ་ཁུར་ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས་ཆབ་སྲིད་ཀྱི་འགན་འཁུར་བའི་འདུ་ཤེས་ཚད་མཐོན་པོ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་ཀྱིས་ཁེངས་པ། བསམ་བློའི་འཁྱེར་ཕྱོགས་བཟང་བ་བཅས་ཀྱི་སྒོ་ནས་ཁུར་འགན་མཆོག་ཏུ་གྱུར་པ་ལག་བསྟར་ནན་ཏན་དང་འཐུས་མིའི་དབང་ཆ་བེད་སྤྱོད་གང་ལེགས་བྱས་ནས་སི་ཁྲོན་ཞིང་ཆེན་འཐུས་མི་ཚོགས་པའི་དཔའ་ངར་ཆེ་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་ཉམས་འགྱུར་ངོམ་སྟོན་བྱས་ཏེ་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏོང་བའི་ལས་དོན་སྐས་རིམ་གསར་པར་འཛེགས་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། གོང་གི་པར་རིས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་ དཔའ་ངར་ཆེ་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་ཉམས་འགྱུར་ལྡན་པའི་སྒོ་ནས་གཟབ་རྒྱས་ཀྱི་ཚོགས་འདུར་ཞུགས་པ།།

སི་ཁྲོན་ཞིང་ཆེན་འཐུས་མི་ཚོགས་པའི་འཐུས་མི་ཚོ་པེ་ཅིང་འགྲེམས་སྟོན་ཁང་དུ'འབད་འབུངས་ཡར་བརྩོན་གྱི་ལོ་ལྔ'ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ཆེན་པོར་ལྟ་སྐོར་བྱས་ནས་སེམས་ཤུགས་དང་སྤོབས་པ་རབ་ཏུ་བསྐྱེད་པ། 

འཐུས་མི་གཉིས་ཀྱིས་ཚོགས་ཆུང་གི་གྲོས་གླེང་འཚོགས་འདུ་མ་འཚོགས་གོང་ལ་སྤེལ་རེས་བྱེད་བཞིན་པ། 

འཐུས་མི་ལི་ཡུའེ་ཀྲི(གཡོན)དང་ཀྲང་ཁའེ་ཧུའེ་གཉིས་ཀྱིས་དྲ་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་གནས་འཕྲིན་ལ་དོ་ཁུར་བྱེད་བཞིན་པ། 

འཐུས་མི་ཁྲེན་ཞའོ་ལིན(གཡོན་གྱི་གསུམ་པ)གྱིས་གྲོས་གླེང་སྐབས་སུ་གཏམ་བཤད་སྤེལ་བཞིན་པ། 

གཞི་རིམ་ནས་ཡོང་བའི་གྲོང་ཚོའི་ལས་བྱེད་པའི་འཐུས་མི་ཏུང་ཁྲུན་རུང(གཡོན)དང་།  ཅང་དབྱི་ཅ་(དབུས) ཡའོ་ཆིང་ཡིང་(གཡས) ཡུས་ཏེ་ཁྲུན་(རྒྱབ)བཞི་པོས་བཞུགས་གནས་སུ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་གྲོས་གླེང་བྱེད་བཞིན་པ། 

འཐུས་མི་ཝང་ལིའང་ཁྲེང(གཡས)གིས་སི་ཁྲོན་ཚགས་པར་ཚོགས་པའི་པེ་ཅིང་ཐད་གཏོང་ཁང་དུ་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།  

ཚོགས་ཆུང་བགོས་ནས་གྲོས་གླེང་བྱེད་འཇུག་བསྒྲིལ་རྗེས་འཐུས་མི་པེ་ཧྲུའུ་ཧྭ(གཡོན)དང་དགྲ་འདུལ་མཚོ་མོ་(占地斯门)གཉིས་ཀྱིས་མུ་མཐུད་དེ་ཐུན་མོང་དུ་དོ་སྣང་བྱེད་པའི་བརྗོད་གཞིའི་སྐོར་གྲོས་གླེང་བྱེད་བཞིན་པ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1