ན་གོར་མོས་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞིར་ཐོན་མེད་པའི་མི་གྲངས་1064འགན་སྲུང་ལས་ཕྱིར་སློག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-24


      མིག་སྔར། ན་གོར་མོ་གྲོང་ཁྱེར་གྱིས་ཁྱིམ་ཚང་སོ་སོའི་དཔལ་འབྱོར་གྱི་གནས་ཚུལ་ཡང་དག་ལ་ཞིབ་བཤེར་རྒྱུས་ལོན་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། ཁྱོན་བསྡོམས་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞིར་མི་མཐུན་པའི་མི་གྲངས་1064ལྷག་ཞིབ་རྩིས་བྱས་ནས་ཕྱིར་སློག
      2014ལོའི་ཟླ་9བ་ནས་བཟུང་། ན་གོར་མོས་ཕྱོགས་ཡོངས་ནས་མི་དམངས་ཀྱི་དཔལ་འབྱོར་གནས་ཚུལ་ལ་རྩད་ཞིབ་ཡང་དག་བྱེད་པའི་བྱ་འགུལ་སྤེལ་ནས། དམངས་སྲིད་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཁྱིམ་ཚང་229གསར་དུ་སྙན་ཞུ་བརྒྱབ་ཡོད་པའི་མི་གྲངས་606ལྷག་གི་ཡོང་འབབ་དང་རྒྱུ་ནོར་ལ་ཞིབ་རྩིས་བརྒྱབ་ནས་ཚད་གཞི་དང་མི་མཐུན་པའི་མི་58ཕྱིར་སློག་པ་དང་། ཁྱིམ་ཚང་973གྱི་མི་གྲངས་3364ལ་ཞིབ་བཤེར་ནན་མོ་བྱས་ནས་གནས་ཚུལ་གསང་རྒྱ་བྱས་ཡོད་པའི་ཁྱིམ་ཚང་372་ལ་མ་མཐའི་འཚོ་བའི་འགན་སྲུང་ལས་ཕྱིར་སློག ད་དུང་གྲོང་ཁྱེར་ཡོངས་ཀྱི་རྩྭ་སའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དང་མི་མཐུན་པའི་མི་692ཀྱང་མ་མཐའི་འགན་སྲུང་ལས་ཕྱིར་སློག་བྱས།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1