ཨ་རིའི་ཏེ་ཁེ་ས་སི་མངའ་སྡེའི་ལྷོ་རྒྱུད་ཀྱི་མཆོད་ཁང་ཞིག་ལ་མེ་མདའ་རྒྱབ་པའི་དོན་རྐྱེན་བྱུང་ནས་མི་27རྐྱེན་ལམ་དུ་ཕྱིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 11-07


 

        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་5ཉིན་གྱི་སྔ་དྲོ་ཨ་རིའི་ཏེ་ཁེ་ས་སི་མངའ་སྡེའི་ལྷོ་རྒྱུད་ཀྱི་ས་སེ་ལན་སི་ཕུ་ལིན་སི་གྲོང་བརྡལ་གྱི་མཆོད་ཁང་ཞིག་ལ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ཡོད། 

        ཉེན་རྟོག་པས་ས་གནས་དེ་ཁའི་སྨྱན་སྦྱོར་ལས་རིགས་ལ་ར་སྤྲོད་བྱས་པར། མེ་མདའ་བརྒྱབ་པའི་དོན་རྐྱེན་ནང་ཉུང་མཐར་ཡང་མི་27རྐྱེན་ལམ་དུ་ཕྱིན་པ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད། 

        ཉེན་རྟོག་པས་མཆོད་ཁང་ནང་མེ་མདའ་བརྒྱབ་མཁན་སྐྱེས་པ་དེ་བསད་ཡོད། མིག་སྔར་རོགས་སྐྱོབ་མི་སྣ་དང་ཐད་འཕུར་གནམ་གྲུ་ས་ཆ་དངོས་ལ་སླེབས་ཟིན་པ་དང་། རྨས་མ་བསྟུད་མར་ཉེ་འགྲམ་སྨན་ཁང་དུ་བསྐྱལ་ཡོད། ས་སེ་ལན་སི་ཕུ་ལིན་སི་གྲོང་བརྡལ་དེ་ཨ་རིའི་གྲོང་ཁྱེར་ཆེན་པོ་ཧིའུ་སི་ཏུན་ནུབ་རྒྱུད་ཀྱི་སྤྱི་ལེས་300སར་གནས་ཡོད།།







 
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1